བོད་ཀྱི་སྲོལ་རྒྱུན་དབྱངས་ཡིག་གཅེས་བཏུས་ཀྱི་དཔེ་སྐྲུན་ཆེད་མཁས་པའི་བཞུགས་མོལ་ཚོགས་འདུ་དང་དཔེ་དེབ་རྟེན་འབུལ་མཛད་སྒོ་ཁྲེང་ཏུའུ་རུ་སྤེལ།

    ཁམས་པའི་བརྙན་འཕྲིན།    2021-04-27


བོད་ཀྱི་སྲོལ་རྒྱུན་དབྱངས་ཡིག་གཅེས་བཏུས་ཀྱི་དཔེ་སྐྲུན་ཆེད་མཁས་པའི་བཞུགས་མོལ་ཚོགས་འདུ་དང་དཔེ་དེབ་རྟེན་འབུལ་མཛད་སྒོ་ཁྲེང་ཏུའུ་རུ་སྤེལ།

      སྤྱི་ཟླ4པའི་ཚེས25ཉིན་གྱི་སྔ་དྲོར། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་གིས་གཙོ་སྒྲུབ་བྱས་ཤིང་། སི་ཁྲོན་བོད་ཡིག་གནའ་དཔེ་ལེགས་སྒྲིག་ཁང་དང་སི་ཁྲོན་མེས་པོའི་རིག་གནས་ཁྱབ་སྤེལ་འགན་འཁྲི་སྤྱི་གཉེར་ཁང་གིས་འགན་སྒྲུབ་བྱས་པའི་ཀྲུང་ཧྭ་མི་རིགས་ཀྱི་རོལ་དབྱངས་རྒྱུད་འཛིན་དཔེ་སྐྲུན་ལས་གཞིའི་སྤུས་ལེགས་དཔེ་སྐྲུན་རྣམ་གྲངས་《བོད་ཀྱི་སྲོལ་རྒྱུན་དབྱངས་ཡིག་གཅེས་བཏུས་》པོད་དྲུག་གི་བདག་ཉིད་ཅན་གྱི་དཔེ་སྐྲུན་ཆེད་མཁས་པའི་བཞུགས་མོལ་ཚོགས་འདུ་དང་། དཔེ་དེབ་རྟེན་འབུལ་མཛད་སྒོ་དེ་ཁྲེང་ཏུའུ་གྲོང་ཁྱེར་སི་ཁྲོན་བོད་ཡིག་གནའ་དཔེ་ལེགས་སྒྲིག་ཁང་ནས་གཟབ་རྒྱས་ངང་འཚོགས་པ་རེད།

བོད་ཀྱི་སྲོལ་རྒྱུན་དབྱངས་ཡིག་གཅེས་བཏུས་ཀྱི་དཔེ་སྐྲུན་ཆེད་མཁས་པའི་བཞུགས་མོལ་ཚོགས་འདུ་དང་དཔེ་དེབ་རྟེན་འབུལ་མཛད་སྒོ་ཁྲེང་ཏུའུ་རུ་སྤེལ།
བོད་ཀྱི་སྲོལ་རྒྱུན་དབྱངས་ཡིག་གཅེས་བཏུས་ཀྱི་དཔེ་སྐྲུན་ཆེད་མཁས་པའི་བཞུགས་མོལ་ཚོགས་འདུ་དང་དཔེ་དེབ་རྟེན་འབུལ་མཛད་སྒོ་ཁྲེང་ཏུའུ་རུ་སྤེལ།

