བོད་ལྗོངས་ཀྱི་སྒྲ་འཇུག་མཁན་ཆེད་ལས་སྦྱོང་བརྡར་འཛིན་གྲྭ་སྐབས་དང་པོའི་སློབ་ཁྲིད་བྱེད་འགོ་བརྩམས་པ།

    བོད་ལྗོངས་འཕྲིན་དྲ།    2015-09-18

བོད་ལྗོངས་ཀྱི་སྒྲ་འཇུག་མཁན་ཆེད་ལས་སྦྱོང་བརྡར་འཛིན་གྲྭ་སྐབས་དང་པོའི་སློབ་ཁྲིད་བྱེད་འགོ་བརྩམས་པ།

སྐབས་དང་པོའི་བོད་ཀྱི་སྒྲ་འཇུག་པའི་ཆེད་ལས་སྦྱོང་བརྡར་འཛིན་གྲྭ་སློབ་ཁྲིད་བྱེད་འགོ་བརྩམས་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ9བའི་ཚེས10ཉིན། བོད་ལྗོངས་དཔེ་མཛོད་ཁང་གིས་སྒྲིག་འཛུགས་བྱས་པའི་བོད་ལྗོངས་ཀྱི་སྒྲ་འཇུག་མཁན་ཆེད་ལས་སྦྱོང་བརྡར་འཛིན་གྲྭ་སྐབས་དང་པོ་སློབ་ཁྲིད་བྱེད་འགོ་བརྩམས་པ་རེད། ཐེངས་འདིའི་སྦྱོང་བརྡར་འཛིན་གྲྭ་བཙུགས་པའི་དམིགས་ཡུལ་ནི། རྒྱལ་ཡོངས་ཀྱི་རིག་གནས་ཆ་འཕྲིན་ཐོན་ཁུངས་མཉམ་སྤྱོད་བཟོ་སྐྲུན་གྱི་བོད་ལྗོངས་ཡན་ལག་ལྟེ་གནས་ཀྱི་ས་གནས་ཀྱི་ཁྱད་ཆོས་ལྡན་པའི་ཐོན་ཁུངས་འཛུགས་སྐྲུན་ཁྱོན་ཡོངས་ཀྱི་སྤུས་ཚད་སྔར་ལས་མཐོར་འདེགས་གཏོང་རྒྱུ་དང་། གེ་སར་སྒྲ་ཟློས་ཐོན་ཁུངས་འཛུགས་སྐྲུན་གྱི་སྒྲ་འཇུག་སྒྲིག་བཟོའི་ཆུ་ཚད་མཐོར་འདེགས་གཏོང་རྒྱུ་དེ་རེད།

སྦྱོང་བརྡར་འཛིན་གྲྭས་ཡིད་དབང་འཕྲོག་པའི་བོད་ལྗོངས་ཞེས་པའི། ཞབས་བྲོའི་ཟློས་གར་གྱི་རོལ་དབྱངས་རྩོམ་པ་པོ་དང་། བོད་ལྗོངས་བོད་ཡུལ་རིག་གནས་སྨྱན་སྦྱོར་ཚད་ཡོད་ཀུང་སི་ནས་ཕེབས་པའི་སུང་ཞའོ་ཅུན་གདན་འདྲེན་ཞུས་ནས། བོད་ལྗོངས་དཔེ་མཛོད་ཁང་དང་། རླུང་རྟ་སྨྱན་སྦྱོརཚད་ཡོད་ཀུང་སི། བོད་ལྗོངས་ལྷ་མོ་ཚོགས་པ། བོད་ལྗོངས་གཏམ་བརྗོད་ཟློས་གར་ཚོགས་པ། བོད་ལྗོངས་མང་ཚོགས་སྒྱུ་རྩལ་ཁང་། བོད་ལྗོངས་བརྙན་འཕྲིན་ལས་ཁུངས་སོགས་ནས་ཕེབས་པའི་འབྲེལ་ཡོད་ལས་བྱེད་མི་སྣ15ལ་སྐད་དུང་གི་སྒྱུ་རྩལ་དང་། སྒྲ་འབེབས་སྒྲ་རིག་པ། སྒྲ་འབེབས་སྨྱན་རྫས་རིམ་འགྱུར། སྒྲ་ཕབ་བརྩམས་ཆོས་ཕུལ་བྱུང་རོལ་བ་དང་དབྱེ་ཞིབ། སྒྲ་འཇུག་ལག་ལེན་སོགས་བྱེད་རྒྱུ་ནང་དོན་གཙོ་བོར་དམིཊ་ནས་ཉིན་ལྔའི་རིང་གི་སྦྱོང་བརྡར་བྱེད་རྒྱུ་ཡིན། སྦྱོང་བརྡར་དེས་གེ་སར་གྱི་སྒྲ་ཟློས་ཐོན་ཁུངས་ཀྱི་འཛུཊ་སྐྲུན་ལ་དགེ་མཚན་ལྡན་པའི་སྐུལ་འདེད་ཀྱི་ནུས་པ་ཐོན་སྲིད།།

བོད་ལྗོངས་ཀྱི་སྒྲ་འཇུག་མཁན་ཆེད་ལས་སྦྱོང་བརྡར་འཛིན་གྲྭ་སྐབས་དང་པོའི་སློབ་ཁྲིད་བྱེད་འགོ་བརྩམས་པ།

སྐབས་དང་པོའི་བོད་ཀྱི་སྒྲ་འཇུག་པའི་ཆེད་ལས་སྦྱོང་བརྡར་འཛིན་གྲྭ་སློབ་ཁྲིད་བྱེད་འགོ་བརྩམས་པ།

བོད་ལྗོངས་ཀྱི་སྒྲ་འཇུག་མཁན་ཆེད་ལས་སྦྱོང་བརྡར་འཛིན་གྲྭ་སྐབས་དང་པོའི་སློབ་ཁྲིད་བྱེད་འགོ་བརྩམས་པ།

སྐབས་དང་པོའི་བོད་ཀྱི་སྒྲ་འཇུག་པའི་ཆེད་ལས་སྦྱོང་བརྡར་འཛིན་གྲྭ་སློབ་ཁྲིད་བྱེད་འགོ་བརྩམས་པ།

  • ལེ་ཚན་སྔོན་མ།:ལོ50ཡི་རིང་ལ་རྒྱལ་ཁབ་ཀྱིས་བོད་ལྗོངས་ཀྱི་སློབ་གསོའི་ཐད་མ་དངུལ་སྒོར་དུང་ཕྱུར858བཏང་།
  • ལེ་ཚན་རྗེས་མ།:སྐྱེས་མའི་འཁྲབ་ཁྲིད་པ་བདུད་རྩི་སྐྱིད་ཀྱི་བརྩམས་ཆོས་ལ་བྱ་དགའ་ཐོབ།
  • དོ་སྣང་ཆེ་བའི་རྩོམ།