ལོ་ལྔའི་འཆར་གཞི་བཅུ་གསུམ་པའི་སྐབས་སུ་ཞིང་ལས་འཕེལ་རྒྱས་དངུལ་ཁང་གིས་ཀུའེ་ཀྲོའུ་ལ་དབུལ་སྐྱོར་དངུལ་བུན་སྒོར་དུང་ཕྱུར1500གཏང་འཇོག་བྱ་རྒྱུ།
གངས་སྐྱིད་ཀྱིས་བསྒྱུར། 2016-07-13
ཞིན་ཧྭ་གསར་འགྱུར་ཁང་ཀུའེ་དབྱང་ནས་ཉེ་ཆར་འབྱོར་བའི་གཏམ་གསར། ཀྲུང་གོ་ཞིང་ལས་འཕེལ་རྒྱས་དངུལ་ཁང་གི་ཀུའེ་ཀྲོའུ་ཞིང་ཆེན་ཡན་ལག་དངུལ་ཁང་ནས་ཤེས་རྟོགས་བྱུང་བར་གཞིགས་ན། ཞིང་ལས་འཕེལ་རྒྱས་དངུལ་ཁང་གིས་ལོ་ལྔའི་འཆར་གཞི་བཅུ་གསུམ་པའི་སྐབས་སུ་མ་དངུལ་སྒོར་དུང་ཕྱུར1500ཡན་ཆད་གཏོང་འཇོག་བྱས་ཏེ་གཙོ་གནད་དུ་ཀུའེ་ཀྲོའུ་ཞིང་ཆེན་གྱི་རྒྱལ་ཁབ་ཀྱི་དབུལ་སྐྱོར་གསར་སྦོལ་གྱི་གཙོ་གནད་རྫོང50དང་གཅིག་བསྡུས་ཡུག་བྲེལ་དབུལ་ཕོངས་ས་ཁུལ16གི་དབུལ་ཕོངས་རྫོང་གི་ཞྭ་མོ་བུད་པར་རྒྱབ་སྐྱོར་བྱ་རྒྱུ།ཞིང་ལས་འཕེལ་རྒྱས་དངུལ་ཁང་ཀུའེ་ཀྲོའུ་ཞིང་ཆེན་ཡན་ལག་དངུལ་ཁང་གི་འགོ་འཛིན་ཏུང་མིང་གིས་ངོ་སྤྲོད་བྱས་དོན། སྒོར་དུང་ཕྱུར1500བརྒལ་བའི་དངུལ་བུན་གཏོང་བའི་ནང་སྒོར་དུང་ཕྱུར600ཡན་ཆད་ནི་ཀུའེ་ཀྲོའུ་ཞིང་ཆེན་གྱི་ཡུལ་མི་གནས་སྤོ་བྱས་ཏེ་དབུལ་སྐྱོར་བྱེད་པའི་ལས་གྲྭ་དང་དེའི་ལེ་ལག་སྒྲིག་ཆས་བསྐྲུན་པར་རྒྱབ་སྐྱོར་བྱ་རྒྱུ། སྒོར་དུང་ཕྱུར900ཡན་ཆད་ནི་ཡུལ་སྐོར་དང་། སྐྱེ་ཁམས། ཉི་འོད། སློབ་གསོ་སོགས་རྨང་གཞི་སྒྲིག་ཆས་དང་ཁྱད་ཆོས་ལྡན་པའི་ཐོན་ལས་དབུལ་སྐྱོར་བྱེད་པའི་ཐད་རྒྱབ་སྐྱོར་བྱ་རྒྱུ་རེད།བསྡོམས་རྩིས་བྱས་པར་གཞིགས་ན། 2015ལོའི་ལོ་མཇུག་བར་ཀུའེ་ཀྲོའུ་ཞིང་ཆེན་དུ་ད་རུང་ཐོ་འགོད་བྱས་པའི་དབུལ་ཕོངས་མི་གྲངས་ཁྲི493ཡོད་ཅིང་། ལོ་ལྔའི་འཆར་གཞི་བཅུ་གསུམ་པའི་སྐབས་སུ་ཀུའེ་ཀྲོའུ་ཞིང་ཆེན་གྱིས་ད་དུང་དབུལ་ཕོངས་མི་གྲངས་ཁྲི130གནས་སྤོ་བྱ་དགོས་པས་རྒྱལ་ཡོངས་ཀྱི་ཡུལ་མི་གནས་སྤོ་བྱས་ནས་དབུལ་སྐྱོར་བྱེད་ཡས་ཀྱི་ས་ཁུལ་གཙོ་བོ་ཡིན་ཞིང་། ན་ལོའི་ཟླ་བ8པ་ནས་བཟུང་། ཞིང་ལས་འཕེལ་རྒྱས་དངུལ་ཁང་ཀུའེ་ཀྲོའུ་ཞིང་ཆེན་ཡན་ལག་དངུལ་ཁང་གིས་མ་དངུལ་སྒོར་དུང་ཕྱུར184.6གཏོང་འཇོག་བྱས་ཏེ་ཀུའེ་ཀྲོའུ་ཞིང་ཆེན་གྱི་དབུལ་སྐྱོར་གནས་སྤོ་བྱེད་མཁན་ཁྲི92ལ་ཕན་ཐོགས་ཡོད་དོ།།