ས་སྐྱ་རྫོང་གིས་ཡུལ་སྐོར་རྣམ་པའི་གནའ་གྲོང་འཛུགས་སྐྲུན་བྱེད་བཞིན་ཡོད།

    བོད་ལྗོངས་འཕྲིན་དྲ།    2015-06-30

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། 2013ལོའི་ཚུན་དུ་ས་སྐྱ་རྫོང་གིས་རང་ངོས་ཀྱི་ལེགས་ཆ་འདོན་སྤེལ་དང་ལོ་རྒྱུས་རིག་གནས་ཀྱི་ཐོན་ཁུངས་སྔོག་འདོན་གང་ལེགས་བྱས་ནས། རིག་གནས་དང་ཡུལ་སྐོར་ཟུང་འབྲེལ་དམ་ཟབ་དང་། གནའ་བོའི་གྲོང་ཁྱེར་དང་གྲོང་རྡལ་ཅན་འཛུགས་སྐྲུན་ཟུང་འབྲེལ་དམ་ཟབ་ཀྱིས། ས་སྐྱའི་གནའ་གྲོང་འཛུགས་སྐྲུན་བྱེད་རྒྱུར་དམིགས་ནས་ཀྲུང་གོའི་ལོ་རྒྱུས་རིག་གནས་གྲགས་ཅན་གྲོང་རྡལ་རེ་ཞུ་ལེགས་གྲུབ་ཐུབ་པ་དེས། ཡུལ་སྐོར་རྣམ་པའི་གནའ་གྲོང་འཛུགས་སྐྲུན་བྱེད་རྒྱུར་གསོན་ཤུགས་གསར་པ་སྣོན་ཡོད་ལ། གནའ་གྲོང་གི་ཡིད་དབང་འཕྲོག་ཤུགས་ཀྱང་ཆེ་རུ་ཕྱིན་ཡོད་པ་རེད། གཞིས་རྩེ་གྲོང་ཁྱེར་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ། ས་སྐྱ་རྫོང་གི་རྫོང་དཔོན་བཀྲ་རྡོར་གྱིས་རྫོང་གྲོང་གི་འཆར་འགོད་རྒྱ་ཁྱོན་སྤྱི་ལེ་ངོས་སྙོམས་གྲུ་བཞི་མ57དང་། འཛུགས་སྐྲུན་རྒྱ་ཁྱོན་སྤྱི་ལེ་ངོས་སྙོམས་གྲུ་བཞི་མ1.3ཟིན་གྱི་ཡོད་པའི་ནང་གནའ་གྲོང་སྲུང་སྐྱོབ་ཁུལ་གྱི་རྒྱ་ཁྱོན་སྤྱི་ཆིང34.73ཟིན་གྱི་ཡོད་ཅེས་ངོ་སྤྲོད་གནང་བ་རེད།

གོང་འཕེལ་གྱི་ངོས་འཛིན་གཅིག་མཐུན་བྱུང་བ་དང་རྣམ་གྲངས་གཏན་འཁེལ་བྱུང་རྗེས། ས་སྐྱ་རྫོང་གིས་རྣམ་གྲངས་བརྩོན་ལེན་ཧུར་ཐག་བྱས་པ་དང་མ་དངུལ་བསྡུ་རུབ་བྱས་ནས། ཡུལ་སྐོར་རྣམ་པའི་གྲོང་རྡལ་འཛུགས་སྐྲུན་བྱས་ཡོད་པ་རེད། གཞིས་རྩེ་གྲོང་ཁྱེར་གྱི་གྲོང་སྤྱི་གཞོན་པ། ས་སྐྱ་རྫོང་ཨུད་ཀྱི་ཧྲུའུ་ཅི་ཀྲང་ཤིའུ་ཝུའུ་ཡིས། གོམ་སྟོབས་རྗེས་མར་ས་སྐྱའི་གནའ་གྲོང་བྱང་ཁུལ་གྱི་སྲང་ལམ་བསྒྱུར་བཟོ་ལས་གྲྭ་དང་། ས་འོག་ཆུ་འགྲོ་དང་ཆུ་ཀ་ལ། ས་སྐྱའི་ཁྱད་ལྡན་ཐོན་ལས་སྡེ་གླིང་གི་འཆར་འགོད་འཛུགས་སྐྲུན་དང་དམངས་ཁྲོད་སྒྱུ་རྩལ་འཁྲབ་སྦྱོང་སོགས་ལས་ཀ་འགོ་འཙུགས་ནས། རིག་གནས་ཀྱི་རྨང་གཞི་ཟབ་མོ་དང་ཡུལ་སྐོར་གྱི་རྒྱུ་རྐྱེན་ཆ་ཚང་བ། འཕེལ་རྒྱས་ཀྱི་མདུན་ལམ་རྒྱ་ཆེ་བ། ཐུན་མོང་མ་ཡིན་པའི་ཁྱད་ཆོས་ལྡན་པ་བཅས་ཀྱི་ངོ་མཚར་རྣམ་པར་བཀྲ་བའི་གནའ་གྲོང་ས་སྐྱ་ཕྱོགས་ཡོངས་ནས་གོང་འཕེལ་གཏང་ཏེ། རྫོང་ཁོངས་དཔལ་འབྱོར་འཕེལ་རྒྱས་དང་མང་ཚོགས་ཀྱི་ཡོང་འབབ་འཕར་སྣོན་ཐུབ་པ་བྱེད་རྒྱུ་ཡིན་ཞེས་གསུང་པ་རེད།  །

  • ལེ་ཚན་སྔོན་མ།:2015ལོའི་མདོ་ལ་རི་བོའི་རྩྭ་ཐང་ཡུལ་སྲོལ་རིག་གནས་ལྗོངས་རྒྱུ་དུས་ཆེན་གྱི་གསར་འགྱུར་ཁྱབ་བསྒྲགས་ཚོགས་འདུ་བསྡུས།
  • ལེ་ཚན་རྗེས་མ།:སྙན་ངག་པ་ཁ་བ་སྙིང་ལྕགས་གསེར་ཉ་སྲུང་སྐྱོབ་ཀྱི་ཆེད་དུ་མཚོ་སྔོན་པོའི་ཁ་ནས་རྐྱེན་ལམ་དུ་ཤོར།
  • དོ་སྣང་ཆེ་བའི་རྩོམ།