       ཐེངས་འདིའི་ཚོགས་འདུར་བོད་ཀྱི་གནའ་དཔེ་རིག་གནས་ཀྱི་དེད་དཔོན་ཆེན་མོ་གཟན་དཀར་ཐུབ་བསྟན་ཉི་མ་དང་། བོད་རང་སྐྱོང་ལྗོངས་དང་ཡུན་ནན་ཞིང་ཆེན་གྱི་ཧྲུའུ་ཅི་གཞོན་པ་ཟུར་པ་བསྟན་འཛིན།  ཀྲུང་དབྱང་རིག་གནས་ལོ་རྒྱུས་ཞིབ་འཇུག་ཁང་གི་ཞིབ་འཇུག་པ་དང་། ཀྲུང་གོའི་སྒྱུ་རྩལ་ཞིབ་འཇུག་གླིང་རོལ་དབྱངས་ཞིབ་འཇུག་ཁང་གི་མཚན་འཛིན་འགོ་ཁྲིད་ཐེན་ཆིང་། ཀྲུང་དབྱང་རོལ་དབྱངས་སློབ་གླིང་གི་དགེ་རྒན་ཆེན་མོ། ཀྲུང་གོའི་གྲངས་ཉུང་མི་རིགས་རོལ་དབྱངས་ཚོགས་པའི་ཚོགས་གཙོ་ཧི་ཡུན་ཧྥེང་། གློག་བརྙན་འཁྲབ་ཁྲིད་པ་གྲགས་ཅན་པད་མ་ཚེ་བརྟན་སོགས་ཀྱིས་བརྙན་ལམ་ནས་ཤིས་ཚིག་ཕུལ་ཡོད་ལ། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་གི་འགོ་ཁྲིད། སྤྱི་ཁྱབ་རྩོམ་སྒྲིག་པ་ཨ་སྔགས་ཚེ་རིང་བཀྲ་ཤིས་ལགས་ཀྱིས་ཤིས་ཚིག་དང་བཅས་གསུང་བཤད་གནང་བ་དང་། སི་ཁྲོན་ཞིང་ཆེན་རིག་གནས་ཐིང་གི་ཐིང་ཀྲང་གཞོན་པ་ཟུར་པ་ཚེ་པོ་དང་། སི་ཁྲོན་ཞིང་ཆེན་དཔེ་མཛོད་ཁང་གི་ཏང་ཨུའི་ཧྲུའུ་ཅི་ཧི་ཀོང་ལུན། སི་ཁྲོན་བོད་ཡིག་གནའ་དཔེ་ལེགས་སྒྲིག་ཁང་གི་སྤྱི་ཁྱབ་རྩོམ་སྒྲིག་པ་མཁན་པོ་འཇམ་དབྱངས་སོགས་ཀྱིས་གསུང་བཤད་གནང་སྟེ། སི་ཁྲོན་བོད་ཡིག་གནའ་དཔེ་ལེགས་སྒྲིག་ཁང་གི་ད་ལྟའི་གྲུབ་འབྲས་དང་མ་འོངས་པའི་ཁ་ཕྱོགས་ལ་གཟེངས་བསྟོད་དང་མཛུབ་སྟོན་གང་ལེགས་གནང་པ་རེད།

བོད་ཀྱི་སྲོལ་རྒྱུན་དབྱངས་ཡིག་གཅེས་བཏུས་ཀྱི་དཔེ་སྐྲུན་ཆེད་མཁས་པའི་བཞུགས་མོལ་ཚོགས་འདུ་དང་དཔེ་དེབ་རྟེན་འབུལ་མཛད་སྒོ་ཁྲེང་ཏུའུ་རུ་སྤེལ།
བོད་ཀྱི་སྲོལ་རྒྱུན་དབྱངས་ཡིག་གཅེས་བཏུས་ཀྱི་དཔེ་སྐྲུན་ཆེད་མཁས་པའི་བཞུགས་མོལ་ཚོགས་འདུ་དང་དཔེ་དེབ་རྟེན་འབུལ་མཛད་སྒོ་ཁྲེང་ཏུའུ་རུ་སྤེལ།
བོད་ཀྱི་སྲོལ་རྒྱུན་དབྱངས་ཡིག་གཅེས་བཏུས་ཀྱི་དཔེ་སྐྲུན་ཆེད་མཁས་པའི་བཞུགས་མོལ་ཚོགས་འདུ་དང་དཔེ་དེབ་རྟེན་འབུལ་མཛད་སྒོ་ཁྲེང་ཏུའུ་རུ་སྤེལ།
བོད་ཀྱི་སྲོལ་རྒྱུན་དབྱངས་ཡིག་གཅེས་བཏུས་ཀྱི་དཔེ་སྐྲུན་ཆེད་མཁས་པའི་བཞུགས་མོལ་ཚོགས་འདུ་དང་དཔེ་དེབ་རྟེན་འབུལ་མཛད་སྒོ་ཁྲེང་ཏུའུ་རུ་སྤེལ།

