སྐྱབས་མགོན་དཔལ་ལྡན་རྡོ་རྗེས་གྲོས་འཆར་འདི་འདྲ་བཏོན།

སྐལ་ཐུབ་ཀྱིས་བསྒྱུར།        2021-03-10

རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་སྐྱབས་མགོན་དཔལ་ལྡན་རྡོ་རྗེས་དཀར་མཛེས་ཁུལ་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་གཞི་རྩ་ནི་འབྱུང་འཕྲོད་ལ་ཐུག་ཡོད་ཅེས་གསུངས། 

 

སྐྱབས་མགོན་དཔལ་ལྡན་རྡོ་རྗེས་གྲོས་འཆར་འདི་འདྲ་བཏོན།

    2021ལོའི་རྒྱལ་ཡོངས་ཀྱི་ཚོགས་ཆེན་གཉིས་ལ། རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན། ཀྲུང་གོ་ནང་བསྟན་ཆོས་ལུགས་མཐུན་ཚོགས་ཀྱི་ཚོགས་གཙོ་སྐྱབས་མགོན་དཔལ་ལྡན་རྡོ་རྗེས་རྟོག་ཞིབ་དང་གྲ་སྒྲིག་ཞིབ་ཚགས་བྱས་ཏེ་ཚོགས་ཆེན་ལ་སི་ཁྲོན་ཞིང་ཆེན་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་དང་འབྲེལ་བ་ཡོད་པའི་གྲོས་འཆར་བཞི་བཏོན་པ་དང་། དེ་དག་ཚང་མ་ནི་ལོ་ལྔའི་འཆར་འགོད་བཅུ་བཞི་པ་དང2035ལོའི་རྒྱང་རིང་དམིགས་འབེན་གྱི་རྩ་གནད་ལ་དམིགས་ཤིང་། འབྱུང་འཕྲོད་འཕེལ་རྒྱས་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས། ཐཱན་སྙོམས་འགྱུར། ཡུལ་སྡེ་དར་རྒྱས་སོགས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་སྲིད་གཞུང་ལས་དོན་སྙན་སྒྲོན་ནང་གི་གནད་ཚིག་དང་གཅིག་ཏུ་མཐུན་པ་ཤ་སྟག་རེད། 

   ཁོང་ནི་སྲིད་གྲོས་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་སྐབས་དགུ་པ་དང་བཅུ་པ། བཅུ་གཅིག་པ། བཅུ་གཉིས་པ། བཅུ་གསུམ་པ་བཅས་ཀྱི་ཨུ་ཡོན་ཡིན་ཞིང་། ཁོང་གིས་འབྲི་ཆུ་དང་རྨ་ཆུའི་འབབ་རྒྱུད་དང་རྒྱལ་ཡོངས་ཀྱི་སྐྱེ་ཁམས་ཉེན་མེད་ཡོང་བར་སྲུང་སྐྱོང་བྱས་ཏེ་དཀར་མཛེས་ཁུལ་གྱི་ཐོན་ཁུངས་དང་ནུས་ཁུངས་འབྱུང་འཕྲོད་སྣ་མང་ངང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཡོང་བར་སྐུལ་འདེད་གཏོང་བ་ནི་ཁོང་གིས་ཉེ་བའི་ལོ་ཤས་རིང་དོ་ཁུར་ཆད་མེད་གནང་བཞིན་པའི་བརྗོད་གཞི་དང་ལས་ཀའི་ནང་དོན་ཡིན་པ་རེད། ད་ལོར་ཁོང་གིས་གྲོས་འགོ་འདི་ལྟར་བཏོན་པ་སྟེ། རྒྱལ་ཁབ་ཀྱི་ངོས་ནས་དཀར་མཛེས་ཁུལ་གྱིས་རྒྱལ་ཁབ་ཀྱི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྱོང་དཔེ་སྟོན་ཁུལ་དང་རྫོང་གསར་འཛུགས་བྱ་རྒྱུར་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་གཏང་དགོས་པ་དང་། དཀར་མཛེས་ཁུལ་གྱི་ཉི་ནུས་དང་རླུང་ནུས་ཐོན་ཁུངས་རྒྱལ་ཁབ་ཀྱི་ནུས་ཁུངས་གཙང་མའི་འཕེལ་རྒྱས་འཐབ་ཇུས་དང་སི་ཁྲོན་ཞིང་ཆེན་ནུས་ཁུངས་གཙང་མའི་འཕེལ་རྒྱས་འཆར་འགོད་ཀྱི་ཁྲོད་དུ་བཙུད་དེ་དཀར་མཛེས་ཁུལ་གྱིས་རྒྱལ་ཁབ་རིམ་པའི་ཆུ་རླུང་མཛེས་ལྗོངས་གཞི་གཅིག་ཅན་སླར་སྐྱེས་ནུས་ཁུངས་རྟེན་གཞི་གསར་འཛུགས་བྱེད་པར་རོགས་རམ་བྱ་དགོས། སྔར་ལྷག་གིས་རྩྭ་ས་ཞན་འགྱུར་གྱི་བཅོས་སྐྱོང་བྱེད་ཤུགས་ཆེ་རུ་གཏང་དགོས། 

