རྣམ་དཀར་ལྷ་མོས་བསྒྱུར། མི་དམངས་དྲ་བ། 2015-12-31
བོད་རང་སྐྱོང་ལྗོངས་རིག་དངོས་སྲུང་སྐྱོབ་ཞིབ་འཇུག་ཁང་ནས་ཤེས་རྟོགས་བྱས་པར་གཞིགས་ན། བོད་ལྗོངས་པང་ཁའི་རྗེས་ཤུལ་གནའ་རྫས་རྟོག་ཞིབ་སྔོག་འདོན་ལས་ཀ་ལ་གྲུབ་འབྲས་གལ་ཆེན་ཐོབ་པ་དང་གནའ་རྫས་རྟོག་ཞིབ་རིགས་གཅིག་མཁས་ཅན་གྱིས་རྗེས་ཤུལ་དེ་ནི་རྡོ་ཆས་གསར་མའི་སྔོན་གྱི་རིག་གནས་རྗེས་ཤུལ་ཡིན་པར་གཏན་འཁེལ་བྱས།
པང་ཁའི་རྗེས་ཤུལ་ནི་བོད་ལྗོངས་ལྷོ་ཁ་ས་ཁུལ་ཡར་ལུང་ཆུ་བོའི་རོང་ཁུལ་དུ་གནས་པའི་རྗེས་ཤུལ་གལ་ཆེན་ཞིག་ཡིན་པ་དང་། 1985ལོར་ཚོད་ལྟའི་སྔོག་འདོན་ཐེངས་དང་པོ་བྱས་པ་ནས་བཟུང་། གནའ་རྫས་རྟོག་ཞིབ་ལས་ཀ་མི་སྣས་གནའ་རྫས་རྟོག་ཞིབ་དང་ཚོད་ལྟའི་སྔོག་འདོན། སྔོག་འདོན་བཅས་ཀྱི་ལས་ཀ་མང་པོ་སྤེལ་ཡོད་མོད། འོན་ཀྱང་རྒྱུ་རྐྱེན་སྣ་ཚོགས་ཀྱི་དབང་གིས་ད་ལྟའི་བར་དུ་དཔྱད་གཞིའི་ཡིག་རིགས་དངོས་སུ་འགྲེམ་སྤེལ་བྱེད་མྱོང་མེད།
ཤེས་རྟོགས་བྱུང་བར་གཞིགས་ན། ད་ཐེངས་ཀྱི་གནའ་རྫས་རྟོག་ཞིབ་སྔོག་འདོན་ལས་ཀ་སྤེལ་སྐབས། ཆུ་སིང་རྒྱག་པའི་ཐབས་ལ་བརྟེན་ནས་སྲོག་ཆགས་ཆུང་རིགས་ཀྱི་རུས་པ་དང་། རྩི་ཤིང་གི་སོན། སོལ་ནག་སོགས་ཀྱི་དངོས་དཔེ་འཚོལ་བསྡུ་བྱེད་རྒྱུ་གཙོ་གནད་དུ་བཟུང་བ་དང་། རྗེས་ཤུལ་གྱི་གནས་མཐུན་ས་རིམ་ཁག་གི་ལོ་རབས་སོགས་ཀྱི་གནད་དོན་གཙོ་གནད་ཐོག་ཐག་གཅོད་བྱས་ཡོད། སྔོག་འདོན་ཐུབ་པའི་རིག་གནས་རྗེས་ཤུལ་དངོས་པོར་ལྟ་ཞིབ་རགས་ཙམ་བྱས་པའི་ཐོག་ནས་བལྟས་ཚེ། པང་ཁའི་རྗེས་ཤུལ་ནི་རྡོ་ཆས་གསར་མའི་དུས་མཇུག་གི་སྔོན་གྱི་རིག་གནས་ཀྱི་རྗེས་ཤུལ་ཞིག་ཡིན་པ་རེད། རྗེས་ཤུལ་དེ་གསར་རྙེད་བྱུང་བར་བོད་ཀྱི་གནའ་མིའི་གནས་སྤོ་ཞིབ་འཇུག་དང་བོད་མི་རིགས་ཀྱི་འབྱུང་ཁུངས་འཚོལ་ཞིབ་བྱེད་པ་སོགས་ཀྱི་ཐད་མིག་མཐོང་ལག་ཟིན་གྱི་དཔྱད་གཞིའི་ཡིག་རིགས་མཁོ་འདོན་བྱེད་ཐུབ་རྒྱུ་རེད། གཞན་ཡང་གནའ་རྫས་རྟོག་ཞིབ་དང་སྔོག་འདོན་བྱེད་པའི་བརྒྱུད་རིམ་ནང་རིགས་གཅིག་མཁས་ཅན་གྱིས་ད་དུང་པང་ཁའི་རྗེས་ཤུལ་གནས་ཡུལ་ལ་ས་དཔྱད་ཐིག་ལེན་རིས་འབྲི་བྱས་ནས་གོམ་སྟབས་རྗེས་མར་རྗེས་ཤུལ་གྱི་ཁོར་ཡུག་ཞིབ་འཇུག་ཐད་རྨང་གཞིའི་དཔྱད་གཞི་ཡིག་རིགས་མཁོ་འདོན་བྱ་རྒྱུ་རེད།།
 དོ་སྣང་ཆེ་བའི་རྩོམ།
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10
 རྫ་སྨུག་མཁར་གྱི་མཛེས་དཔལ་ཉམས་སུ་མྱོང་།
 རྫ་སྨུག་མཁར་གྱི་མཛེས་དཔལ་ཉམས་སུ་མྱོང་། སླར་མཇལ་བ།
 སླར་མཇལ་བ། དུར་ཁྲོད་འོག་གི་དྲན་པ།
 དུར་ཁྲོད་འོག་གི་དྲན་པ། མཐོ་རྒྱུགས་ལ་སྦྱར་བའི་མགུར་མ་དགུ་སེང་དྲུག་འགྱུར།
 མཐོ་རྒྱུགས་ལ་སྦྱར་བའི་མགུར་མ་དགུ་སེང་དྲུག་འགྱུར། ཨ་ཕ་དང་ལུག་ཁྱུ།
 ཨ་ཕ་དང་ལུག་ཁྱུ། ༄༅།།ཤིང་ཏོག་གི་དྲི་ཞིམ་ཁྲོད་ཀྱི་བོད་ཁང་དམར་པོ།
 ༄༅།།ཤིང་ཏོག་གི་དྲི་ཞིམ་ཁྲོད་ཀྱི་བོད་ཁང་དམར་པོ། གསར་བརྗེ་རིག་གནས་རྒྱུད་འཛིན་གྱིས།། ཆོས་ལུགས་ཡར་རྒྱས
 གསར་བརྗེ་རིག་གནས་རྒྱུད་འཛིན་གྱིས།། ཆོས་ལུགས་ཡར་རྒྱས ཁུ་བྱུག
 ཁུ་བྱུག ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱིས་ཚོགས་འདུ་འཚོགས
 ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱིས་ཚོགས་འདུ་འཚོགས ལྷ་སར2021ལོའི“ལྷ་མོའི་ཟློས་གར་འཁྲབ་སྟོན་དུས་ཚིགས”སྤེ
 ལྷ་སར2021ལོའི“ལྷ་མོའི་ཟློས་གར་འཁྲབ་སྟོན་དུས་ཚིགས”སྤེ