《ལོ་བརྒྱའི་ལུང་བསྟན་》གྱི་དེབ་ཕུད་འགྲེམས་ཚོགས་ལྷ་སར་འཚོགས་པ།

    ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།    2020-11-12

     བོད་ཀྱི་བརྩམས་སྒྲུང་རྩོམ་པ་པོ་ཨེ་ཉི་མ་ཚེ་རིང་གི་བརྩམས་སྒྲུང་དེབ་བཞི་པ《ལོ་བརྒྱའི་ལུང་བསྟན》གྱི་དེབ་གསར་ཕུད་འགྲེམས་དང་བརྩམས་ཆོས་ཧྲིལ་པོའི་བགྲོ་གླེང་ཚོགས་འདུ་དེ་ཚེས་༨ཉིན་བོད་ལྗོངས་མགྲོན་ཁང་གི་ཉི་འོད་ཚོམས་ཆེན་དུ་འཚོགས་ཤིང་། དེ་ནི་བོད་རང་སྐྱོང་ལྗོངས་རྩོམ་པ་པོ་མཐུན་ཚོགས་དང་ལྷ་ས་གྲོང་ཁྱེར་རྩོམ་པ་པོ་མཐུན་ཚོགས་ཀྱིས་གཙོ་གཉེར་དང་། བོད་ལྗོངས་རྩོམ་རིག་དང་། བོད་ཀྱི་རྩོམ་རིག་སྒྱུ་རྩལ། ལྷོ་ཁའི་རྩོམ་རིག་སྒྱུ་རྩལ། ལྷོ་ཁ་ཨེ་པ་ཚང་མི་རིགས་རིག་གནས་ཁྱབ་སྤེལ་ཚད་ཡོད་ཀུང་སིས་འགན་སྒྲུབ་གནང་བ་ཞིག་རེད།

《ལོ་བརྒྱའི་ལུང་བསྟན་》གྱི་དེབ་ཕུད་འགྲེམས་ཚོགས་ལྷ་སར་འཚོགས་པ།

     ཐེངས་འདིའི་དེབ་གསར་འགྲེམས་ཕུད་ཀྱི་ཚོགས་འདུའི་ཐོག བོད་ལྗོངས་རྩོམ་པ་པོ་མཐུན་ཚོགས་ཀྱི་དབུ་ཁྲིད་དང་། བོད་ཀྱི་རྩོམ་པ་པོ་རྒན་དར་གཞོན་གསུམ། དཔྱད་བརྗོད་པ། རྩོམ་སྒྲིག་པ། དེ་མིན་རྩོམ་རིག་ལ་དགའ་ཞེན་ཆེ་བའི་ཀློག་པ་པོ་སོགས་ཁྱོན་མི་གྲངས་༤༠༠ཙམ་བཞུགས་ཡོད་ཅིང་། ཚོགས་འདུའི་གཞི་རྒྱ་ཆེ་ལ། ནང་དོན་ཕུན་སུམ་ཚོགས་པ་དང་། གྲོས་རིམ་ཁག་འཁྲུག་ཆ་ཧ་ཅང་དོད།

《ལོ་བརྒྱའི་ལུང་བསྟན་》གྱི་དེབ་ཕུད་འགྲེམས་ཚོགས་ལྷ་སར་འཚོགས་པ།

བགྲོ་གླེང་གྲོས་ཚོགས་ཀྱི་ཡུལ་དངོས།

     ཐོག་མར་རྩོམ་པ་པོ་གྲགས་ཅན་ཚེ་རིང་ནོར་བུས་ཨེ་ཉི་མ་ཚེ་རིང་གི《ལོ་བརྒྱའི་ལུང་བསྟན》མི་ཡུལ་དུ་བལྟམས་པར་བཀྲ་ཤིས་བདེ་ལེགས་ཞུས་གནང་བ་དང་། ཁོང་གིས་ལོ་དུ་མའི་རིང་གསར་རྩོམ་གྱི་ཆབ་རྒྱུན་མ་ཆད་པར་སྤྱི་ཚོགས་ཀྱི་གཞི་རིམ་དུ་འཚོ་བའི་མི་སེར་ཕལ་པའི་ལས་དབང་ལ་དོ་ཁུར་གནང་སྟེ་བརྩམས་ཆོས་ཕུལ་བྱུང་མང་པོ་གསར་རྩོམ་གནང་ནས་རྒྱ་ཆེའི་ཀློག་པ་པོ་རྣམས་ལ་བསམ་པའི་རྒྱགས་ཕྱེ་གསོས་རས་གནང་བར་བཀའ་དྲིན་ཆེ་ཞུས།

