ཀྲུང་དབྱང་གི་གྲོང་གསེབ་ལས་དོན་ཚོགས་འདུ2020ལོའི་ཟླ12པའི་ཚེས28དང29ཉིན་པེ་ཅིང་དུ་འཚོགས།

    མི་དམངས་དྲ་བ།    2021-01-04

ཀྲུང་དབྱང་གི་གྲོང་གསེབ་ལས་དོན་ཚོགས་འདུ2020ལོའི་ཟླ12པའི་ཚེས28དང29ཉིན་པེ་ཅིང་དུ་འཚོགས།

ཟླ་12ཚེས་28དང་29ཉིན། ཀྲུང་དབྱང་གི་གྲོང་གསེབ་ལས་དོན་ཚོགས་འདུ་པེ་ཅིང་དུ་འཚོགས་པ་རེད། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་ཚོགས་འདུར་ཕེབས་པ་དང་འབྲེལ་གསུང་བཤད་གལ་ཆེན་ཡང་གནང་བ།


    ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་གློག་འཕྲིན་འབྱོར་གསལ། ཀྲུང་དབྱང་གི་གྲོང་གསེབ་ལས་དོན་ཚོགས་འདུ་2020ལོའི་ཟླ་12ཚེས་28དང་29ཉིན་པེ་ཅིང་དུ་འཚོགས་ཤིང་། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་ཚོགས་འདུར་ཞུགས་པ་དང་འབྲེལ་གསུང་བཤད་གལ་ཆེན་གནང་བ་རེད། ཞི་ཅིན་ཕིང་གིས། ལོ་བརྒྱ་གཉིས་ཀྱི་འབད་འཐབ་དམིགས་ཚད་ཕྱོགས་སུ་སྐྱོད་པའི་ལོ་རྒྱུས་ཀྱི་འགག་རྩའི་དུས་མཚམས་སུ། དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་སྐྱེད་གཏོང་བ་དང་། གྲོང་གསེབ་དར་རྒྱས་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བ། ཞིང་ལས་དང་གྲོང་གསེབ་དེང་རབས་ཅན་མགྱོགས་སུ་གཏོང་བ་བཅས་ནི་ཏང་ཡོངས་ཀྱིས་ཚད་མཐོའི་མཐོང་ཆེན་བྱེད་དགོས་པའི་སྤྱི་ཡོངས་དང་འབྲེལ་བ་ཡོད་པའི་གནད་དོན་གལ་ཆེན་ཞིག་རེད། ཏང་ཡོངས་ཀྱིས་ངེས་པར་དུ་འཕེལ་རྒྱས་ཀྱི་དུས་མཚམས་གསར་པར“ཞིང་གསུམ”ལས་དོན་ཡག་པོ་སྒྲུབ་པའི་གལ་ཆེའི་རང་བཞིན་དང་དགོས་གཏུགས་ཀྱི་རང་བཞིན་ལ་ངོས་འཛིན་གང་ལེགས་བྱས་ཏེ། “ཞིང་གསུམ”གནད་དོན་ཐག་གཅོད་ཡག་པོ་བྱེད་རྒྱུ་དེ་ཏང་ཡོངས་ཀྱི་ལས་དོན་གྱི་གལ་ཆེའི་ནང་གི་འགངས་ཆེར་བརྩི་རྒྱུ་མཐའ་འཁྱོངས་ཀྱིས་ཏང་ཡོངས་དང་སྤྱི་ཚོགས་ཡོངས་ཀྱི་སྟོབས་ཤུགས་གཅིག་ཏུ་བསྒྲིལ་ཏེ། གྲོང་གསེབ་དར་རྒྱས་ལ་སྐུལ་འདེད་བཏང་ནས་ཞིང་ལས་སྤུས་ཚད་མཐོ་ལ་ཕན་འབྲས་ཆེ་བ་དང་། གྲོང་གསེབ་སྡོད་མལ་དང་ལས་གཏོད་ལ་འཚམ་པ། ཞིང་པ་ཕྱུག་པོ་དང་འབྱོར་པ་རྒྱས་པ་བཅས་ལ་སྐུལ་འདེད་གཏོང་དགོས་པའི་ནན་བཤད་གནང་བ་རེད།
   ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆང་གིས་ཚོགས་འདུ་གཙོ་སྐྱོང་གནང་བ་རེད། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་ལི་ཀྲན་ཧྲུའུ་དང་། དབང་དབྱང་། ཝང་ཧུའུ་ཉིང་། ཀྲའོ་ལེ་ཅེ། ཧན་ཀྲེང་བཅས་ཚོགས་འདུར་ཕེབས་ཡོད་པ་རེད།
   ཞི་ཅིན་ཕིང་གིས་གསུང་བཤད་གནང་སྐབས། རང་རེའི་ཏང་དབུ་བརྙེས་རྗེས། ཀྲུང་གོའི་གསར་བརྗེའི་གཞི་རྩའི་གནད་དོན་ནི་ཞིང་པའི་གནད་དོན་ཡིན་པར་ངོས་འཛིན་གང་ལེགས་ཐུབ་ནས། རྒྱ་ཆེའི་ཞིང་པར་བདེ་སྐྱིད་བསྐྲུན་རྒྱུ་དེ་འགན་འཁྲི་གལ་ཆེན་ལ་བརྩིས་ཡོད། སྒྱུར་བཅོས་སྒོ་དབྱེ་བྱས་ཚུན། རང་རེའི་ཏང་གིས་ཞིང་པར་འགོ་ཁྲིད་ཀྱིས་སྔོན་ལ་སྒྱུར་བཅོས་བྱེད་འགོ་ཚུགས་ནས། གྲོང་གསེབ་ཀྱི་སྤྱི་ཚོགས་ཐོན་སྐྱེད་ནུས་ཤུགས་ལ་རྒྱུན་ཆད་མེད་པར་བཅིངས་འགྲོལ་དང་འཕེལ་རྒྱས་བཏང་སྟེ། གྲོང་གསེབ་ཕྱོགས་ཡོངས་ནས་ཡར་རྒྱས་ཡོང་བར་སྐུལ་འདེད་བཏང་ཡོད། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། ཏང་ཀྲུང་དབྱང་གིས“ཞིང་གསུམ”གྱི་གནད་དོན་ཐག་གཅོད་ཡག་པོ་བྱེད་རྒྱུ་དེ་ཏང་ཡོངས་ཀྱི་ལས་དོན་གྱི་གལ་ཆེའི་ནང་གི་འགངས་ཆེར་བརྩི་རྒྱུ་མཐའ་འཁྱོངས་བྱས་པ་དང་། དབུལ་སྒྲོལ་འགག་སྒྲོལ་བྱ་རྒྱུ་དེ་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པའི་མཚོན་རྟགས་རང་བཞིན་གྱི་འདུ་འགོད་ཅིག་ལ་བརྩིས་ཏེ། མིའི་རིགས་ཀྱི་ལོ་རྒྱུས་ཐོག་གཞི་ཁྱོན་ཆེ་ཤོས་དང་། སྤེལ་ཤུགས་ཆེ་ཤོས། ཕན་པ་ཐོབ་མཁན་མི་འབོར་མང་ཤོས་བཅས་ཀྱི་དབུལ་སྒྲོལ་འགག་སྒྲོལ་དམག་འཐབ་སྒྲིག་འཛུགས་ལ་སྐུལ་འདེད་བཏང་བ་དང་། གྲོང་གསེབ་དར་རྒྱས་ཀྱི་འཐབ་ཇུས་ལག་བསྟར་བྱེད་འགོ་ཚུགས་པས་ཞིང་ལས་དང་གྲོང་གསེབ་ལ་སྐུལ་འདེད་གཏོང་བའི་ཐད་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཐོབ་པ་དང་ལོ་རྒྱུས་རང་བཞིན་གྱི་འཕོ་འགྱུར་བྱུང་ཡོད། ཞིང་ལས་ཕྱོགས་བསྡུས་ཐོན་སྐྱེད་ནུས་ཤུགས་སྐས་རིམ་གསར་པ་ཞིག་ལ་སླེབས་པ་དང་། ཞིང་པའི་ཡོང་འབབ་2010ལོ་ལས་ལྡབ་གཅིག་འཕར་བ། གྲོང་གསེབ་ཀྱི་དམངས་འཚོ་མངོན་གསལ་དོད་པོས་ལེགས་སུ་ཕྱིན་པ་བཅས་བྱུང་ནས། གྲོང་གསེབ་ཀྱི་རྣམ་པ་གསར་རྐྱང་དུ་གྱུར་ཡོད། ས་ཁུལ་དབུལ་པོར་གནམ་ས་བླ་འོག་ཏུ་འགྱུར་བ་ལྟ་བུའི་འགྱུར་ལྡོག་བྱུང་ནས། ཀྲུང་ཧྭ་མི་རིགས་ལ་འཕྲད་པའི་ལོ་ངོ་སྟོང་ཕྲག་ཁ་ཤས་རིང་གི་དཀའ་ངལ་དབུལ་པོ་དབུལ་རྐྱང་གི་གནད་དོན་ཐག་གཅོད་བྱེད་པར་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཐོབ་སྟེ། ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་ཆེད་ལེགས་སྐྱེས་གལ་ཆེན་ཕུལ་ཡོད་ལ། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པའི་རྒྱང་སྐྱོད་ཀྱི་ལམ་བུ་གསར་པ་འབྱེད་ཆེད་རྨང་གཞི་བརྟན་པོ་ཡང་བཏིང་ཡོད་ཅེས་གསུངས་པ་རེད།
   ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་འཐབ་ཇུས་ཀྱི་སྤྱི་ཡོངས་ནས་བལྟས་ན། མི་རིགས་བསྐྱར་དར་ཡོང་བར། ངེས་པར་དུ་གྲོང་གསེབ་དར་རྒྱས་གཏོང་དགོས། འཛམ་གླིང་ལ་ལོ་བརྒྱའི་རིང་འཕྲད་མ་མྱོང་བའི་འགྱུར་ལྡོག་ཆེན་པོའི་ཁྲོད་ནས་བལྟས་ན། ཞིང་ལས་ཀྱི་གཞི་གདན་བརྟན་པོ་ཡོང་བ་བྱེད་པ་དང་། “ཞིང་གསུམ”གྱི་རྨང་གཞི་ཡག་པོ་སྲུང་རྒྱུ་ནི་འགྱུར་ལྡོག་ལ་ཁ་གཏད་གཅོག་པ་དང་འགོ་ཡག་པོ་འཛུགས་པའི“གྲུ་རྡོ”ལྟ་བུ་རེད། འཕེལ་རྒྱས་ཀྱི་རྣམ་པ་གསར་པ་གཏོད་པ་དང་། འཐབ་ཇུས་ཀྱི་གཞི་གནས་ནང་མཁོ་རྒྱ་ཆེར་གཏོང་བའི་ཐོག་བཞག་ཚེ། གྲོང་གསེབ་ལ་འཕེལ་རྒྱས་འགྲོ་གཞི་ཆེན་པོ་ཡོད་པ་དང་ལས་དོན་སྤེལ་རིན་ཆེན་པོ་ཡོད།
   ཞི་ཅིན་ཕིང་གིས་བསྟན་དོན། ཞིང་པ་ནི་རྒྱལ་ཁབ་ཀྱི་རྩ་བ་ཡིན་པས། རྩ་བ་བརྟན་པོ་བྱུང་ན་གཞི་ནས་རྒྱལ་ཁབ་དར་བ་ལོ་རྒྱུས་དང་དོན་དངོས་གཉིས་ཀས་ང་ཚོར་གསལ་པོ་བསྟན་ཡོད། ང་ཚོས་ལོ་རྒྱུས་ཀྱི་ལྟ་ཚུལ་ཆེན་པོའི་ཐོག་ནས་ཞིང་ལས་དང་། གྲོང་གསེབ། ཞིང་པ་བཅས་ལ་ལྟ་དགོས་པ་དང་། “ཞིང་གསུམ”གྱི་གནད་དོན་ལ་གོ་བ་གཏིང་ཟབ་བླངས་ཚེ། གཞི་ནས་རང་རེའི་ཏང་དང་། རྒྱལ་ཁབ། མི་རིགས་བཅས་ལ་དེ་བས་ལེགས་པའི་ངང་བསམ་ཤེས་བྱེད་ཐུབ། ངེས་པར་དུ་མཐོང་དགོས་པ་ཞིག་ལ། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པ་དང་། ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་ཡོང་བ་བྱེད་པར། དཀའ་ཚེགས་ཆེ་ཤོས་དང་རྙོག་འཛིང་ཆེ་ཤོས་ཀྱི་ལས་འགན་ནི་སྔར་བཞིན་གྲོང་གསེབ་ཡིན་པ་དང་། ཆེས་རྒྱ་ཁྱབ་དང་ཆེས་གཏིང་ཟབ་ཀྱི་རྨང་གཞི་སྔར་བཞིན་གྲོང་གསེབ་ཡིན།
   ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། དབུལ་སྒྲོལ་འགག་སྒྲོལ་ལ་རྒྱལ་ཁ་ཐོབ་རྗེས། གྲོང་གསེབ་དར་རྒྱས་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་རྒྱུ་དེ་ནི“ཞིང་གསུམ”ལས་དོན་གྱི་གཙོ་གནད་ལོ་རྒྱུས་རང་བཞིན་གྱི་ཁ་སྒྱུར་བྱས་པ་ཞིག་རེད། དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་མཐའ་གཅིག་ཏུ་སྲུང་དགོས་ན། དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་ཆེར་གཏོང་རྒྱུ་དང་གྲོང་གསེབ་དར་རྒྱས་གཏོང་རྒྱུ་ཟུང་འབྲེལ་དམ་ཟབ་བྱས་ནས། ལས་དོན་སྟོང་ཆ་མི་ལུས་པ་དང་སྲིད་ཇུས་སྟོང་ཆ་མི་ལུས་པ་བྱེད་དགོས། དབུལ་པོ་བསྐྱར་ལོག་སྔོན་འགོག་གི་སྟབས་བསྟུན་ལྟ་ཞིབ་དང་རོགས་སྐྱོར་ལམ་སྲོལ་འཐུས་སྒོ་ཚང་དུ་བཏང་ནས། ཡུལ་གཞན་དུ་གནས་སྤོས་དབུལ་སྐྱོར་མི་འབོར་ལ་རྒྱུན་རྣམ་ཅན་གྱི་ལྟ་ཞིབ་དང་། ཡོང་འབབ་ཆུ་ཚད་འགྱུར་ལྡོག་དང“སེམས་ཁྲལ་མེད་པ་གཉིས་དང་འགན་ལེན་གསུམ”གྱི་གྲུབ་འབྲས་སྲ་བརྟན་གནས་ཚུལ་ལ་གཙོ་གནད་ཐོག་ལྟ་ཞིབ། མུ་མཐུད་གནད་སྨིན་ཇུས་འདོན་བཅས་བྱེད་དགོས། ས་ཁུལ་དབུལ་པོའི་ཐོན་ལས་རོགས་སྐྱོར་ལས་དོན་མུ་མཐུད་སྒྲུབ་པ་དང་། ལག་རྩལ་དང་། སྒྲིག་བཀོད། ཚོང་གཉེར་སོགས་ཀྱི་ཞན་ཆ་བསལ་ནས་ཐོན་ལས་རིམ་སྤོར་ལ་སྐུལ་འདེད་གཏོང་དགོས། ཡུལ་གཞན་དུ་གནས་སྤོས་དབུལ་སྐྱོར་ལ་རྗེས་མཐུད་འདེགས་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་བ་དང་། ཐབས་ལམ་མང་པོའི་ཐོག་ནས་ལས་ཞུགས་ལ་སྐུལ་འདེད་གཏོང་བ། ལེ་ལག་ཚང་བའི་རྨང་གཞིའི་སྒྲིག་བཀོད་དང་སྤྱི་པའི་ཞབས་ཞུར་ཤུགས་སྣོན་རྒྱག་པ། སྤྱི་ཚོགས་དོ་དམ་ཡག་པོ་བྱེད་པ་བཅས་ཀྱི་ཐོག་ནས་གནས་སྤོས་མང་ཚོགས་གཞིས་ཆགས་ཐུབ་པ་དང་། ལས་ཞུགས་ཐུབ་པ། རིམ་གྱིས་ཕྱུག་པོ་ཆགས་པ་བཅས་བྱེད་དགོས། ཏང་ཀྲུང་དབྱང་གིས། དབུལ་སྒྲོལ་འགག་སྒྲོལ་གྱི་དམིགས་ཚད་དང་ལས་འགན་ལེགས་གྲུབ་བྱུང་རྗེས། དབུལ་སྒྲོལ་ཐུབ་པའི་རྫོང་དབུལ་སྒྲོལ་ཐུབ་པའི་ཉིན་ནས་བཟུང་ལོ་5ཡི་བར་བརྒལ་དུས་སྐབས་གཏན་འཁེལ་བྱེད་རྒྱུའི་གཏན་འབེབས་བྱས་ཡོད། བར་བརྒལ་དུས་སྐབས་ནང་རོགས་སྐྱོར་སྲིད་ཇུས་གཙོ་བོ་སྤྱིའི་ཆ་ནས་བརྟན་པོ་ཡོང་རྒྱུ་རྒྱུན་འཁྱོངས་བྱེད་དགོས། ད་ཡོད་ཀྱི་རོགས་སྐྱོར་སྲིད་ཇུས་རིམ་པ་བཞིན་བཟང་སྒྲིག་དང་ལེགས་སྒྲིག་བྱས་ནས་དལ་ལྷོད་དང་། སྤེལ་ཤུགས། དུས་བཅད་བཅས་ལུགས་མཐུན་ངང་སྟངས་འཛིན་དང་ལེགས་སྒྲིག་བྱས་ཏེ། ཐོན་ཁུངས་གཅིག་སྡུད་ཀྱིས་དབུལ་སྒྲོལ་འགག་སྒྲོལ་ལ་རྒྱབ་སྐྱོར་བྱེད་པ་ནས་ཕྱོགས་ཡོངས་ནས་གྲོང་གསེབ་དར་རྒྱས་ལ་སྐུལ་འདེད་གཏོང་རྒྱུར་རིམ་པས་བར་བརྒལ་ཡོང་བ་བྱེད་དགོས།