     དེ་ཡང་དགྲ་ལྷ་ཟླ་བ་བཟང་པོ་དང་ཁམས་སྤྲུལ་བསོད་ནམས་དོན་གྲུབ།  ཁ་སྒང་བཀྲ་ཤིས་ཚེ་རིང་། དཀོན་མཆོག་བསྟན་འཛིན། དཀོན་མཆོག་རྡོ་རྗེ། སྐལ་བཟང་ཡེ་ཤེས། ནོ་མོ། འོད་ཟེར། སྐལ་བཟང་མེ་ཏོག་སོགས་མཁས་པ་མང་པོ་དང་། སི་ཁྲོན་ཞིང་ཆེན་དཔེ་མཛོད་ཁང་དང་། སི་ཁྲོན་ཞིང་ཆེན་གནའ་དཔེ་སྲུང་སྐྱོབ་ལྟེ་གནས། རྒྱལ་ཁབ་དཔེ་མཛོད་ཁང་། དཀར་མཛེས་ཁུལ་དཔེ་མཛོད་ཁང་། རྔ་བ་ཁུལ་རྩོམ་སྒྱུར་ཅུས་བོད་ཡིག་དཔེ་མཛོད་ཁང་། བོད་རང་སྐྱོང་ལྗོངས་དཔེ་མཛོད་ཁང་། བོད་རང་སྐྱོང་ལྗོངས་མི་རིགས་སྒྱུ་རྩལ་ཞིབ་འཇུག་ཁང་། སི་ཁྲོན་སློབ་གྲྭ་ཆེན་མོ། སི་ཁྲོན་རོལ་དབྱངས་སློབ་གླིང་སོགས་ཀྱི་འཐུས་ཚབ་ཚོགས་འདུར་ཞུགས་ཡོད་པ་མ་ཟད།  《བོད་ཀྱི་སྲོལ་རྒྱུན་དབྱངས་ཡིག་གཅེས་བཏུས་》དེབ་ཆ་ཚང་རེ་དང་། སི་ཁྲོན་གནའ་དཔེ་ལེགས་སྒྲིག་ཁང་གིས་ཐོག་མར་པར་སྐྲུན་བྱས་པའི་《ཤེས་བྱ་ཀུན་ཁྱབ་སྤུས་ལེགས་མ་》དེབ་ཆ་ཚང་རེ་སི་ཁྲོན་ཞིང་ཆེན་དཔེ་མཛོད་ཁང་དང་། སི་ཁྲོན་ཞིང་ཆེན་གནའ་དཔེ་སྲུང་སྐྱོབ་ལྟེ་གནས། རྒྱལ་ཁབ་དཔེ་མཛོད་ཁང་། དཀར་མཛེས་ཁུལ་དཔེ་མཛོད་ཁང་། རྔ་བ་ཁུལ་རྩོམ་སྒྱུར་ཅུས་བོད་ཡིག་དཔེ་མཛོད་ཁང་། བོད་རང་སྐྱོང་ལྗོངས་དཔེ་མཛོད་ཁང་། བོད་རང་སྐྱོང་ལྗོངས་མི་རིགས་སྒྱུ་རྩལ་ཞིབ་འཇུག་ཁང་སོགས་ལ་རྟེན་འབུལ་བྱས།

