སི་ཁྲོན་ཞིང་ཆེན་གྱི་དབུལ་ཕོངས་མང་ཚོགས་བརྟན་པོར་ངང་དབུལ་སྒྲོལ་ཐུབ་པར་སྐུལ་འདེད་བཏང་།

        2015-09-30

ཉེ་སྔོན།ཞིང་ཆེན་ཏང་ཨུའི་གཞུང་དོན་ཐིང་དང་ཞིང་ཆེན་སྲིད་གཞུང་གཞུང་དོན་ཐིང་གིས་《སི་ཁྲོན་ཞིང་ཆེན་གྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་དབུལ་སྐྱོར་ཆེད་དམིགས་ཀྱི་ཇུས་གཞི།》སོགས་དབུལ་སྐྱོབ་ཀྱི་ཆེད་སྤྱོད་10དང་ཇུས་གཞི་བརྡ་ཐོ་བཀྲམས་པ་དང་།དེས་རང་རེ་ཞིང་ཆེན་གྱི་དབུལ་སྐྱོར་འགག་སྒྲོལ་གྱི་བཀོལ་སྤྱོད་ལག་དེབ་དངོས་སུ་བཏོན་པ་མཚོན་ཡོད།ཇུས་གཞིའི་རྨང་གཞི་སྒྲིག་བཀོད་10ཡི་ནང་རྨང་གཞིའི་འཛུགས་སྐྲུན་དབུལ་སྐྱོར་དང་ཆེད་སྤྱོད་དབུལ་སྐྱོར།ཐོན་ལས་དབུལ་སྐྱོར།གྲོང་གསེབ་གསར་པ་འཛུགས་སྐྲུན་དབུལ་སྐྱོར།སློབ་གསོ་དང་ལས་ཞུགས་དབུལ་སྐྱོར།སྐྱེ་ཁམས་འཛུགས་སྐྲུན་དབུལ་སྐྱོར།སྨན་བཅོས་འཕྲོད་བསྟེན་དང་འཆར་ལྡན་བུ་བཙའི་དབུལ་སྐྱོར།རིག་གནས་དམངས་ཕན་དབུལ་སྐྱོར།སྤྱི་ཚོགས་འགན་སྲུང་དབུལ་སྐྱོར།སྤྱི་ཚོགས་ཀྱི་དབུལ་སྐྱོར་དང་ནོར་སྲིད་དང་དངུལ་རྩའི་དབུལ་སྐྱོར་སོགས་ཀྱི་ནང་དོན་འདུས་ཡོད་ལ།རང་རེའི་ཞིང་ཆེན་གྱི་དབུལ་སྐྱོར་འགག་སྒྲོལ་དང་འབྲེལ་བ་ཡོད་པའི་ཕྱོགས་གང་ཅིའི་ཐད་དབུལ་པོའི་ས་ཁུལ་ཁྱོན་ཡོངས་ནས་དབུལ་ཕོངས་མང་ཚོགས་དབུལ་སྒྲོལ་བརྟན་པོ་བྱུང་བ་དང་ཞིང་ཆེན་ཡོངས་ཀྱི་ཁྱོན་ཡོངས་ནས་འབྱོར་འབྲིང་གི་གོམ་སྟབས་མགྱོགས་སུ་གཏང་རྒྱུ་རེད།ཇུས་གཞི་ཡི་གྲུབ་ཆ་གཙོ་བོར་རྩ་བའི་ཁྱབ་ཁོངས་ཁག་དང་།དམིགས་ཚད་ལས་འགན།ལས་རིམ་བཀོད་སྒྲིགསྲིད་ཇུས་དང་བྱེད་ཐབས་འགན་སྲུང་བླང་བྱ་ཁག་ལྔ་ལས་གྲུབ་པ་ཡིན།དེའི་ཁྲོད་དུ་དབུལ་སྐྱོར་བྱ་ཡུལ་གྱི་ཁྱབ་ཁོངས་གཙོ་བོ་དེ་ཞིང་ཆེན་ཡོངས་ཀྱི་དབུལ་པོའི་གྲོང་ཚོ་11501དང་གྲོང་གསེབ་ཀྱི་དབུལ་ཕོངས་མི་འབོར་ཁྲི497.65 ཡང་ན་དེའི་ནང་གི་དམིགས་བསལ་ཚོགས་སྤྱི་གཙོ་བོར་བརྟེན་ནས་པཱ་ཧྲན་རི་ཁུལ་དང་ཝུའུ་མེང་རི་ཁུལ།ལེའང་ཧྲན་ཆེ་བ་དང་ཆུང་བའི་དབྱིས་རིགས་ས་ཁུལ།མཐོ་སྒང་གི་བོད་རིགས་ས་ཁུལ་ཏེ་ས་ཁུལ་ཆེ་གྲས་བཞིའི་རྫོང་88གཙོ་གནད་ཁུལ་གྱི་ཁོངས་སུ་འདུས།འགན་འཁུར་བས་ངོ་སྤྲོད་བྱས་པ་ལྟར་ན།དབུལ་སྐྱོབ་ཀྱི་ཆེད་སྤྱོད་འཆར་གཞི་10 ཚང་མ་ལོ་ལྔའི་འཆར་གཞི་བཅུ་གསུམ་པའི་དབུལ་སྐྱོར་འཆར་འགོད་དང་ཞིང་ཆེན་ཡོངས་ཀྱི་རྒྱལ་དམངས་དཔལ་འབྱོར་སྤྱི་ཚོགས་གོང་འཕེལ་གཏང་རྒྱུའི་ལོ་ལྔའི་འཆར་གཞི་བཅུ་གསུམ་པའི་འཆར་འགོད་ནང་འཇུག་ཡོད།ཚོད་རྩིས་རགས་ཙམ་བྱས་པར་གཞིར་ན།ཇུས་གཞི་བསྡོམས་འབོར་སྔོན་དཔག་བྱས་ན་ནོར་སྲིད་ཀྱི་མ་དངུལ་སྒོར་དུང་ཕྱུར་1400 ལྷག་ཙམ་ལ་སླེབས་ཡོད།།

  • ལེ་ཚན་སྔོན་མ།:སྐབས་གཉིས་པའི་ཡུལ་སྐོར་བཤམ་སྟོན་ཚོགས་འདུ་སྤེལ་བ།
  • ལེ་ཚན་རྗེས་མ།:འཁྲབ་ཁྲིད་པ་ཟོན་ཐར་རྒྱལ་གྱི་གློག་བརྙན་《གཙང་པོ།》གཏོང་བ་དང་གཟིགས་མོ་བའི་ཐུག་འཕྲད་འདུ་ཚོགས་ཀྱི་བྱེད་སྒོ་ལྷ་སར་སྤེལ།
  • དོ་སྣང་ཆེ་བའི་རྩོམ།