   ཞི་ཅིན་ཕིང་གིས་བསྟན་དོན། འབྲུ་རིགས་བདེ་འཇགས་ཀྱི་རང་འགུལ་དབང་ཆར་སྟངས་འཛིན་ནན་པོ་བྱས་ནས། འབྲུ་རིགས་ཐོན་སྐྱེད་ལ་ལོ་ལྟར་དམ་འཛིན་ནན་པོ་བྱེད་དགོས། མུའུ་དུང་ཕྱུར་18ཟིན་པའི་རྨོ་ཞིང་གི་དམར་ཐིག་ནན་པོ་སྲུང་བ་དང་། ཤུགས་ནུས་ལྡན་པའི་བྱ་ཐབས་ནན་པོ་སྤྱད་དེ། རྨོ་ཞིང་སྲུང་སྐྱོང་ལམ་ལུགས་ནན་ཤོས་དོན་འཁྱོལ་བྱེད་དགོས། ཚད་གཞི་མཐོ་བའི་ས་ཞིང་བཟོས་ནས། ཐན་ཞོད་གང་བྱུང་ཡང་ལོ་ཏོག་བསྡུ་རྒྱུ་ཡོད་པ་དང་ཐོན་འབོར་མང་བ་དང་ཐོན་ཚད་བརྟན་པོ་དངོས་འབྲེལ་ཡོང་བ་བྱེད་དགོས། ས་རྒྱུ་ནག་པོ་སྲུང་སྐྱོང་བྱེད་རྒྱུ་དེ་དོན་ཆེན་ཞིག་ལ་བརྩིས་ནས་དམ་འཛིན་བྱེད་པ་དང་། ས་རྒྱུ་ནག་པོ་བེད་སྤྱོད་ཡག་པོ་དང་བདག་སྐྱོང་ཡག་པོ་བྱེད་དགོས། ཞིང་ལས་ཚན་རྩལ་རང་ཚུགས་སྟོབས་འཕེལ་ཡོང་བ་མཐའ་འཁྱོངས་བྱས་ནས་ཞིང་ལས་ཀྱི་འགག་རྩའི་ལྟེ་བའི་ལག་རྩལ་འགག་སྒྲོལ་ཡོང་བར་སྐུལ་འདེད་མགྱོགས་མྱུར་གཏོང་དགོས། ཞིང་པས་ལོ་ཏོག་འདེབས་པའི་ཧུར་སེམས་སྐོང་འཐེན་བྱེད་པ་དང་། འབྲུ་འདེབས་ཞིང་པར་ཁ་གསབ་རོགས་དངུལ་བརྟན་པོ་དང་མང་པོ་ཐོབ་པར་བྱེད་པ། བསྡུ་གསོག་སྙོམས་སྒྲིག་ནུས་པ་ཆེ་རུ་གཏོང་བ། ཉོ་སྒྲུབ་གོང་ཚད་དམའ་ཚད་ཀྱི་སྲིད་ཇུས་མཐའ་འཁྱོངས་དང་འཐུས་སྒོ་ཚང་དུ་གཏོང་བ། མ་གནས་ཆ་ཚང་དང་ཡོང་འབབ་འགན་བཅོལ་ཁྱབ་ཁོངས་རྒྱ་ཆེར་གཏོང་བ་བཅས་བྱེད་དགོས། ས་གནས་རིམ་ཁག་ཏང་ཨུད་དང་སྲིད་གཞུང་གིས་འབྲུ་རིགས་བདེ་འཇགས་ཀྱི་ཆབ་སྲིད་ཀྱི་འགན་འཁྲི་འཁུར་བ་དང་། ཏང་སྲིད་ཀྱིས་འགན་འཁྲི་གཅིག་མཚུངས་ཁུར་ནས།“ཟ་འབྲུ”ཧྲེང་ཀྲང་གིས་འགན་འཁུར་དགོས་ལ་ཧྲུའུ་ཅིས་ཀྱང་འགན་འཁུར་དགོས། ཞིང་ལས་མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཆའི་རང་བཞིན་གྱི་སྒྱུར་བཅོས་ལ་སྐུལ་འདེད་གཏིང་ཟབ་བཏང་ནས། འབྲུ་རིགས་སྣ་ཁ་ལེགས་གསོ་དང་། སྤུས་ཚད་མཐོར་གཏོང། སྤུས་རྟགས་གཏོད་པ། ཚད་ལྡན་ཅན་གྱི་ཐོན་སྐྱེད་བཅས་ལ་སྐུལ་འདེད་གཏོང་དགོས། ཕག་པ་ཐོན་སྐྱེད་སླར་གསོར་མུ་མཐུད་དམ་འཛིན་བྱས་ཏེ་ཐོན་ལས་འཕེལ་རྒྱས་བརྟན་པོ་ཡོང་བར་སྐུལ་འདེད་གཏོང་དགོས། ཁེ་ལས་ཕྱིར་བསྐྱོད་རྒྱུར་རྒྱབ་སྐྱོར་བྱེད་དགོས། རྒྱུན་འཁྱོངས་ལྷོད་མེད་ངང་བཟའ་བཏུང་འཕྲོ་བརླག་གཏོང་རིགས་བཀག་འགོག་བྱེད་དགོས།
   ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། གྲོང་གསེབ་དར་རྒྱས་ཀྱི་འཐབ་ཇུས་ཕྱོགས་ཡོངས་ནས་ལག་ལེན་བསྟར་བའི་གཏིང་ཟབ་ཚད་དང་། རྒྱ་ཆེ་ཚད། དཀའ་ཚད་བཅས་དབུལ་སྒྲོལ་འགག་སྒྲོལ་ལས་ཆུང་བ་མེད་པས། ངེས་པར་དུ་རྩེ་རིམ་ཇུས་འགོད་ལ་ཤུགས་སྣོན་བརྒྱབ་སྟེ་དེ་བས་བྱེད་ཐབས་ནུས་ལྡན་དང་སྟོབས་ཤུགས་དེ་བས་ཆེ་བ་གཅིག་ཏུ་བསྒྲིལ་ཏེ་སྐུལ་འདེད་གཏོང་དགོས། གཅིག་ནས་གྲོང་གསེབ་ཀྱི་ཐོན་ལས་འཕེལ་རྒྱས་མགྱོགས་པོ་གཏོང་བ་དང་། ཐོན་ལས་འཕེལ་རྒྱས་ཀྱི་ཆོས་ཉིད་དང་འཚམ་པར་བྱེད་པ། ས་གནས་དེ་གའི་ཁྱད་ལྡན་ཐོན་ཁུངས་ལ་གཞི་ཚུགས་པ། གྲོང་གསེབ་ཀྱི་ཐོན་ལས་འཕེལ་རྒྱས་དང་རྒྱ་སྟོབས་ཆེ་རུ་འགྲོ་རྒྱུར་སྐུལ་འདེད་གཏོང་བ། ཐོན་ལས་བཀོད་སྒྲིག་ལེགས་སུ་གཏོང་བ། ཁེ་ཕན་གྱི་མཉམ་འབྲེལ་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ་བཅས་བྱས་ནས། ཞིང་པར་ཐོན་ལས་ཀྱི་གནས་ཐང་འཕར་བའི་ཁེ་ཕན་དེ་བས་མང་བ་མཉམ་སྤྱོད་ཡོང་བ་བྱེད་དགོས། གཉིས་ནས་སྤྱི་ཚོགས་རིང་ལུགས་ཀྱི་བསམ་པའི་དཔལ་ཡོན་འཛུགས་སྐྱོང་ལ་ཤུགས་སྣོན་དང་། གྲོང་གསེབ་ཀྱི་བསམ་བློ་ཀུན་སྤྱོད་འཛུགས་སྐྱོང་ལ་ཤུགས་སྣོན། སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་དར་སྤེལ་དང་ལག་ལེན་བསྟར་བ། ཚན་རིག་ཤེས་བྱ་ཁྱབ་གདལ་གཏོང་བ། གྲོང་གསེབ་ཀྱི་གོམས་སྲོལ་སྒྱུར་བར་སྐུལ་འདེད་གཏོང་བ་བཅས་བྱས་ནས། གྲོང་སྲོལ་ཡ་རབས་དང་། ཁྱིམ་སྲོལ་བཟང་པོ། དམངས་སྲོལ་བབ་ཆགས་བཅས་ཆགས་རྒྱུར་སྐུལ་འདེད་གཏོང་དགོས། གསུམ་ནས་གྲོང་གསེབ་ཀྱི་སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་ལ་སྐུལ་འདེད་གཏོང་བ་དང་། འཐབ་ཇུས་ཀྱི་ངེས་ཤུགས་རྒྱུན་འཁྱོངས། གཟེར་འདེབས་ཀྱི་སྙིང་སྟོབས་ལ་བརྟེན་ནས་ཞིང་ལས་ཁྱབ་ཁོངས་ཀྱི་སྦགས་བཙོག་གི་འབྱུང་ཁུངས་འགོག་བཅོས་ལ་སྐུལ་འདེད་གཏོང་བ་བཅས་བྱས་ནས་ས་གཤིས་ཀྱི་སྦགས་བཙོག་དང་། ས་འོག་ཆུ་ཚད་ལས་བརྒལ་ནས་འདོན་པ། ས་ཆུ་ཤོར་བ་སོགས་བཅོས་སྒྲིག་དང་ཉམས་གསོར་ཤུགས་སྣོན་རྒྱག་དགོས། བཞི་ནས་གྲོང་གསེབ་ཀྱི་སྒྱུར་བཅོས་ཟབ་ཏུ་གཏོང་བ་དང་། གྲོང་གསེབ་ཀྱི་གཙོ་གནད་ཁྱབ་ཁོངས་དང་འགག་རྩའི་ལྷུ་ཚིགས་སྒྱུར་བཅོས་ལ་སྐུལ་འདེད་མགྱོགས་པོ་གཏོང་བ། གྲོང་གསེབ་ཐོན་ཁུངས་ཀྱི་རྒྱུ་རྐྱེན་གཙོ་བོའི་གསོན་ཤུགས་འཕེལ་བ། ཞིང་ལས་ལ་རྒྱབ་སྐྱོར་དང་སྲུང་སྐྱོང་བྱེད་པའི་ལམ་ལུགས་འཐུས་སྒོ་ཚང་དུ་གཏོང་བ། གཞི་རིམ་དང་མང་ཚོགས་ཀྱི་