མི་དམངས་དྲ་བ། 2020-12-31
སློབ་མར་སློབ་གསོའི་ཆད་གཅོད་བསླབ་འདོམས་བྱེད་པའི་རིགས་གཏན་འཁེལ་བྱས་པ
ཉེ་ཆར། སློབ་གསོ་པུས《སློབ་གྲྭ་འབྲིང་ཆུང་གི་སློབ་གསོའི་ཆད་གཅོད་བསླབ་འདོམས་སྒྲིག་སྲོལ(ཚོད་ལྟའི་ལག་བསྟར)》(གཤམ་ལ《སྒྲིག་སྲོལ》ཞེས་བསྡུ་རྒྱུ)བཟོས་ནས་ཁྱབ་བསྒྲགས་བྱས་པ་མ་ཟད། 2021ལོའི་ཟླ་3ཚེས་1ཉིན་ནས་བཟུང་ལག་བསྟར་བྱ་རྒྱུ་ཡིན་པ་རེད། 《སྒྲིག་སྲོལ》ནང་བཏོན་དོན། དགོས་ངེས་ཀྱི་གནས་ཚུལ་འོག་སློབ་གྲྭ་དང་དགེ་རྒན་གྱིས་བཀའ་བཀོད་དང་ལེན་མི་བྱེད་པ་དང་། སྒྲིག་ལམ་དཀྲུག་པ། སྤྱོད་ལམ་ཞན་པ། ཉེན་ཁ་ཆེ་བ། ཁེ་དབང་ལ་གནོད་འཚེ་གཏོང་བ་སོགས་ཀྱི་གནས་ཚུལ་ལྡན་པའི་སློབ་མར་སློབ་གསོའི་ཆད་གཅོད་བསླབ་འདོམས་ལག་བསྟར་བྱེད་ཆོག་གི་ཡོད།
《སྒྲིག་སྲོལ》ནང་སློབ་གསོའི་བསླབ་འདོམས་ཀྱི་གོ་དོན་ལ་ངེས་བརྗོད་ཐོག་མར་བྱས་ཡོད། སློབ་གསོའི་ཆད་གཅོད་བསླབ་འདོམས་གཏན་འཁེལ་བྱས་པ་ནི“སློབ་གྲྭ་དང་དགེ་རྒན་གྱིས་སློབ་གསོའི་དམིགས་ཡུལ་གཞིར་བཟུང། སྒྲིག་འགལ་ཁྲིམས་འགལ་གྱི་སློབ་མར་དོ་དམ་བྱེད་པ་དང་སློབ་གསོ་གཏོང་བའམ་ཡང་ན་གཏན་འབེབས་བྱེད་ཐབས་ལ་བརྟེན་ནས་ཡོ་བསྲང་བྱས་ཏེ་སློབ་མས་བསླབ་བྱ་དང་ལེན་གྱིས་ནོར་འཁྲུལ་གྱི་སློབ་གསོའི་བྱ་སྤྱོད་ལ་ངོས་འཛིན་དང་ཡོ་བསྲང་བྱ་རྒྱུར་སྐུལ་འདེད་གཏོང་ཆེད་རེད”སློབ་གསོའི་ཆད་གཅོད་བསླབ་འདོམས་ནི་ཆད་པ་གཅོད་པ་ཞིག་མིན་པར། དེ་ནི་སློབ་གསོ་གཏོང་སྟངས་ཤིག་ཡིན་པ་ཁ་གསལ་བཏོན་ཡོད། སློབ་གསོའི་ཆད་གཅོད་བསླབ་འདོམས་ཀྱི་སློབ་གསོའི་ཁོངས་གཏོགས་ནི་སློབ་གྲྭ་དང་དགེ་རྒན་གྱིས་སློབ་གསོའི་དབང་ཆ་དང་། དོ་དམ་དབང་ཆ། གདེང་འཇོག་དབང་ཆ་བཅས་སྤྱོད་པའི་ཞིབ་ཕྲའི་བྱེད་ཐབས་ཤིག་ཡིན་པའི་ནན་བཤད་བྱས་ཡོད།
