བོད་ལྗོངས་དང་ཞིང་ཆེན་བཞིའི་བོད་རིགས་ས་ཁུལ་གྱི་ལས་བྱེད་མང་ཚོགས་ཚོས་ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་དྲུག་པའི་དགོངས་དོན་ལ་གྲོས་བསྡུར་འཁྲུག་པོ་བྱས།

    མཚོ་སྔོན་བོད་སྐད་རྒྱང་སྒྲོག    2015-09-02

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ལམ། མཚོ་སྔོན་ཞིང་ཆེན་ཏང་ཨུས་རྒྱུན་ལས་རྒྱ་བསྐྱེད་གྲོས་ཚོགས་བསྡུས་ནས། ཀྲུང་དབྱང་གི་བོད་ལྗོངས་བྱ་བའི་བཞུགས་མོལ་ཚོགས་འདུ་ཐེངས་དྲུག་པའི་དགོངས་དོན་བརྒྱུད་སྒྲོག་དང་སློབ་སྦྱོང་བྱས་པ་དང་། མཚོ་སྔོན་ཞིང་ཆེན་གྱིས་སློབ་སྦྱོང་དྲིལ་སྒྲོག་དང་ལག་ལེན་མཐར་ཕྱིན་བྱེད་པའི་བསམ་འཆར་ལ་ཞིབ་འཇུག་བྱས། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ལོ་ཧོས་ཉིན་གྱིས་གྲོས་ཚོགས་ལ་མགོ་འཛིན་བྱས།

ཚོགས་ཐོག་ནས་བསྟན་དོན། ཀྲུང་དབྱང་བོད་ལྗོངས་བྱ་བའི་བཞུགས་མོལ་ཚོགས་འདུ་ཐེངས་དྲུག་པས། ཏང་དང་རྒྱལ་ཁབ་ཀྱི་བྱ་བ་ཡོངས་ལ་དམིགས་ནས། གཅིག་གྱུར་འཆར་འགོད་དང་ཕྱོགས་ཡོངས་ལ་ལྟ་རྟོག་བྱེད་པ་དང་རིགས་བགར་ནས་མཛུབ་སྟོན་བྱེད་པ་གཉིས་ཟུང་འབྲེལ་བྱེད་རྒྱུ་རྒྱུན་འཁྱོངས་བྱས་ཏེ། བོད་ལྗོངས་དང་ཞིང་ཆེན་བཞིའི་བོད་ཁུལ་བྱ་བའི་མཛུབ་སྟོན་བསམ་བློ་དང་དམིགས་འབེན་རེ་བ། བྱེད་ཐབས་གཙོ་བོ་གཏན་ཁེལ་སྔར་ལས་གསལ་བོ་བྱས་པ་དང་། ང་ཚོས་བཞུགས་མོལ་ཚོགས་འདུའི་དགོངས་དོན་ལ་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བྱེད་རྒྱུ་དེ་ཆབ་སྲིད་ལས་འགན་ཆེན་པོ་ཞིག་ཏུ་བརྩིས་ནས། དེའི་དོན་སྙིང་གལ་ཆེན་ལ་རྒྱུས་ལོན་ཡང་དག་དང་ཁོང་དུ་ཆུད་པར་བྱེད་པ་དང་། བསམ་བློ་དང་འགུལ་སྐྱོད་གཉིས་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་སྟེང་གཅིག་གྱུར་བྱས་ཏེ། མུ་མཐུད་ནས་མཚོ་སྔོན་བོད་ཁུལ་གྱི་བྱ་བའི་རྣམ་པ་གསར་བ་གསར་སྐྲུན་བྱེད་དགོས་ཟེར།

ཚོགས་ཐོག་ནས་ནན་གྱིས་བསྟན་དོན། བཞུགས་མོལ་ཚོགས་འདུའི་དགོངས་དོན་ལག་ལེན་མཐར་ཕྱིན་བྱེད་ན། མིག་སྔར་བརྒྱུད་སྒྲོག་དང་སློབ་སྦྱོང་ནན་མོ་བྱེད་པ་དང་། དྲིལ་སྒྲོག་ཤུགས་ཆེན་བྱེད་པ། རྟོག་ཞིབ་གཏིང་ཟབ་བྱེད་པ། སྲིད་ཇུས་སྦྲེལ་མཐུད་བྱེད་པར་ཤུགས་སྣོན་པ། ལས་གཞི་ཐད་ཀྱི་ཡིག་ཐོག་སྙན་ཞུ་བྱེད་པ། ཁ་གཏད་རོགས་སྐྱོར་ལ་གྲོས་མོལ་བྱེད་པ་སོགས་ཀྱི་བྱ་བར་དམ་འཛིན་བྱེད་དགོས། མགོ་ཁྲིད་ལ་ཤུགས་བསྣན་ནས། འབྲེལ་ཡོད་སྡེ་ཁག་དང་ས་གནས་ཀྱི་འགན་ཁུར་བློ་མཐུན་གཙོ་བོས་དངོས་སུ་དམ་འཛིན་བྱེད་པ་དང་། བོད་ལྗོངས་བྱ་བའི་བཞུགས་མོལ་ཚོགས་འདུ་ཐེངས་དྲུག་པའི་དགོངས་དོན་ལ་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བྱེད་པ་དང་ཀྲུང་དབྱང་དང་མཚོ་སྔོན་གྱི་མི་རིགས་བྱ་བའི་གྲོས་ཚོགས་དང་། འཐབ་ཕྱོགས་གཅིག་གྱུར་བྱ་བའི་གྲོས་ཚོགས་ཀྱི་དགོངས་དོན་ལ་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བྱེད་པ་གཉིས་ཟུང་འབྲེལ་བྱས་ཏེ། དམ་འཛིན་དང་གོ་དོན་མཐིལ་རྟོགས་བྱེད་དགོས་ཟེར།

ཚོགས་ཐོག་ནས་ཟླ་དགུ་བར་ཞིང་ཆེན་ཡོངས་ཀྱི་བོད་ཁུལ་བྱ་བའི་གྲོས་ཚོགས་བསྡུས་ནས། ཀྲུང་དབྱང་གི་དགོངས་དོན་སྔར་ལས་ལག་ལེན་མཐར་ཕྱིན་བྱེད་པ་དང་། མཚོ་སྔོན་ཞིང་ཆེན་གྱི་བོད་ཁུལ་གྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་དང་ཡུན་སྐྱོང་བདེ་འགོད་ཐད་ཁྱོན་ཡོངས་ནས་བཀོད་སྒྲིག་ཞིབ་མོ་བྱེད་རྒྱུའི་ཐག་བཅད།

ཞིང་ཆེན་ཡོངས་ཀྱི་ཞིང་ཆེན་རིམ་པ་གཞོན་པ་ཡན་གྱི་ཏང་ཡོན་མགོ་ཁྲིད་དང་ལས་བྱེད་པ་གྲོས་ཚོགས་ལ་ཞུགས།

  • ལེ་ཚན་སྔོན་མ།:གླུ་བ་གདུགས་དཀར་ཡག་གི་བོད་ཁུལ་གྱི་བསྐོར་བསྐྱོད་གླུ་ཚོགས་ཐོག་མ་ཀན་ལྷོར་སྤེལ།
  • ལེ་ཚན་རྗེས་མ།:ལོ50ཡི་རིང་ལ་རྒྱལ་ཁབ་ཀྱིས་བོད་ལྗོངས་ཀྱི་སློབ་གསོའི་ཐད་མ་དངུལ་སྒོར་དུང་ཕྱུར858བཏང་།
  • དོ་སྣང་ཆེ་བའི་རྩོམ།