རྒྱལ་ཡོངས་མི་རིགས་སྐད་ཡིག་ལོ་ཙཱའི་རིག་གཞུང་བགྲོ་གླེང་ཚོགས་འདུ་ཐེངས་བཅུ་དྲུག་པ་བསྡུས།

    མཚོ་སྔོན་བོད་སྐད་རྒྱང་སྒྲོག    2015-11-06

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཉེ་ལམ། ཞིན་ཅང་ཡུ་གུར་རིགས་རང་སྐྱོང་ལྗོངས་མི་རིགས་སྐད་ཡིག་བྱ་བའི་ཨུ་ཡོན་ལྷན་ཚོགས་ཀྱིས་གཙོ་སྒྲུབ་བྱས་པའི་རྒྱལ་ཡོངས་མི་རིགས་སྐད་ཡིག་ལོ་ཙཱའི་རིག་གཞུང་བགྲོ་གླེང་ཚོགས་འདུ་ཐེངས་བཅུ་དྲུག་པ་དེ་ཝུའུ་ལུའུ་མུའུ་ཆི་རུ་བསྡུས་ཤིང་། རྒྱལ་ཡོངས་ཀྱི་ཞིང་ཆེན་དང་གྲོང་ཁྱེར། རང་སྐྱོང་ལྗོངས། རང་སྐྱོང་ཁུལ14ཡི་མི་རིགས20ལྷག་དང་སྐད་ཡིག19ཡི་འཐུས་ཚབ་དང་འབྲེལ་ཡོད་ཆེད་མཁས་པ་དག་གིས་རང་རྒྱལ་མི་རིགས་སྐད་ཡིག་གི་སྲིད་ཇུས་དང་། ལོ་ཙཱའི་གཞུང་ལུགས་དང་ལག་ལེན། མིག་སྔའི་ལོ་ཙཱའི་ཁྲོད་འཕྲད་པའི་གོ་སྐབས་དང་འགྲན་རྩོད་སོགས་ཀྱི་གནད་དོན་ཐད་བགྲོ་གླེང་བྱས།

རྒྱུས་ལོན་པ་ལྟར་ན། རྒྱལ་ཡོངས་མི་རིགས་སྐད་ཡིག་ལོ་ཙཱའི་རིག་གཞུང་བགྲོ་གླེང་ཚོགས་འདུ་ནི་རང་རྒྱལ་མི་རིགས་སྐད་ཡིག་ལོ་ཙཱའི་ཁྱབ་ཁོངས་སུ་ལོ་གཉིས་ལ་ཐེངས་རེར་སྤེལ་བའི་ཚོགས་འདུ་ཆེན་མོ་ཞིག་ཡིན་ཞིང་། ཀྲུང་གོའི་ལོ་ཙཱའི་མཐུན་ཚོགས་མི་རིགས་སྐད་ཡིག་ལོ་ཙཱ་ཨུ་ཡོན་ལྷན་ཚོགས་ཀྱིས་བློ་བཏོན་པ་དང་། ཀྲུང་གོའི་མི་རིགས་སྐད་ཡིག་ལོ་ཙཱ་ཅུའུ་ཡིས་གཙོ་སྒྲུབ་བྱེད་པ་ཞིག་ཡིན། བགྲོ་གླེང་ཚོགས་འདུ་ནི1985ལོའི་ཟླ8པར་ཝུའུ་ལུའུ་མུའུ་ཆི་རུ་ཐེངས་དང་པོར་བསྡུས་པ་ནས་བཟུང་རིམ་པ་སོ་སོའི་མགོ་ཁྲིད་ཀྱིས་ཚད་མཐོན་པོས་མཐོང་ཆེན་བྱས་ལ། ཞིན་ཅང་དང་། བོད་ལྗོངས། མཚོ་སྔོན། ནང་སོག ཅི་ལིན། ཧེ་ལུང་ཅང་། ཀོང་ཞི། ཡུན་ནན། སི་ཁྲོན། ཀོས་ཀྲིག ཀན་སུའུ་སོགས་འབྲེལ་ཡོད་ཞིང་ལྗོངས་ཀྱིས་སྔ་གཞུག་ཏུ་འགན་སྒྲུབ་བྱས་པ་དང་། བགྲོ་གླེང་ཚོགས་འདུ་འདི་རྒྱལ་ཡོངས་མི་རིགས་སྐད་ཡིག་ལོ་ཙཱའི་ཁྱབ་ཁོངས་སུ་མིང་དུ་གྲགས་པའི་རིག་གཞུང་མཚོན་རྟགས་ཤིག་ཏུ་གྱུར།  །

  • ལེ་ཚན་སྔོན་མ།:བོད་ལྗོངས་སུ་དམངས་གཉེར་ལས་རིགས་སློབ་གྲྭའི་ལས་ཞུགས་རྒྱ་ཆེར་བཏང་སྟེ་ཞིང་འབྲོག་ཁུལ་གྱི་བུ་ཕྲུག་ལ་ལས་ཞུགས་ཐབས་ལམ་ཇེ་མང་དུ་བཏང་།
  • ལེ་ཚན་རྗེས་མ།:རྔ་བ་ཁུལ་ཁྱུང་མཆུ་རྫོང་ཨ་མཆོག་གྲོང་རྡལ་གྱི་སྐ་ཆུའི་འབབ་ཡུལ་གྱི་ཁྲུང་ཁྲུང་སྐེ་ནག
  • དོ་སྣང་ཆེ་བའི་རྩོམ།