གསར་གཏོད་ལ་བརྩི་འཇོག་བྱེད་པ་བཅས་བྱས་ཏེ། སྒྱུར་བཅོས་ལ་ཚད་བརྒལ་གསར་པ་ཟམ་མི་ཆད་པར་ཡོང་རྒྱུར་སྐུལ་འདེད་གཏོང་དགོས། ལྔ་ནས་གྲོང་གསེབ་འཛུགས་སྐྲུན་གྱི་བྱ་སྤྱོད་ལག་བསྟར་བྱེད་པ་དང་། སྤྱི་པའི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་གྱི་གཙོ་གནད་མུ་མཐུད་གྲོང་གསེབ་ཏུ་འཇོག་པ། གྲོང་ཁྱེར་དང་གྲོང་གསེབ་ཀྱི་གཞི་རྩའི་སྤྱི་པའི་ཞབས་ཞུ་དོ་སྙོམས་ཅན་ལ་སྐུལ་འདེད་གཏོང་བའི་ཐད་མུ་མཐུད་ཤུགས་རྒྱག་པ་བཅས་བྱས་ནས་ཀུན་ཕན་གྱི་རང་བཞིན་དང་། ཐ་སྐྱོང་གི་རང་བཞིན། རྨང་གཞིའི་རང་བཞིན་བཅས་ཀྱི་དམངས་འཚོའི་འདུ་འགོད་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་རྒྱུར་སྣང་ཆེན་བྱེད་དགོས། གྲོང་གསེབ་ཀྱི་སྡོད་མལ་ཁོར་ཡུག་བཅོས་སྒྲིག་དང་མཐོར་གཏོང་བྱ་སྤྱོད་ལ་མུ་མཐུད་སྐུལ་འདེད་བཏང་ནས་གསང་སྤྱོད་གསར་བརྗེ་དང་། བཙོག་ཆུ་གཙང་གསིང་། གད་སྙིགས་གཙང་སེལ་བཅས་གཙོ་གནད་དུ་བཟུང་ནས་དམ་འཛིན་ཡག་པོ་བྱེད་དགོས། གྲོང་ཚོའི་བཀོད་པ་རིགས་དབྱེ་ལུགས་མཐུན་ངང་གཏན་འཁེལ་བྱས་ཏེ། སྲོལ་རྒྱུན་གྱི་གྲོང་ཚོ་དང་ཤང་དང་གྲོང་གསེབ་ཀྱི་དམིགས་བསལ་རྣམ་པར་སྲུང་སྐྱོང་བྱེད་པར་སྣང་ཆེན་གྱིས་རིགས་དབྱེ་མཛུབ་ཁྲིད་ལ་ཤུགས་སྣོན་རྒྱག་དགོས། དྲུག་ནས་གྲོང་ཁྱེར་དང་གྲོང་གསེབ་མཉམ་འདྲེས་འཕེལ་རྒྱས་ལ་ཕན་འབྲས་དངོས་ཐོན་རྒྱུར་སྐུལ་འདེད་གཏོང་བ་དང་། གྲོང་ཁྱེར་དང་གྲོང་གསེབ་མཉམ་འདྲེས་འཕེལ་རྒྱས་ཀྱི་སྒྲིག་སྲོལ་ལམ་སྲོལ་འཐུས་སྒོ་ཚང་དུ་བཏང་ནས། གྲོང་གསེབ་ཀྱི་མི་འབོར་གྲོང་མི་ཅན་ལ་སྐུལ་འདེད་གཏོང་དགོས། རྫོང་ཁོངས་གྲོང་ཁྱེར་དང་གྲོང་གསེབ་མཉམ་འདྲེས་འཕེལ་རྒྱས་ཀྱི་འཇུག་གཞི་གཙོ་བོར་བརྩིས་ཏེ། རྫོང་རིམ་པར་ཐོན་ཁུངས་དེ་བས་མང་བ་བསྡུ་སྒྲིལ་བཀོལ་སྤྱོད་བྱེད་པའི་རང་རྟེན་དབང་ཆ་སྤྲད་ནས། རྫོང་གྲོང་གི་ཕྱོགས་བསྡུས་ཞབས་འདེགས་ཞུ་ནུས་ཆེ་རུ་གཏོང་དགོས། བདུན་ནས་གྲོང་གསེབ་བཅོས་སྒྲིག་ལ་ཤུགས་སྣོན་དང་ལེགས་སུ་གཏོང་བ་དང་། ཏང་རྩ་འཛུགས་ཀྱིས་འགོ་ཁྲིད་པའི་གྲོང་གསེབ་བཅོས་སྐྱོང་མ་ལག་གང་མགྱོགས་འཛུགས་པ། དུས་བདེའི་གྲོང་གསེབ་འཛུགས་སྐྲུན་ལ་སྐུལ་འདེད་གཏིང་ཟབ་གཏོང་བ། གྲོང་གསེབ་བཅོས་སྒྲིག་བྱེད་ཐབས་གསར་གཏོད་བྱེད་པ་བཅས་ཀྱིས་གྲོང་གསེབ་ལེགས་བཅོས་ཀྱི་ཆུ་ཚད་མཐོ་རུ་གཏོང་དགོས།