《ལོ་བརྒྱའི་ལུང་བསྟན་》གྱི་དེབ་ཕུད་འགྲེམས་ཚོགས་ལྷ་སར་འཚོགས་པ།

རྩོམ་པ་པོ་གྲཊ་ཅན་ཚེ་རིང་ནོར་བུས་གསུང་བཤད་གནང་བཞིན་པ།

《ལོ་བརྒྱའི་ལུང་བསྟན་》གྱི་དེབ་ཕུད་འགྲེམས་ཚོགས་ལྷ་སར་འཚོགས་པ།

རྩོམ་པ་པོ་བྱ་མདོ་དོན་གྲུབ་ཚེ་རིང་གིས་དཔྱད་གཏམ་སྤེལ་བཞིན་པ།

     དེ་རྗེས་གཞོན་སྐྱེས་བརྩམས་སྒྲུང་རྩོམ་པ་པོ་ཨེ་ཕུར་བཀྲས་ཨེ་ཉི་མ་ཚེ་རིང་ནི་དམའ་རིམ་སློབ་འབྲིང་ལས་འགྲིམས་མྱོང་མེད་ཀྱང་རང་སྦྱོང་ལ་བརྟེན་ནས་བརྩོན་འགྲུས་ཀྱི་ས་བོན་བཏབ་སྟེ། ལྗིད་ཏིག་ཏིག་གི་རྩོམ་རིག་བརྩམས་ཆོས་མང་པོ་གསར་རྩོམ་གནང་ཚུལ་དང་།《ལོ་བརྒྱའི་ལུང་བསྟན》གྱི་ནང་སྙིང་ལ་གསེད་བཀྲོལ་བྱས་ཏེ་བརྩམས་ཆོས་ཀྱི་སྤྱི་ཁོག་མཚམས་སྦྱོར་བྱས་ཤིང་། བོད་ལྗོངས་སློབ་ཆེན་རིག་གཞུང་སློབ་གླིང་གི་དགེ་རྒན་ལྷག་པ་ཆོས་འཕེལ་དང་། ཚེ་རིང་གཡང་འཛོམས། སྨྲེང་བུ། ར་ས་བསྟན་འཛིན་ཆོས་གྲགས། དེ་མིན་གདན་ཞུས་སྐུ་མགྲོན་བསམ་ཤོད་པ་དཀོན་ཅོག་ཡོན་ཏན་སོགས་ཀྱིས་སྒྲུང་རིང《ལོ་བརྒྱའི་ལུང་བསྟན》དང་འབྲེལ་ནས་ཁོང་གི་བརྩམས་སྒྲུང་ཐུང་གྲས་བྱེ་བྲག་པ་དམིགས་སུ་བཀར་ཏེ། བརྩམས་སྒྲུང་གི་ནང་དོན་དང་རྣམ་པ་གཉིས་ཐད་ནས་དཔྱད་བརྗོད་དང་རང་གི་མྱོང་ཚོར་གླེང་།

