ཞིང་ལས་པུའུ་ཡིས་ལོ3གྱི་ནང་ཞིང་པར་ལག་ཁྱེར་ཁ་པར་སྤྱོད་ཤེས་པའི་འཆར་གཞི་བཞག

གངས་སྐྱིད་ཀྱིས་བསྒྱུར།        2016-07-13

ཞིན་ཧྭ་གསར་འགྱུར་ཁང་པེ་ཅིན་ནས་ཉེ་ཆར་འབྱོར་བའི་གཏམ་གསར། ཞིང་ལས་པུའུ་ནས་ཤེས་རྟོགས་བྱུང་བར་གཞིགས་ན།  ཞིང་ལས་པུའུ་ཡིས་ལོ3ཡས་མས་སྤྱད་དེ་ཞིང་པར་ལག་ཁྱེར་ཁ་པར་སྤྱོད་སྟངས་སྐོར་གྱི་གསོ་སྐྱོང་བྱེད་གང་ཐུབ་བྱས་ཏེ། ཞིང་པའི་ལག་ཁྱེར་ཁ་པར་བེད་སྤྱོད་བྱེད་ནུས་ཆེ་རུ་གཏང་རྒྱུ་རེད། ཞིང་ལས་པུའུ་ཡིས་པུའུ་ཀྲང་གཞོན་པ་ཡུས་ཞིན་རུང་གིས་བཤད་དོན།  ཆ་འཕྲིན་ལག་རྩལ་འཕེལ་རྒྱས་མགྱོགས་པོར་བྱུང་བར་བརྒྱུད།   ལག་ཁྱེར་ཁ་པར་ནི་ཞིང་པ་མང་ཚོགས་ལ་བྲལ་ཐབས་མེད་པའི་སྔོན་ཐོན་གྱི་ཐོན་སྐྱེད་ཡོ་བྱད་ཅིག་ཏུ་གྱུར་ཡོད།   མིག་སྔར།  རང་རྒྱལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་ཆ་འཕྲིན་ཅན་དང་ཆ་འཕྲིན་ཐོན་ལས་ཐད་མི་འདང་ས་ནི་ཞིང་ལས་དང་ཞིང་སྡེ་ཞིང་པ་གསུམ་ལ་ཐུག་ཡོད་པས།   ཞིང་པར་ལག་ཁྱེར་ཁ་པར་སྐོར་གྱི་གསོ་སྦྱོང་བྱས་ན་ཞིང་པའི་ཐོན་སྐྱེད་དང་འཚོ་བར་སྟབས་བདེར་གཏང་ཐུབ་ཅིང་། ཞིང་ལས་དང་ཞིང་སྡེའི་དཔལ་འབྱོར་འཕེལ་རྒྱས་གཏོང་སྟངས་སྒྱུར་བ་དང་རིམ་པ་སྤར་བར་སྐུལ་འདེད་ཀྱང་གཏོང་ཐུབ་པ་རེད། ཤེས་རྟོགས་བྱུང་བར་གཞིགས་ན།   ཞིང་ལས་པུའུ་ཡིས་ད་ལོ་ནས་འགོ་ཚུགས་ཏེ་ས་གནས་ཀྱི་རིམ་པ་སོ་སོའི་ཞིང་ལས་སྡེ་ཚན་དང་མཉམ་ལས་བྱས་ཤིང་།  འབྲེལ་ཡོད་སྡེ་ཚན་དང་ཁེ་ལས་སྒྲིག་འཛུགས་བྱས་ཏེ་གྲོང་གསེབ་ཏུ་སོང་ནས་ཞིང་པར་རིམ་པ་ཕྱེས་པ་དང་རིགས་བགོས་ཏེ་རྣམ་པ་སྣ་ཚོགས་ཀྱི་ལག་ཁྱེར་ཁ་པར་ཐད་ཀྱི་གསོ་སྦྱོང་བྱ་རྒྱུ་རེད།  དུས་མཚུངས་སུ་དྲྭ་ཚུགས་སློབ་ཁང་གི་ནང་དོན་ཕུན་སུམ་ཚོགས་པར་བྱས་ཏེ་ཞིང་པས་དུས་དང་རྣམ་པར་ཀུན་ཏུ་ཅི་སྦྱང་བསམ་ན་དེ་སྦྱོང་ཆོག་པའི་དགོས་མཁོ་སྐོང་ཐུབ་པར་བྱ་རྒྱུ་རེད།  ཉེ་དུས། ཞིང་ལས་པུའུ་ཡིས་ཆེད་ལས་ཀྱི་དུད་ཆེན་དང་།  ཁྱིམ་གཞིས་ཞིང་ར།  མཉམ་ལས་ཁང་སོགས་རྣམ་པ་གསར་པའི་ཞིང་ལས་བདག་གཉེར་བྱེད་མཁན་གཙོ་བོ་དང་།  སྡེ་དཔོན་སློབ་ཆེན་པ། ཕ་ཡུལ་དུ་ལོག་པའི་ཞིང་པའི་གླ་པ་སོགས་ཞིང་སྡེའི་གཞོན་ནུ་སོགས་ལ་ལག་ཁྱེར་ཁ་པར་ཐད་ཀྱི་ཤེས་བྱ་གསོ་སྦྱོང་བྱེད་པ་དང་། དེ་ཚོའི་སྣེ་ཁྲིད་བྱེད་ནུས་འདོན་སྤེལ་ཧུར་ཐག་བྱས་ཏེ་ཞིང་སྡེར་མི་མང་གིས་ལས་ལམ་གསར་འབྱེད་བྱེད་པ་དང་མི་མང་གིས་གསར་སྐྲུན་བྱེད་པའི་རྣམ་པ་གསར་པ་ཆགས་པར་སྐུལ་འདེད་བཏང་སྟེ་ཞིང་པར་དྲ་བ་འཕེལ་རྒྱས་བཏང་སྟེ་ཐོབ་པའི་གྲུབ་འབྲས་ལོངས་སྤྱོད་བྱེད་རིམ་གྱི་ཐོབ་ཚོར་དེ་བས་མང་པོ་མྱོང་དུ་འཇུག་རྒྱུ་རེད།    
  • ལེ་ཚན་སྔོན་མ།:བོད་ཁུལ་དམངས་ཁྲོད་ཀྱི་རྩ་ཆེན་དཔེ་རྙིང་ཕྱོགས་བསྒྲིགས་དེབ་གསར་འགྲེམ་སྤེལ་ཚོགས་འདུ་དང་དཔེ་ཆ་འབུལ་བའི་མཛད་སྒོ་དར་མདོ་ནས་སྤེལ།
  • ལེ་ཚན་རྗེས་མ།:ཞི་ཅིན་ཕིང་གིས་གཞུང་ཁོངས་ཁེ་ལས་བཅོས་བསྒྱུར་ཐད་མཛུབ་སྟོན་གལ་ཆེན་གནང་།
  • དོ་སྣང་ཆེ་བའི་རྩོམ།