ཏང་གི་ལོ་རྒྱུས་སློབ་སྦྱོང་དང་སློབ་གསོའི་ཀྲུང་དབྱང་སྒྲོག་འགྲེལ་ཚོགས་པའི་སྙན་ཞུ་ཚོགས་འདུ་ཐོག་མ་པེ་ཅིང་དུ་བསྡུས།

    ཞིན་ཧྭ་དྲ་བ།    2021-03-18

ཏང་གི་ལོ་རྒྱུས་སློབ་སྦྱོང་དང་སློབ་གསོའི་ཀྲུང་དབྱང་སྒྲོག་འགྲེལ་ཚོགས་པའི་སྙན་ཞུ་ཚོགས་འདུ་ཐོག་མ་པེ་ཅིང་དུ་བསྡུས།

འདི་ནི་ཟླ3པའི་ཚེས16ཉིན་ཀྲུང་དབྱང་སྒྲོག་འགྲེལ་ཚོགས་པའི་ཁོངས་མིའམ་ཀྲུང་དབྱང་ཏང་གི་ལོ་རྒྱུས་དང་ཚད་ལྡན་ཡིག་ཆ་ཞིབ་འཇུག་གླིང་གི་གླིང་གཙོ་ཆུས་ཆིན་ཧྲན་སྙན་ཞུ་ཚོགས་འདུའི་སྟེང་སྒྲོག་འགྲེལ་སྙན་ཞུ་ཕུལ་བའི་རྣམ་པ་རེད།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀྲུང་དབྱང་དྲིལ་སྒྲོག་པུའུ་དང་ཀྲུང་དབྱང་རྩ་འཛུགས་པུའུ། ཀྲུང་དབྱང་ཏང་གི་ལོ་རྒྱུས་དང་ཚད་ལྡན་ཡིག་ཆ་ཞིབ་འཇུག་གླིང་། ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱི་བཟོ་བའི་ཨུ་ལྷན། སློབ་གསོ་པུའུ། ཀྲུང་དབྱང་དམག་ཨུའི་ཆབ་སྲིད་ལས་དོན་པུའུ། ཀྲུང་གུང་པེ་ཅིང་གྲོང་ཁྱེར་ཏང་ཨུ་བཅས་ཀྱིས་ཚེས16ཉིན་གྱི་སྔ་དྲོར་པེ་ཅིང་དུ་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་ཀྲུང་དབྱང་སྒྲོག་འགྲེལ་ཚོགས་པའི་སྙན་ཞུ་ཚོགས་འདུ་ཐོག་མ་སྤེལ། ཀྲུང་དབྱང་སྒྲོག་འགྲེལ་ཚོགས་པའི་ཁོངས་མིའམ་ཀྲུང་དབྱང་ཏང་གི་ལོ་རྒྱུས་དང་ཚད་ལྡན་ཡིག་ཆ་ཞིབ་འཇུག་གླིང་གི་གླིང་གཙོ་ཆུས་ཆིན་ཧྲན་གྱིས་སྒྲོག་འགྲེལ་སྙན་ཞུ་ཕུལ།