   ལག་བསྟར་ཞིབ་ཕྲ་བྱེད་སྟངས་ཐད་ཁོང་གིས་《དཀར་མཛེས་ཁུལ་གྱིས་རྒྱལ་ཁབ་ཀྱི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྱོང་དཔེ་སྟོན་ཁུལ་དང་རྫོང་གསར་འཛུགས་བྱ་རྒྱུར་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་གཏང་དགོས་པའི་སྐོར་གྱི་གྲོས་འགོ》ལས། གསར་འཛུགས་ཀྱི་ཞིབ་དཔྱད་ཚད་གཞི་འོས་འཚམ་ལྷུག་ཏུ་གཏོང་བ་དང་། དཀར་མཛེས་ཁུལ་གྱི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྱོང་དཔེ་སྟོན་ཁུལ་དང་རྫོང་གི་བཙོག་ཆུ་གཙང་སེལ་བྱེད་ཚད་ཀྱི་ཞིབ་དཔྱད་དམིགས་ཚད་དེ་བརྒྱ་ཆ85དང་བརྒྱ་ཆ70ལ་བཟོ་དགོས། གད་སྙིགས་གཙང་སེལ་སྒྲིག་ཆས་རྒྱལ་ཁབ་ཀྱི་གཙོ་གནད་ལས་གཞིའི་གསོག་ཉར་མཛོད་དུ་བཙུད་དེ་དཀར་མཛེས་ཁུལ་གྱི་ནོར་སྲིད་ཀྱི་ཁུར་པོ་ཇེ་ཡང་དུ་གཏང་དགོས། རྒྱལ་ཁབ་ཀྱིས་ལོ་རེར་དཔེ་སྟོན་རྫོང་གཅིག་ནས་གཉིས་བར་གསར་འཛུགས་དཔེ་སྟོན་གྱི་ཁོངས་སུ་གཞག་དགོས།

 

 

 

 

  • ལེ་ཚན་སྔོན་མ།:ཞི་ཅིན་ཕིང་མཚོ་སྔོན་འཐུས་ཚབ་ཚོགས་པའི་གྲོས་ཞིབ་ལ་ཞུགས་པ།
  • ལེ་ཚན་རྗེས་མ།:སྐབས་བཅུ་གསུམ་པའི་རྒྱལ་ཡོངས་སྲིད་གྲོས་ཀྱི་གྲོས་ཚོགས་ཐེངས་བཞི་པ་ཚོགས་མཇུག་འགྲིལ་བ།
  • དོ་སྣང་ཆེ་བའི་རྩོམ།