ཚད་གཞི་ལྕི་ཡང་གཞིར་བཟུང་། 《སྒྲིག་སྲོལ》ནང་སློབ་གསོའི་ཆད་གཅོད་བསླབ་འདོམས་དེ་སྤྱིར་བཏང་གི་སློབ་གསོའི་ཆད་གཅོད་བསླབ་འདོམས་དང་། སློབ་གསོའི་ཆད་གཅོད་བསླབ་འདོམས་ལྕི་རིགས། སློབ་གསོའི་ཆད་གཅོད་བསླབ་འདོམས་ཚབས་ཆེན་བཅས་རིགས་གསུམ་ལ་ཕྱེ་ཡོད། སྤྱིར་བཏང་གི་སློབ་གསོའི་ཆད་གཅོད་བསླབ་འདོམས་ལ་ཆ་མཚོན་ན། སྒྲིག་འགལ་ཁྲིམས་འགལ་གྱི་ཉེས་ཚབས་ཆུང་རིགས་ཀྱི་སློབ་མར་སྤྱོད་པ་དང་དེའི་ནང་མིང་འདོན་སྐྱོན་བརྗོད་དང་། ངག་ཐོག་གམ་ཡང་ན་ཡིག་ཐོག་ནས་རང་སྐྱོན་རང་བརྗོད་བྱེད་པ་སོགས་ཚུད་ཡོད། སློབ་གསོའི་ཆད་གཅོད་བསླབ་འདོམས་ལྕི་རིགས་ལ་ཆ་མཚོན་ན། སྒྲིག་འགལ་ཁྲིམས་འགལ་གྱི་ཉེས་ཚབས་ཆེ་རིགས་སམ་ཡང་ན་ས་གནས་ས་ཐོག་ཏུ་སློབ་གསོའི་ཆད་གཅོད་བསླབ་འདོམས་བྱས་ཀྱང་ཡོ་བསྲང་མི་གཏོང་བའི་སློབ་མར་སྤྱད་པ་དེའི་ནང་ཀུན་སྤྱོད་སློབ་གསོའི་ལས་དོན་གྱི་འགན་འཁུར་བས་ཁ་ཏ་བསླབ་བྱ་བྱེད་པ་དང། སློབ་གྲྭའི་ནང་ངོས་ཀྱི་སྤྱི་པའི་ཞབས་ཞུའི་འགན་འཁུར་བ། སྤྲོ་གསེང་ལྟ་སྐོར་དང་དེ་བཞིན་མཉམ་སྡེབ་ཀྱི་བྱེད་སྒོ་གཞན་དག་སྤེལ་མཚམས་འཇོག་པའམ་ཡང་ན་དེའི་ནང་ཞུགས་མི་ཆོག་པ་སོགས་ཚུད་པ། སློབ་གསོའི་ཆད་གཅོད་བསླབ་འདོམས་ཚབས་ཆེན་ལ་ཆ་མཚོན་ན། སྒྲིག་འགལ་ཁྲིམས་འགལ་གྱི་ཉེས་ཚབས་ཆེ་རིགས་སམ་ཡང་ན་ཤུགས་རྐྱེན་ངན་པ་ཕོག་རིགས་ལ་སྤྱོད་པ་མ་ཟད། ངེས་པར་དུ་སློབ་ཆུང་གི་ལོ་རིམ་མཐོ་བ་དང་། སློབ་འབྲིང་དང་མཐོ་རིམ་སློབ་འབྲིང་དུས་མཚམས་ཀྱི་སློབ་མ་ཡིན་དགོས་པ་དེའི་ནང་སློབ་ཁྲིད་དང་སློབ་སྦྱོང་བྱེད་མཚམས་འཇོག་པ་དང་། ཆེད་དོན་མི་སྣ་སློབ་མར་ཡོ་བསྲང་ཟུར་ཁྲིད་བྱེད་པར་གཏོང་བ་སོགས་ཚུད་ཡོད།
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10