བོད་ལྗོངས་ཀྱིས་གྲོང་ཚོའི་ལས་བྱེད་པ་རེས་སྐོར་སྦྱོང་བརྡར་སྤྲོད་རྒྱུར་ཤུགས་སྣོན་བརྒྱབ་པ།
བོད་ལྗོངས་འཕྲིན་དྲ། 2015-07-22
ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། གསར་འགོད་པས་ལྗོངས་ཏང་ཨུད་རྩ་འཛུགས་པུའུ་ནས་ཤེས་རྟོགས་བྱས་པར་གཞིགས་ན།རང་ལྗོངས་ཀྱི་ས་ཁུལ་དང་གྲོང་ཁྱེར་ཁག་གིས་ས་ཁོངས་མི་འདྲ་བ་དང་ལོ་ཚད་མི་འདྲ་བ།རིམ་པ་མི་འདྲ་བ།རིགས་མི་འདྲ་བ་བཅས་ཀྱི་གྲོང་ཚོའི་ལས་བྱེད་པའི་ཁྱད་ཆོས་ལ་གཞིགས་ནས་རིགས་དབྱེའི་མཛུབ་ཁྲིད་དང་རིམ་དབྱེའི་སྦྱོང་བརྡར་བྱས་པ་དང་།ད་བར་ལྗོངས་ཡོངས་ཀྱི་གྲོང་ཚོའི་ལསབྱེད་པ༢༠༠༠ལྷག་ཙམ་ལ་སྦྱོང་བརྡར་སྤྲད་ཡོད་པ་རེད།
ལྗོངས་ཏང་ཨུད་རྩ་འཛུགས་པུའི་འབྲེལ་ཡོད་འགན་ཁུར་བས་སླད་ཕྱིན་རང་ལྗོངས་ཀྱིས་ནང་དུ་གདན་ཞུས་དང་ཕྱིར་བསྐྱོད་པ་སོགས་ཀྱི་བྱ་ཐབས་བརྒྱུད།སློབ་ཆེན་ཐོན་པའི་གྲོང་དཔོན་དང་ཧྲུའུ་ཅི་ཨང་དང་པོ་ཚུད་པའི་གྲོང་ཚོའི་ལས་བྱེད་པའི་སྦྱོང་བརྡར་རྒྱུན་མཐུད་སྤེལ་ཏེ།ལོ་མཇུག་གོང་ལྗོངས་ཡོངས་ཀྱི་གྲོང་ཚོའི་ལས་བྱེད་པ་ཚང་མར་སྦྱོང་བརྡར་ཐེངས་རེ་སྤྲོད་ཐུབ་པ་བྱེད་རྒྱུ་རེད་ཅེས་གསུངས་པ་རེད།ངོ་སྤྲོད་བྱས་པར་གཞིགས་ན།ལྗོངས་ཡོངས་ཀྱི་རིམ་ཁག་རྩ་འཛུགས་ཚན་པས་ཆེད་དོན་འཆད་ཁྲིད་བྱེད་པ་དང་།དཔེ་སྟོན་འཛིན་གྲྭ་གཉེར་བ་སོགས་ཀྱི་རྣམ་པ་བརྒྱུད་གསར་དུ་བཀོད་པའི་གྲོང་ཚོའི་ལས་བྱེད་པར་གཅིག་བསྡུས་རེས་སྐོར་སྦྱོང་བརྡར་སྤྲོད་རྒྱུར་ཤུགས་སྣོན་བརྒྱབ་པ་རེད།
ལྗོངས་ཏང་ཨུད་རྩ་འཛུགས་པུས་སྔ་རྗེས་སུ་བརྟན་ལྷིང་སྲུང་སྐྱོང་གི་ལས་འགན་ལྕི་བ་དང་།གནས་ཚུལ་རྙོག་འཛིང་ཆེ་བའི་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་དང་ཀྲུའུ་རེན་གྱི་སྦྱོང་བརྡར་འཛིན་གྲྭ་དང་གསར་དུ་བསྐོས་པའི་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་དང་ཀྲུའུ་རེན་གྱི་དཔེ་སྟོན་སྦྱོང་བརྡར་འཛིན་གྲྭ་སོགས་དཔེ་སྟོན་སྦྱོང་བརྡར་འཛིན་གྲྭ་ཐེངས་བཞི་གཉེར་ནས།གྲོང་ཚོའི་ལས་བྱེད་པ550ཐད་ཀར་སྦྱོང་བརྡར་སྤྲད་པ་མ་ཟད།ཏང་གི་སློབ་གྲྭའི་རྒྱང་ཁྲིད་སློབ་གསོའི་མ་ལག་བརྒྱུད་དུས་གཅིག་ཏུ་གྲོང་ཚོའི་ལས་བྱེད་པ་ཆིག་སྟོང་ལྷག་ཙམ་ལ་སྦྱོང་བརྡར་སྤྲད་པ་དང་།དུས་མཚུངས་ས་ཁུལ་ཁག་གིས་སྐོར་སྐྱོད་སྒྲོག་འགྲེལ་ཚོགས་ཆུང་ཤང་དང་གྲོང་ཚོར་སྐྱོད་དེ།ཏང་གི་མཛད་ཕྱོགས་སྲིད་ཇུས་དང་ཁྲིམས་ལུགས་ཁྲིམས་སྲོལ་སྒྲོག་འགྲེལ་བྱས་པ་དང་།ཏང་ཡོན་རྒན་གྲས་གདན་ཞུས་ཀྱིས་རང་གི་མྱོང་ཚོར་གླེང་ནས་གཞན་ལ་སློབ་གསོ་བརྒྱབ་པ།ཆེད་ལས་ལག་རྩལ་མི་སྣས་ལག་རྩལ་སློབ་པ།གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་གིས་མཚན་ཚོགས་སློབ་གྲྭ་བཙུགས་པ།མགོ་སྦྲེལ་གྲོགས་སྒྲིག་བྱས་པ་སོགས་ཀྱི་རྣམ་པའི་ཐོག་ནས་གྲོང་ཚོའི་ལས་བྱེད་པར་སྦྱོང་བརྡར་སྤྲད་པ་རེད།
རིམ་ཁག་རྩ་འཛུགས་ཚན་པས་མཐའ་མཚམས་ལུང་ཁུག་གི་གྲོང་ཚོའི་ལས་བྱེད་པ་སྒྲིག་འཛུགས་བྱས་ཏེ།ལྗོངས་ཕྱི་ནང་གི་སྔོན་ཐོན་གྲོང་ཚོར་ལྟ་སྐོར་སློབ་སྦྱོང་བྱེད་པར་འཁྲིད་དེ་ཁོང་ཚོའི་མིག་རྒྱང་རིང་དུ་བཏང་བ་དང་དཔལ་འབྱོར་གོང་འཕེལ་དང་སྤྱི་ཚོགས་དོ་དམ་གསར་གཏོད།གཞི་རིམ་ཏང་འཛུགས་འཛུགས་སྐྱོང་བཅས་ཀྱི་ཉམས་མྱོང་སློབ་སྦྱོང་བྱས་པ་རེད།ལྗོངས་ཏང་ཨུད་རྩ་འཛུགས་པུས་ཞིང་ལས་པུར་མཐུན་སྦྱོར་བྱས་ནས།ཅང་སུའུ་ཧྭ་ཤི་གྲོང་ཚོར་བོད་རང་སྐྱོང་ལྗོངས་ཀྱི་ཤང་གྲོང་ཚོའི་རྩ་འཛུགས་ཀྱི་འགན་ཁུར་བའི་གྲོང་གསེབ་མཉམ་ལས་ཁང་གི་ཆེད་དོན་སྦྱོང་བརྡར་འཛིན་གྲྭ་ཞིག་གཉེར་ཏེ།གྲོང་ཚོའི་ལས་བྱེད་པ50སྦྱོང་བརྡར་སྤྲད་པ་དང་།ལྷ་ས་གྲོང་ཁྱེར་གྱིས་གྲོང་ཚོའི་ལས་བྱེད་པ720སྒྲིག་འཛུགས་བྱས་ནས།ཆུ་ཤུར་རྫོང་རྒྱལ་ཡོངས་ཞིང་ལས་དེང་རབས་ཅན་གྱི་དཔེ་སྟོན་རྟེན་གཞི་དང་རང་སྐྱོང་ལྗོངས་སྲིད་གཙང་སློབ་གསོའི་རྟེན་གཞིར་ལྟ་སྐོར་སློབ་སྦྱོང་བྱེད་པར་འཁྲིད་པ་རེད། །