   ཞི་ཅིན་ཕིང་གིས། ཏང་གིས“ཞིང་གསུམ”ལས་དོན་ལ་ཕྱོགས་ཡོངས་ནས་འགོ་ཁྲིད་བྱེད་པར་ཤུགས་སྣོན་རྒྱག་དགོས། རིམ་ཁག་ཏང་ཨུད་ཀྱིས་ཆབ་སྲིད་ཀྱི་འགན་འཁྲི་ཕྲག་ཏུ་ཁུར་ནས། ཞིང་ལས་དང་ཞིང་གྲོང་སྔོན་ལ་འཕེལ་རྒྱས་གཏོང་བའི་མཛད་ཇུས་དོན་འཁྱོལ་བྱས་ཏེ། སྟོབས་ཤུགས་དེ་བས་ཆེན་པོས་གྲོང་གསེབ་དར་རྒྱས་ལ་སྐུལ་འདེད་གཏོང་དགོས། རྫོང་ཨུད་ཧྲུའུ་ཅིས་སེམས་ནུས་གཙོ་བོ“ཞིང་གསུམ”ལས་དོན་ལ་བཞག་སྟེ། གྲོང་གསེབ་དར་རྒྱས་ཀྱི“འཐབ་ས་དང་པོའི་སྤྱི་ཁྱབ་བཀོད་འདོམས་པ”ཡག་པོ་བྱེད་དགོས། ཤང་དང་གྲོང་རྡལ་གྱི་འགོ་ཁྲིད་ཚན་ཁག་དང་། གྲོང་ཚོའི“ཨུ་ལྷན་གཉིས”ཀྱི་ཁོངས་མི་དང་ལྷག་པར་དུ་གྲོང་གསེབ་ཀྱི་ཏང་ཀྲི་པུའི་ཧྲུའུ་ཅི་བཅས་ཧྲག་འདེམས་བྱེད་དགོས། གཞི་རིམ་ལ་དམ་འཛིན་བྱེད་པ་དང་། རྨང་གཞི་བརྟན་དུ་གཏོང་བ། གཞི་རྩ་བརྟན་དུ་གཏོང་བ་བཅས་ཀྱི་ལས་ཀའི་སྟོན་ཕྱོགས་མངོན་གསལ་དོད་པོ་ཡོང་བ་དང་། ཐོན་ཁུངས་སྣ་ཚོགས་གཞི་རིམ་ལ་ཕྱོགས་རྒྱུར་སྐུལ་འདེད་བཏང་སྟེ། གཞི་རིམ་གྱི་ལས་སྒྲུབ་ལས་གཏོད་ལ་ཆ་རྐྱེན་དེ་བས་ལེགས་པ་སྐྲུན་དགོས། ཆབ་སྲིད་དང་། འཇོན་ཐང་། ཀུན་སྤྱོད་བཅས་ཀྱི་ཉམས་སད་ཐེག་ཐུབ་པའི་གྲོང་གསེབ་དར་རྒྱས་ཀྱི་ལས་བྱེད་པའི་དཔུང་ཁག་ཅིག་འཛུགས་སྐྱོང་བྱས་ཏེ། ཕུལ་བྱུང་ལས་བྱེད་པ་ཁག་གཅིག་གྲོང་གསེབ་དར་རྒྱས་ཀྱི་འཐབ་ས་དང་པོའི་ལས་གནས་སུ་མངགས་ནས། གྲོང་གསེབ་དར་རྒྱས་གཏོང་རྒྱུ་ལས་བྱེད་པ་གསོ་སྐྱོང་དང་སྦྱོང་བརྡར་བྱེད་པའི་ལས་སྟེགས་ཆེན་པོ་ཞིག་ལ་བརྩི་དགོས། ཤེས་ལྡན་མི་སྣ་སྣ་ཚོགས་གྲོང་གསེབ་དར་རྒྱས་ལ་བྱས་རྗེས་འཇོག་པའི་ཡིད་དབང་བཀུག་ནས་རྒྱ་ཆེའི་ཞིང་པ་མང་ཚོགས་ཀྱི་ཧུར་སེམས་དང་། རང་འགུལ། གསར་གཏོད་བྱེད་སེམས་བཅས་འཕེལ་བ་བྱེད་དགོས་ཞེས་བསྟན་གནང་བ་རེད།
   ཚོགས་འདུའི་ཐོག 《གྲོང་གསེབ་དར་རྒྱས་ལ་ཕྱོགས་ཡོངས་ནས་སྐུལ་འདེད་བཏང་སྟེ་ཞིང་ལས་དང་གྲོང་གསེབ་དེང་རབས་ཅན་སྐྲུན་མགྱོགས་སུ་གཏོང་རྒྱུའི་སྐོར་གྱི་ཀྲུང་གུང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བསམ་འཆར(གྲོས་བསྡུར་མ་ཟིན)》ལ་གྲོས་བསྡུར་བྱས་པ་རེད།

  • ལེ་ཚན་སྔོན་མ།:ཀྲུང་དབྱང་གིས་གྲོང་གསེབ་ལས་དོན་གྲོས་ཚོགས་འཚོགས་པ།
  • ལེ་ཚན་རྗེས་མ།:བོད་ལྗོངས་མངའ་རིས་ས་ཁུལ་གྱི་གཙོད་ཀྱི་ཁ་གྲངས་ཁྲི6ཙམ་ཟིན་པ།
  • དོ་སྣང་ཆེ་བའི་རྩོམ།