《ཀྲུང་གོ་གུང་ཁྲན་ཏང་གི་ལོ་རྒྱུས་མདོར་བསྡུས》 པར་སྐྲུན་འགྲེམས་སྤེལ་བྱས།

ཡེ་ཤེས་ཀྱིས་བསྒྱུར།        2021-03-01

ཞིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་སྤྱི་ཟླ2པའི་ཚེས25ཉིན་འབྱོར་བའི་གློག་འཕྲིན།ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ100འཁོར་རན་པའི་བའི་སྐབས་སུ། ཏང་ཀྲུང་དབྱང་གི་ཆོག་མཆན་ཐོབ་ནས་ཀྲུང་དབྱང་དྲིལ་བསྒྲགས་པུའུ་ཡིས་རྩ་འཛུགས་བྱས་པ་དང་།ཀྲུང་དབྱང་ཏང་གི་ལོ་རྒྱུས་དང་ཚད་ལྡན་ཡིག་ཆ་ཞིབ་འཇུག་ཁང་སོགས་སྡེ་ཚན་གྱིས་རྩོམ་སྒྲིག་བྱས་པའི《ཀྲུང་གོ་གུང་ཁྲན་ཏང་གི་ལོ་རྒྱུས་མདོར་བསྡུས》(གཤམ་དུ་བསྡུས་མིང་ལ《ལོ་རྒྱུས་མདོར་བསྡུས》ཞེས་བརྗོད)དེ་མི་དམངས་དཔེ་སྐྲུན་ཁང་དང་ཀྲུང་གུང་ཏང་གི་ལོ་རྒྱུས་དཔེ་སྐྲུན་ཁང་གིས་མཉམ་འབྲེལ་ཐོག་པར་སྐྲུན་བྱས་ཤིང་། གོང་ཚེས་ཉིན་ནས་རྒྱལ་ཡོངས་སུ་འགྲེམས་སྤེལ་བྱས་པ་རེད།

《ལོ་རྒྱུས་མདོར་བསྡུས》འདི་ནི་ཏང་ཀྲུང་དབྱང་གི་བཀོད་སྒྲིག་ལྟར་ཏང་ཡོངས་ཀྱིས་ཏང་གི་ལོ་རྒྱུས་ལ་སློབ་སྦྱོང་དང་སློབ་གསོ་བྱེད་པ་དང་རྩོམ་སྒྲིག་བྱས་པའི་ཏང་གི་ལོ་རྒྱུས་ཀྱི་ཀློག་དེབ་མདོར་བསྡུས་ཤིག་རེད། དེབ་ཟིན་རྩོམ་སྒྲིག་བྱེད་པའི་བརྒྱུད་རིམ་ནང་ཀྲུང་དབྱང་གི་མགོ་ཁྲིད་བློ་མཐུན་གྱིས་འཆར་ཟིན་འགོད་པ་དང་བཟོ་བཅོས་བརྒྱབ་པའི་ལས་དོན་ཐད་ཐེངས་མང་བཏོན་པོར་བླང་བྱ་གསལ་པོ་དང་།ཀྲུང་དབྱང་རྩ་འཛུགས་པུའུ་སོགས་ཀྲུང་དབྱང་གི་འབྲེལ་ཡོད་སྡེ་ཁག་དང་ཚན་ཞིབ་སྡེ་ཚན་གྱིས་རྒྱབ་སྐྱོར་དང་རོགས་རམ་ཤུགས་ཆེན་བྱས་ཡོད་པ་རེད།

《ལོ་རྒྱུས་མདོར་བསྡུས》ནང་རྩོད་སྒྲུབ་དངོས་གཙོ་རིང་ལུགས་དང་ལོ་རྒྱུས་དངོས་གཙོ་རིང་ལུགས་ཀྱི་ལངས་ཕྱོགས་ལྟ་བའི་ཐབས་ཤེས།བསམ་བློ་བཅིངས་འགྲོལ་དང་དངོས་ཐོག་བདེན་འཚོལ་རྒྱུན་འཁྱོངས་བྱས་ཏེ། “ལོ་རྒྱུས་ཀྱི་གྲོས་ཆོད”གཉིས་དང་ཏང་གི་ལོ་རྒྱུས་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལ་བརྩི་སྲུང་ནན་པོ་བྱས་པ། ལོ་ངོ་བརྒྱའི་རིང་གི་ཀྲུང་གོའི་གུང་ཁྲན་ཏང་གིས་མི་དམངས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་བྱས་ཏེ་གསར་བརྗེ་དང་། འཛུགས་སྐྲུན། བཅོས་བསྒྱུར་བཅས་བྱས་པའི་འོད་སྟོང་འཕྲོ་བའི་ལོ་རྒྱུས་ཀྱི་བརྒྱུད་རིམ་ཇི་མ་ཇི་བཞིན་ཟིན་ཐོར་བཀོད་ཡོད་པ་རེད། རང་རེའི་ཏང་གིས་རྒྱལ་ཁབ་འབྱོར་ཕྱུག་དང་། མི་རིགས་དར་རྒྱས། མི་དམངས་བདེ་སྐྱིད་དང་མིའི་རིགས་ཀྱི་དཔལ་ཡོན་ཡར་ཐོན་གྱི་བྱ་གཞག་བཅས་མངོན་འགྱུར་ཡོང་ཆེད་བཞག་པའི་ལོ་རྒྱུས་ཀྱི་མཛད་རྗེས་གང་ལེགས་མཚོན་པ་དང་། ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་རྒྱལ་ཁ་ནས་རྒྱལ་ཁའི་ཕྱོགས་སུ་ཟམ་མི་ཆད་པར་སྐྱོད་པའི་རྩ་ཆེའི་ཉམས་མྱོང་བརྒྱུད་རིམ་ལྡན་པའི་ངང་ཕྱོགས་སྡོམ་བྱས་པ། ལོ་རྒྱུས་ཀྱི་དུས་སྐབས་ཁག་ནང་ཏང་གི་རླབས་ཆེའི་སྙིང་སྟོབས་གཅིག་སྡུད་ཐོག་མཚོན་ཡོད་པ་རེད།