ཆུས་ཆིན་ཧྲན་གྱིས་སྙན་ཞུ་ཁྲོད་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཏང་གི་ལོ་རྒྱུས་ཐད་གནང་བའི་རྣམ་བཤད་གལ་ཆེན་རྣམས་ཕྱོགས་གཅིག་ཏུ་བསྡུས་ཏེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཏང་གི་ལོ་རྒྱུས་ཐད་ཀྱི་རྣམ་བཤད་གལ་ཆེན་ལ་གཏིང་ཟབ་སྒོས་སློབ་སྦྱོང་བྱས་ཤིང་རྩ་འཛུགས་ཁག་གིས་ཏང་གི་ལོ་རྒྱུས་ལ་སློབ་སྦྱོང་དང་སློབ་གསོ་བྱེད་ཐབས་ལ་དབྱེ་ཞིབ་བྱས་པ་མ་ཟད། ལོ་རྒྱུས་ཀྱི་ཉམས་མྱོང་ལ་སྤྱི་བསྡོམས་དང་ལོ་རྒྱུས་ཀྱི་ཆོས་ཉིད་ལ་ཤེས་རྟོགས། ལོ་རྒྱུས་ཀྱི་རང་འགུལ་ནུས་པ་རྒྱུས་ལོན་བཅས་བྱས་ནས་ལོ་རྒྱུས་ཀྱི་འགོ་འཛུགས་ས་གསར་བའི་ཐོག་དུས་རབས་གསར་བའི་ཀྲུང་གོ་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེའི་རྒྱལ་ཁ་ལོན་པར་འབད་བརྩོན་བྱེད་པར་དོན་སྙིང་གལ་ཆེན་ལྡན་ལ། དེ་དང་དུས་མཚུངས་སུ་ཀྲུང་གོ་གུང་ཁྲན་ཏང་གིས་ལོ་ངོ་བརྒྱ་ལྷག་གི་འབད་བརྩོན་བྱས་པའི་འོད་སྟོང་ལྡན་པའི་ལོ་རྒྱུས་དང་ལོ་རྒྱུས་རང་བཞིན་གྱི་བྱས་རྗེས། ཏང་གི་ལོ་རྒྱུས་ལ་སློབ་སྦྱོང་དང་སློབ་གསོའི་བྱ་བ་གཙོ་བོ་སྒྲུབ་པ་བཅས་ཀྱི་ཐད་སྒྲོག་འགྲེལ་བྱས་པ་མ་ཟད། ཏང་གི་ལོ་རྒྱུས་སློབ་སྦྱོང་དང་སློབ་གསོའི་ཁྲོད་སྔར་ལས་ལྷག་པར་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོ་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་བྱང་ཆུབ་པར་བྱ་རྒྱུ་དང་། འདུ་ཤེས་བཞིཇེ་དྲག་ཏུ་གཏོང་བ། ཡིད་ཆེས་བཞིབརྟན་བརླིང་དུ་གཏོང་བ། སྲུང་སྐྱོང་གཉིས”ལེགས་པོར་སྒྲུབ་པ་བཅས་ཕྱོགས་མང་པོ་ནས་འགྲེལ་བཤད་མཐར་ཕྱིན་པ་གནང་། 

ཏང་གི་ལོ་རྒྱུས་སློབ་སྦྱོང་དང་སློབ་གསོའི་ཀྲུང་དབྱང་སྒྲོག་འགྲེལ་ཚོགས་པའི་སྙན་ཞུ་ཚོགས་འདུ་ཐོག་མ་པེ་ཅིང་དུ་བསྡུས།

