བོད་ལྗོངས་ཉིན་རེའི་ཚགས་པར། 2016-08-31
ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ8ཚེས25ཉིན་ཆབ་མདོ་གྲོང་ཁྱེར་གྱི་གཙང་གསུམ་ཇ་རྟའི་རིག་གནས་སྒྱུ་རྩལ་དུས་ཆེན་སྐབས་གཉིས་པ་ཆབ་མདོ་གྲོང་ཁྱེར་ལུས་རྩལ་ཐང་དུ་མཇུག་འགྲིལ་བ་རེད།
ཉིན6རིང་།“ལོ་ངོ་སྟོང་གི་གནའ་ཉམས·སྔོ་ལྗང་གི་ཆབ་མདོ”ཞེས་པའི་བརྗོད་བྱ་གཙོ་བོ་སྐྱེ་བོ་ཀུན་གྱི་སེམས་སུ་ཟུག་ནས་ཆབ་མདོའི་ཤུགས་རྐྱེན་ཐེབས་ཤུགས་ཉིན་རེ་བཞིན་ཆེ་རུ་ཕྱིན་ཏེ་དཔལ་འབྱོར་དང་། ཡུལ་སྐོར། རིག་གནས་བཅས་ཚང་མ་འཁྲུག་པོ་བྱུང་བ་དང་། སྒྱུ་རྩལ་དུས་ཆེན་རིང་ཕྱོགས་བཞི་མཚམས་བརྒྱད་ཀྱི་ཚོང་དུད་མང་པོས་ཚོང་རྫས་སྣ་ཁ་ཆིག་སྟོང་ཙམ་འགྲེམས་འཚོང་བྱས་པར་གན་འཇོག་རྣམ་གྲངས34དང་གན་འཇོག་མ་དངུལ་སྒོར་དུང་ཕྱུར127ཟིན་པ་དང་། སི་ཁྲོན་དང་། ཡུན་ནན། བོད་ལྗོངས། མཚོ་སྔོན་བཅས་འབྲེལ་མཚམས་ཀྱི་བོད་རིགས་ས་ཁུལ་གྱི་ཧྲི་ཀྲང་དང་ཀྲོའུ་ཀྲང་གི་མཉམ་འབྲེལ་གྲོས་ཚོགས་ཐེངས་གཉིས་པ་འཚོགས་ནས་འཕེལ་རྒྱས་གཏོང་སྟངས་སྒྱུར་བཅོས་དང་། སྣོད་བཅུད་འཛུགས་སྐྱོང་། འགྲིམ་འགྲུལ་འཛུགས་སྐྲུན། རིག་གནས་འཕེལ་རྒྱས་བཅས་ཀྱི་ལས་དོན་ལ་སྐུལ་འདེད་གཏོང་བའི་འཆར་གཞིར་མིང་རྟགས་བཀོད་པ་མ་ཟད། ད་དུང“གྲོང་ཁྱེར་གཅིག་དང་ཀྲོའུ་ལྔའི”ཐབས་ལམ་མང་པོ་དང་། རིམ་པ་གཏིང་ཟབ། ཁྱབ་ཁོངས་རྒྱ་ཆེ་བ། ཁྱོན་ཡོངས་བཅས་ཀྱི་མཉམ་ལས་རྣམ་པ་གསར་པ་བཏོད་པ། སྒྱུ་རྩལ་དུས་ཆེན་ལས་མི་རིགས་དབར་གྱི་འབྲེལ་འདྲིས་དང་། སྤེལ་རེས། མཉམ་འདྲེས་བཅས་ལ་སྐུལ་འདེད་ཐེབས་པ་མ་ཟད། མི་རིགས་ཁག་གི་མི་དམངས་མང་ཚོགས་ཀྱི་ཉིན་བཞིན་ཆེ་རུ་འགྲོ་བཞིན་པའི་རིག་གནས་དགོས་མཁོ་ཡང་བསྐངས་ནས“གཟབ་རྒྱས་དང་། བདེ་འཇགས། བསྲི་ཚགས། རིམ་ལྡན”བཅས་ཀྱི་དུས་ཆེན་གཉེར་བའི་རྩ་དོན་བརྩི་སྲུང་ཞུས་ཡོད་པ་རེད། །
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10