ཞིན་ཧྭ་གསར་འགྱུར་དྲ་བ། 2015-07-17
རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་ཟླ་བདུན་པའི་ཚེས་བཅོ་ལྔ་ཉིན་མགོ་འཛིན་མཛད་དེ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱུན་ལས་གྲོས་ཚོགས་བསྡུས་ནས། ལས་རིགས་ཐོབ་ཐང་ཆོག་མཆན་དང་ངོས་ལེན་བྱེད་པའི་དོན་དག་སྐོར་ཞིག་ཡང་བསྐྱར་མེད་པར་བཏང་སྟེ། བཅོས་བསྒྱུར་གྱིས་ལས་སྐྲུན་གསར་སྐྲུན་གྱི་སྟོབས་ཤུགས་ཇེ་ཆེར་གཏོང་རྒྱུ་ཐག་བཅད་པ་དང་། ཕྱིར་གཏོང་ནང་འདྲེན་བརྟན་འཇགས་སྒོས་འཕེལ་རྒྱས་སུ་གཏོང་བའི་སྲིད་ཇུས་དང་བྱེད་ཐབས་ལ་བཀོད་སྒྲིག་བྱས་ནས། སྒོ་འབྱེད་རྒྱ་བསྐྱེད་པའི་ཁྲོད་འཕེལ་རྒྱས་ཀྱི་སྒུལ་ཤུགས་ཇེ་ཆེར་གཏོང་དགོས་ཞེས་བསྟན།
ཚོགས་ཐོག་ནས་བསྟན་དོན། ད་ལོའི་ཚུན་ལ། སྙོམས་སྒྲིག་དང་ཚོད་འཛིན་བྱེད་པ་སོགས་ཀྱི་བྱེད་ཐབས་ལག་བསྟར་ནན་མོ་བྱས་ནས། རང་རྒྱལ་གྱི་དཔལ་འབྱོར་འཁོར་རྒྱུག་བརྟན་འཇགས་སྒོས་འཕེལ་རྒྱས་སུ་སོང་བ་དང་། སྒྲིག་གཞི་ལེགས་སྒྲིག་བཟང་བོ་བྱས་ཏེ། འཕེལ་རྒྱས་ཀྱི་སྟོབས་ཤུགས་ཇེ་ཆེར་སོང་ཡོད། ཁྱབ་ཁོངས་སོ་སོའི་བཅོས་བསྒྱུར་ཟབ་སྤེལ་བྱེད་པ་དང་། ཐོན་ལས་ཀྱི་རིམ་པ་སྤོར་བར་སྐུལ་འདེད་གཏོང་བ། དམངས་ཚིས་ལ་ཁག་ཐེག་དང་ལེགས་བཅོས་བྱེད་པ། ཚོང་ར་སྣ་ཚོགས་བརྟན་འཇགས་ཡོང་བར་བྱེད་པ་སོགས་ཐད་ནས་གྲུབ་འབྲས་བཟང་བོ་བླངས་ཏེ། ལོ་ཧྲིལ་བོའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་དམིགས་འབེན་དང་ལས་འགན་གཙོ་བོ་ཡོངས་འགྲུབ་བྱེད་པར་ཆ་རྐྱེན་བཟང་བོ་བསྐྲུན། གོ་རིམ་རྗེས་མར་དཔལ་འབྱོར་གྱི་འཕེལ་ཕྱོགས་བཟང་བའི་རྨང་གཞི་ཇེ་བརྟན་དུ་གཏོང་བ་དང་། དཔལ་འབྱོར་འཁོར་རྒྱུག་ལུགས་མཐུན་ཡོང་བ་སྲུང་འཛིན་བྱེད་དགོས་ན། ངེས་པར་དུ་བློ་བརྟན་འགྱུར་མེད་སྒོས་བཅོས་བསྒྱུར་གཏིང་ཟབ་ཏུ་སྤེལ་བ་དང་། སྲིད་གཏོང་དབང་བསྡུ་དང་དབང་གཏོང་དང་དོ་དམ་གཉིས་ཟུང་འབྲེལ་བྱེད་པ། སྤུས་ལེགས་ཞབས་ཕྱི་སྒྲུབ་པ་བཅས་ཀྱི་བཅོས་བསྒྱུར་གྱི་ཤུགས་ཚད་མུ་མཐུད་དུ་ཇེ་ཆེར་བཏང་སྟེ། ཚོང་རའི་ཐོན་ཁུངས་བཀོད་སྒྲིག་བཟང་བོ་བྱེད་པ་དང་། སྲིད་གཞུང་གི་ནུས་པ་འདོན་སྤེལ་བཟང་བོ་བྱས་ནས། དམངས་ཡོངས་ཀྱིས་ལས་སྐྲུན་གསར་སྐྲུན་བྱེད་པའི་རྣམ་པ་གསར་བ་ཆགས་པར་བྱེད་པར་སྐུལ་འདེད་གཏོང་དགོས་ཟེར།
ཚོགས་ཐོག་ནས་ད་རུང་དོན་དག་གཞན་པར་ཞིབ་འཇུག་བྱས།
 དོ་སྣང་ཆེ་བའི་རྩོམ།
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10
 རྫ་སྨུག་མཁར་གྱི་མཛེས་དཔལ་ཉམས་སུ་མྱོང་།
 རྫ་སྨུག་མཁར་གྱི་མཛེས་དཔལ་ཉམས་སུ་མྱོང་། སླར་མཇལ་བ།
 སླར་མཇལ་བ། དུར་ཁྲོད་འོག་གི་དྲན་པ།
 དུར་ཁྲོད་འོག་གི་དྲན་པ། མཐོ་རྒྱུགས་ལ་སྦྱར་བའི་མགུར་མ་དགུ་སེང་དྲུག་འགྱུར།
 མཐོ་རྒྱུགས་ལ་སྦྱར་བའི་མགུར་མ་དགུ་སེང་དྲུག་འགྱུར། ཨ་ཕ་དང་ལུག་ཁྱུ།
 ཨ་ཕ་དང་ལུག་ཁྱུ། ༄༅།།ཤིང་ཏོག་གི་དྲི་ཞིམ་ཁྲོད་ཀྱི་བོད་ཁང་དམར་པོ།
 ༄༅།།ཤིང་ཏོག་གི་དྲི་ཞིམ་ཁྲོད་ཀྱི་བོད་ཁང་དམར་པོ། གསར་བརྗེ་རིག་གནས་རྒྱུད་འཛིན་གྱིས།། ཆོས་ལུགས་ཡར་རྒྱས
 གསར་བརྗེ་རིག་གནས་རྒྱུད་འཛིན་གྱིས།། ཆོས་ལུགས་ཡར་རྒྱས ཁུ་བྱུག
 ཁུ་བྱུག ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱིས་ཚོགས་འདུ་འཚོགས
 ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱིས་ཚོགས་འདུ་འཚོགས ལྷ་སར2021ལོའི“ལྷ་མོའི་ཟློས་གར་འཁྲབ་སྟོན་དུས་ཚིགས”སྤེ
 ལྷ་སར2021ལོའི“ལྷ་མོའི་ཟློས་གར་འཁྲབ་སྟོན་དུས་ཚིགས”སྤེ