ཀྲུང་གོ་བོད་ཀྱི་དྲ་བ། 2015-09-08
ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ལམ་བོད་ལྗོངས་གཞིས་རྩེ་གྲོང་ཁྱེར་གྱིས་སྐབས་གཉིས་པའི་རིག་གནས་འཕེལ་རྒྱས་གླེང་སྟེགས་བསྡུས་ཤིང་། ཐེངས་འདིའི་གླེང་སྟེགས་ཀྱི་དམིགས་ཡུལ་ནི་གཞིས་རྩེ་གྲོང་ཁྱེར་གྱི་རིག་གནས་ཐོན་ལས་འཕེལ་རྒྱས་ཐད་ཀྱི་གནད་དོན་ལ་དམིགས་ནས་ཆེད་མཁས་པ་དང་རིག་གནས་པའི་ཆ་ནས། གཞིས་ཀ་རྩེའི་རིག་གནས་འཕེལ་རྒྱས་ལ་དབྱེ་ཞིབ་བྱས་ཏེ། རིག་གནས་ཐོན་ལས་འཕེལ་རྒྱས་ཀྱི་བསམ་ཕྱོགས་གསར་པ་དཔྱད་བསྡུར་དང་། རིག་གནས་ཐོན་ལས་ཚན་རིག་དང་མཐུན་པར་འཕེལ་རྒྱས་བྱུང་བར་མཛུབ་སྟོན་གནང་བ་རེད།
གླེང་སྟེགས་སྟེང་བོད་རང་སྐྱོང་ལྗོངས་སྤྱི་ཚོགས་ཚན་རིག་ཞིབ་འཇུག་ཁང་གི་ཆེད་མཁས་པ་དང་ཀྲུང་གོའི་མི་རིགས་ལོ་རྒྱུས་སློབ་ཚོགས་ཀྱི་ཚོགས་གཙོ་གཞོན་པ། ཀྲུང་གོའི་ལོ་རྒྱུས་རིག་པའི་ཞིབ་འཇུག་ཚོགས་པའི་ལས་འཛིན་དང་། ཅན་ཆའོ་སློབ་ཆེན་གྱི་འཚམས་འདྲི་མཁས་པ་པ་སངས་དབང་འདུད་ནས་ཆེད་ལས་ལོ་རྒྱུས་དང་རིག་གནས་ཐད་ཀྱི་སྲོལ་རྒྱུན་གྱི་རིག་གནས་གསར་སྤེལ་དང་སྔོག་འདོན། སྲུང་སྐྱོབ་ཕྱོགས་ཀྱི་བསམ་འཆར་ཞིབ་ཕྲ་བཏོན། བོད་ལྗོངས་སློབ་ཆེན་ཚན་རིག་ཞིབ་འཇུག་ཁྲུའུ་ཡི་ཁྲུའུ་ཀྲང་དང་། དཔལ་འབྱོར་དང་རིག་གནས་ཞིབ་འཇུག་ལྟེ་གནས་ཀྱི་ཀྲུའུ་རེན། འབུམ་རམས་པའི་ཞིབ་འཇུག་སློབ་མའི་སློབ་དཔོན་དང་དགེ་རྒན་ཆེན་མོ་ཐུབ་བསྟན་མཁས་གྲུབ་ཀྱིས་གཞིས་ཀ་རྩེ་བོད་ལྗོངས་ཀྱི་ས་ཁུལ(གྲོང་ཁྱེར)བདུན་ཁྲོད་ཀྱི་ས་བབ་གནས་ཡུལ་དང་། ཀྲུང་དབྱང་གི་ཐེངས་དྲུག་པའི་བོད་ལྗོངས་ཀྱི་ལས་དོན་བཞུགས་མོལ་ཚོགས་འདུའི་དགོངས་དོན་དང་ཟུང་འབྲེལ་བྱས་ཏེ་རྣམ་པ་མི་འདྲ་བའི་སྒོ་ནས་གཞིས་ཀ་རྩེ་གྲོང་ཁྱེར་གྱིས་རྒྱལ་མཚམས་བརྒལ་བའི་གནས་སྐོར། མཐའ་མཚམས་གནས་སྐོར་བྱ་བ་ལེགས་པོར་སྒྲུབ་པའི་དགེ་མཚན་ལྡན་པའི་ཆ་རྐྱེན་བརྗོད་དེ། འཛུགས་སྐྲུན་རང་བཞིན་གྱི་བསམ་འཆར་བཏོན་པ་རེད། །
 དོ་སྣང་ཆེ་བའི་རྩོམ།
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10
 རྫ་སྨུག་མཁར་གྱི་མཛེས་དཔལ་ཉམས་སུ་མྱོང་།
 རྫ་སྨུག་མཁར་གྱི་མཛེས་དཔལ་ཉམས་སུ་མྱོང་། སླར་མཇལ་བ།
 སླར་མཇལ་བ། དུར་ཁྲོད་འོག་གི་དྲན་པ།
 དུར་ཁྲོད་འོག་གི་དྲན་པ། མཐོ་རྒྱུགས་ལ་སྦྱར་བའི་མགུར་མ་དགུ་སེང་དྲུག་འགྱུར།
 མཐོ་རྒྱུགས་ལ་སྦྱར་བའི་མགུར་མ་དགུ་སེང་དྲུག་འགྱུར། ཨ་ཕ་དང་ལུག་ཁྱུ།
 ཨ་ཕ་དང་ལུག་ཁྱུ། ༄༅།།ཤིང་ཏོག་གི་དྲི་ཞིམ་ཁྲོད་ཀྱི་བོད་ཁང་དམར་པོ།
 ༄༅།།ཤིང་ཏོག་གི་དྲི་ཞིམ་ཁྲོད་ཀྱི་བོད་ཁང་དམར་པོ། གསར་བརྗེ་རིག་གནས་རྒྱུད་འཛིན་གྱིས།། ཆོས་ལུགས་ཡར་རྒྱས
 གསར་བརྗེ་རིག་གནས་རྒྱུད་འཛིན་གྱིས།། ཆོས་ལུགས་ཡར་རྒྱས ཁུ་བྱུག
 ཁུ་བྱུག ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱིས་ཚོགས་འདུ་འཚོགས
 ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱིས་ཚོགས་འདུ་འཚོགས ལྷ་སར2021ལོའི“ལྷ་མོའི་ཟློས་གར་འཁྲབ་སྟོན་དུས་ཚིགས”སྤེ
 ལྷ་སར2021ལོའི“ལྷ་མོའི་ཟློས་གར་འཁྲབ་སྟོན་དུས་ཚིགས”སྤེ