འདི་ནི་ཟླ3པའི་ཚེས16ཉིན་ཚོགས་ཞུགས་མི་སྣས་སྒྲོག་འགྲེལ་སྙན་ཞུར་ཉན་པའི་རྣམ་པ་རེད།

སྙན་ཞུའི་ནང་དོན་ཟབ་ལ་གོ་བདེ་བ་དང་ནང་དོན་ཕུན་སུམ་ཚོགས་པས་ཉན་མཁན་རྣམས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཏང་གི་ལོ་རྒྱུས་ཐད་ཀྱི་རྣམ་བཤད་གལ་ཆེན་ལ་གོ་བ་ལེན་པར་གཏིང་ཇེ་ཟབ་ཏུ་བཏང་བ་དང་ཏང་གི་ལོ་རྒྱུས་ལ་སློབ་སྦྱོང་དང་སློབ་གསོའི་དོན་སྙིང་ལ་ངོས་འཛིན་བྱེད་ཚད་ཇེ་ཟབ་ཏུ་བཏང་། ཚང་མས་བསྟན་དོན། ཏང་ཀྲུང་དབྱང་གི་བཀོད་སྒྲིག་གཞིར་བཟུང་སྟེ་ཏང་གི་ལོ་རྒྱུས་སློབ་སྦྱོང་དང་སློབ་གསོའི་དམིགས་ཚད་ལས་འགན་རྣམས་ཐུན་མོང་སྒོས་ངོས་འཛིན་བྱེད་པའི་བྱ་འགུལ་དུ་བསྒྱུར་གང་ཐུབ་བྱས་ནས། ལོ་རྒྱུས་སློབ་སྦྱོང་ལས་གནས་ལུགས་རྟོགས་པ་དང་ལོ་རྒྱུས་སློབ་སྦྱོང་ལས་ཡིད་ཆེས་རྙེད་པ། ལོ་རྒྱུས་སློབ་སྦྱོང་ལས་ཀུན་སྤྱོད་ལེགས་བསྒྱུར། ལོ་རྒྱུས་སློབ་སྦྱོང་ལས་བརྩོན་ནུས་སྐུལ་བ་བཅས་བྱས་ནས་ཧུར་ཐག་སྒོས་ཏང་གི་ལོ་རྒྱུས་ལ་སློབ་སྦྱོང་དང་དགོངས་པར་ཤེས་རྟོགས། བྱ་བ་དངོས་སྒྲུབ་པ། རྣམ་པ་གསར་པ་གཏོད་པ་བཅས་བྱ་དགོས།

ཏང་གི་ལོ་རྒྱུས་སློབ་སྦྱོང་དང་སློབ་གསོའི་ཀྲུང་དབྱང་སྒྲོག་འགྲེལ་ཚོགས་པའི་སྙན་ཞུ་ཚོགས་འདུ་ཐོག་མ་པེ་ཅིང་དུ་བསྡུས།

འདི་ནི་ཟླ3པའི་ཚེས16ཉིན་ཚོགས་ཞུགས་མི་སྣས་སྒྲོག་འགྲེལ་སྙན་ཞུར་ཉན་པའི་རྣམ་པ་རེད།

པེ་ཅིང་དུ་ཡོད་པའི་ཏང་སྲིད་དམག་དཔུང་ལས་ཁུངས་ཀྱི་ལས་བྱེད་པ་དང་ཀྲུང་དབྱང་ཁེ་ལས་ཀྱི་འགན་འཁུར་བ། མཐོ་རིམ་སློབ་གྲྭའི་དགེ་སློབ་ཀྱི་འཐུས་མི། ལས་རིགས་ཁག་གི་མང་ཚོགས་བཅས་ཁྱོན་མི700ལྷག་སྙན་ཞུའི་ཚོགས་འདུར་ཞུགས།

ཤེས་རྟོགས་བྱུང་བ་ལྟར་ན། ཀྲུང་དབྱང་སྒྲོག་འགྲེལ་ཚོགས་པས་པེ་ཅིང་དུ་སྒྲོག་འགྲེལ་སྙན་ཞུ་ཐེངས་དང་པོ་བྱས་རྗེས་མི་འགྱང་བར་རྒྱལ་ཡོངས་ཀྱི་ས་གནས་ཁག་ཏུ་སྒྲོག་འགྲེལ་བྱེད་པར་བསྐྱོད་རྒྱུ་རེད། །

ཏང་གི་ལོ་རྒྱུས་སློབ་སྦྱོང་དང་སློབ་གསོའི་ཀྲུང་དབྱང་སྒྲོག་འགྲེལ་ཚོགས་པའི་སྙན་ཞུ་ཚོགས་འདུ་ཐོག་མ་པེ་ཅིང་དུ་བསྡུས།

  • ལེ་ཚན་སྔོན་མ།:ཞི་ཅིན་ཕིང་གིས་ཀུའེ་ཡ་ནའི་ཙུང་ཐུང་དང་ཞལ་པར་བསྐྱོན་པ།
  • ལེ་ཚན་རྗེས་མ།: ཕྱི་འབྲེལ་པུའུ་ཡིས་ཁོར་ཡུག་དང་མཁའ་རླུང་སྦགས་བཙོག་གི་གནད་དོན་ལ་རྒྱལ་མཚམས་མེད་ཅེས་བརྗོད།
  • དོ་སྣང་ཆེ་བའི་རྩོམ།