བོད་ཀྱི་སྲོལ་རྒྱུན་དབྱངས་ཡིག་གཅེས་བཏུས་ཀྱི་དཔེ་སྐྲུན་ཆེད་མཁས་པའི་བཞུགས་མོལ་ཚོགས་འདུ་དང་དཔེ་དེབ་རྟེན་འབུལ་མཛད་སྒོ་ཁྲེང་ཏུའུ་རུ་སྤེལ།
བོད་ཀྱི་སྲོལ་རྒྱུན་དབྱངས་ཡིག་གཅེས་བཏུས་ཀྱི་དཔེ་སྐྲུན་ཆེད་མཁས་པའི་བཞུགས་མོལ་ཚོགས་འདུ་དང་དཔེ་དེབ་རྟེན་འབུལ་མཛད་སྒོ་ཁྲེང་ཏུའུ་རུ་སྤེལ།
བོད་ཀྱི་སྲོལ་རྒྱུན་དབྱངས་ཡིག་གཅེས་བཏུས་ཀྱི་དཔེ་སྐྲུན་ཆེད་མཁས་པའི་བཞུགས་མོལ་ཚོགས་འདུ་དང་དཔེ་དེབ་རྟེན་འབུལ་མཛད་སྒོ་ཁྲེང་ཏུའུ་རུ་སྤེལ།

      སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་གི་འགོ་ཁྲིད་གཞོན་པ། བོད་ཡིག་དཔེ་སྐྲུན་ལྟེ་གནས་ཀྱི་ཀྲུའུ་རེན་འོད་ཟེར་དང་། སི་ཁྲོན་བོད་ཡིག་གནའ་དཔེ་ལེགས་སྒྲིག་ཁང་གི་སྤྱི་ཁྱབ་ལག་བསྟར་གཙོ་སྒྲིག་པ་ཀླུ་རྡེའུ་རྟ་མགྲིན་སྐྱབས་གཉིས་ཀྱིས་ཐེངས་འདིའི་ཚོགས་འདུ་གཙོ་སྐྱོང་གནང་།

བོད་ཀྱི་སྲོལ་རྒྱུན་དབྱངས་ཡིག་གཅེས་བཏུས་ཀྱི་དཔེ་སྐྲུན་ཆེད་མཁས་པའི་བཞུགས་མོལ་ཚོགས་འདུ་དང་དཔེ་དེབ་རྟེན་འབུལ་མཛད་སྒོ་ཁྲེང་ཏུའུ་རུ་སྤེལ།

      ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས། ཁམས་པའི་བརྙན་འཕྲིན་ཁང་དང་། སི་ཁྲོན་རྒྱང་སྒྲོག་བརྙན་འཕྲིན་ཁང་མི་རིགས་རླུང་འཕྲིན། གངས་ལྗོངས་ཉི་གཞོན། མི་རིགས་དུས་དེབ་སོགས་འཕྲིན་སྦྱོར་ལས་ཁུངས་མང་པོ་ཚོགས་འདུར་ཞུགས་འདུག །


  • ལེ་ཚན་སྔོན་མ།:ཞི་ཅིན་ཕིང་ནམ་ཟླའི་མཐོ་རིམ་གྲོས་ཚོགས་ལ་ཞུགས་པར་མ་ཟད་གསུང་བཤད་གལ་ཆེན་གནང་།
  • ལེ་ཚན་རྗེས་མ།:ཞི་ཅིན་ཕིང་མཚོ་དམག་གི་དམག་འཐབ་གཙོ་བོའི་དམག་གྲུ་རིགས་གསུམ་གཅིག་སྡུད་རྩིས་སྤྲོད་རྩིས་ལེན་གྱི་དམག་གྲལ་བྱེད་སྒོར་ཞུགས་པ།
  • དོ་སྣང་ཆེ་བའི་རྩོམ།