《ལོ་རྒྱུས་མདོར་བསྡུས》ལ་ཁྱོན་བསྡོམས་ལེའུ10དང་། ས་བཅད70 རྒྱ་ཡིག་གི་ཡིག་འབྲུ་ཁྲི28ཙམ་ཡོད་པ་དང་། ཏང་གི་ལོ་རྒྱུས་ལ་ཞིབ་འཇུག་བྱས་པའི་གྲུབ་འབྲས་གསར་ཤོས་བསྡུ་ལེན་གང་ལེགས་བྱས་པ། ལོ་རྒྱུས་དཔྱད་གླེང་ཟུང་འབྲེལ་གྱི་རྣམ་པའི་ཐོག་ནས་ལོ་རྒྱུས་ཀྱི་དོན་རྐྱེན་གལ་ཆེན་དང་ལོ་རྒྱུས་ཀྱི་མི་སྣ་གལ་ཆེན། བྱེད་ཕྱོགས་དང་སྲིད་ཇུས། འཐབ་ཇུས་བཀོད་སྒྲིག་གལ་ཆེན། རིགས་པའི་གཞུང་ལུགས་གསར་གཏོད་ཀྱི་གྲུབ་འབྲས་གལ་ཆེན་དང་འཕེལ་རྒྱས་ཀྱི་ལོ་རྒྱུས་བཅས་གཙོ་གནད་དུ་རྒྱས་བཤད་དང་གདེང་འཇོག་བྱས་པ། ཅིའི་ཕྱིར་ཀྲུང་གོའི་གུང་ཁྲན་ཏང“འཇོན་པ”དང་། ཅིའི་ཕྱིར་མར་ཁེ་སིའི་རིང་ལུགས“ལག་ལེན་བྱེད་པ།”ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས“བཟང་པོ”ཡིན་པའི་གནས་ལུགས་རྒྱས་བཤད་གཏིང་ཟབ་བྱས་ཡོད་པ་རེད། ཀྲུང་གོའི་གུང་ཁྲན་ཏང་མིའི་བླ་ན་མེད་པའི་གསར་བརྗེའི་སྙིང་སྟོབས་དང་ཉམས་འགྱུར་ནུས་ཤུགས་ཡོད་རྒུས་དར་སྤེལ་གཏོང་བ། ལོ་རྒྱུས་རང་བཞིན་གྱི་འཕོ་འགྱུར་ཁྲོད་ཀྱི་ནང་གནས་གཏན་ཚིགས་ལ་གོ་བ་གཏིང་ཟབ་ལེན་པ་དང་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཀྱི་རྒྱབ་ཀྱི་འགྲོ་ལམ་དང་། རིགས་པའི་གཞུང་ལུགས། ལམ་ལུགས། རིག་གནས་བཅས་ཀྱི་ལེགས་ཆ་དང་རྩོམ་སྲོལ་བབ་ཆགས་དང་གོ་བདེ་ཤེས་སླ་བཅས་ནི་ཏང་ཡོངས་དང་ལྷག་པར་དུ་གཞི་རིམ་ཏང་ཡོན་ལས་བྱེད་པས་ཏང་གི་ལོ་རྒྱུས་སློབ་སྦྱོང་བྱེད་པའི་ཀློག་དེབ་གལ་ཆེན་ཞིག་ཡིན་པ་རེད། །

  • ལེ་ཚན་སྔོན་མ།:འཁོར་སྐར་གྱིས་བླངས་པའི་མཚོ་སྔོན་པོའི་འདྲ་པར།
  • ལེ་ཚན་རྗེས་མ།:འབྱུང་འཕྲོད་འཕེལ་རྒྱས་ནི་གསེར་རི་དངུལ་རི་ཡིན།
  • དོ་སྣང་ཆེ་བའི་རྩོམ།