《ལོ་བརྒྱའི་ལུང་བསྟན་》གྱི་དེབ་ཕུད་འགྲེམས་ཚོགས་ལྷ་སར་འཚོགས་པ།

     དཔྱད་བརྗོད་པ་སྨྲེང་བུས《ལོ་བརྒྱའི་ལུང་བསྟན》ལ་དཔྱད་བརྗོད་གནང་སྐབས་སྐྱོ་སྣང་གིས་བསྐྱེད་པའི་འོད་སྣང་ཞེས་པའི་ཁ་བྱང་གི་ཐོག་ནས། བརྩམས་ཆོས་ཀྱི་སྔ་ཕྱི་བར་གསུམ་དུ་སྐྱོ་སྣང་གི་མཁའ་དབུགས་སྟུག་པོ་ཡོད་ཚུལ་དང་། རྗེས་སུ་སྐྱོ་སྣང་དག་རིམ་གྱིས་འོད་སྣང་དུ་གྱུར་ཚུལ། དེ་མིན་ལོ་བརྒྱའི་ལུང་བསྟན་གྱི་ལྷུག་བརྗོད་ཐད་ཀྱི་མཛེས་ཉམས་ཐོག་ནས་དཔྱད་བརྗོད་གནང་བ་དང་། བོད་ལྗོངས་སློབ་ཆེན་གྱི་དགེ་རྒན་ལྷག་པ་ཆོས་འཕེལ་གྱིས་སྒྲུང་ཐུང《དགོན་འདབས་ཀྱི་འཚོ་བ》དང་《མི་དང་ཁྱི》དམིགས་སུ་བཀར་ནས་དཔྱད་བརྗོད་གནང་ཞིང་། ཁོང་གིས་ཨེ་ཉི་མ་ཚེ་རིང་གིས་མི་སེར་ཕལ་པའི་རྒྱུན་གཏན་གྱི་འཚོ་བ་བརྗོད་བྱར་བྱས་ནས་མི་སེར་ཕལ་པའི་ལས་དབང་ལ་དོ་ཁུར་གནང་བ་གཙོ་བོར་འཛིན་ཚུལ་དང་། བརྩམས་སྒྲུང་གི་སྐད་ཆ་བབ་ཆགས་པ་དང་། མཇུག་བསྡུ་སྟངས་ཁྱད་པར་ཅན་གྱིས་མི་རྣམས་ལ་བསམ་གཞིག་གི་བར་སྟོང་བསྐྲུན་འདུག་ཅེས་གདེང་འཇོག་གནང་བ། བོད་ལྗོངས་སློབ་ཆེན་གྱི་དགེ་རྒན་ཚེ་རིང་གཡང་འཛོམས་ཀྱིས། ཨེ་ཉི་མ་ཚེ་རིང་གི་སྐད་ཆའི་སྒྱུ་རྩལ་ཚད་མཐོ་ཞིང་། ཚིག་སྦྱོར་བབ་ཆགས་ལ་ཞུན་བརྡར་གང་ལེགས་བྱུང་ཚུལ། བརྗོད་བྱའི་ནང་དོན་དང་རྗོད་བྱེད་ཚིག་སྦྱོར་གང་ཐད་ནས་བལྟས་ཀྱང་བོད་ཀྱི་བརྩམས་སྒྲུང་རྩོམ་པ་པོའི་ཁྲོད་ཀྱི་རང་རྐྱ་འཕེར་བའི་རྩོམ་པ་པོ་ཞིག་ཏུ་གྱུར་ཡོད་ཅེས་གདེང་འཇོག་མཐོན་པོ་གནང་བ་དང་སྦྲགས། ཞིབ་འབྲིའི་ཐད་ད་དུང་མུ་མཐུད་ཤུགས་སྣོན་རྒྱག་རྒྱུའི་བསམ་འཆར་བཏོན།

《ལོ་བརྒྱའི་ལུང་བསྟན་》གྱི་དེབ་ཕུད་འགྲེམས་ཚོགས་ལྷ་སར་འཚོགས་པ།

རྩོམ་པ་པོ་ཨེ་ཉི་མ་ཚེ་རིང་གིས་རང་གི་རྩོམ་དེབ་དང་བརྩམས་སྒྲུང་གླེང་བ།

     བོད་ཀྱི་རྩོམ་རིག་སྒྱུ་རྩལ་གྱི་རྩོམ་སྒྲིག་པ་ལྷ་གཡང་ནོར་བུས་བགྲོ་གླེང་ཚོགས་འདུ་གཙོ་སྐྱོང་གནང་བ་དང་འབྲེལ། དཔྱད་བརྗོད་པ་དང་བགྲོ་གླེང་གནང་མཁན་ཚོའི་གཏམ་བཤད་ལ་གནད་ལ་འཕིགས་པའི་མཇུག་བསྡོམས་གནང་།

     མཇུག་ཏུ་བོད་ཀྱི་རྩོམ་པ་པོ་གྲགས་ཅན་བཀྲ་ཤིས་དཔལ་ལྡན་གྱིས་དེབ་ཕུད་འགྲེམས་ཚོགས་ཀྱི་མཇུག་བསྡུའི་གསུང་བཤད་གནང་བ་དང་། ཁོང་གིས་། ལོ་བཅུ་ལྷག་ཙམ་གྱི་གོང་དུ་ངས་ཨེ་ཉི་མ་ཚེ་རིང་གི་བརྩམས་སྒྲུང་ཐོག་མ《གཟི་མིག་གིས་འཆོར་བའི་མཆི་མར》བལྟས་ཏེ་སྔོན་འགྲོའི་གཏམ་འབྲི་དུས་ནས་ཨེ་ཉི་མ་ཚེ་རིང་གི་རྩོམ་རིག་གསར་རྩོམ་གྱི་ལས་ལ་གྲུབ་འབྲེས་ངེས་ཅན་ཐོབ་ངེས་ཡིན་པའི་སྐོར་བརྗོད་མྱོང་། ཨེ་ཉི་མ་ཚེ་རིང་གི《རྡོ་དང་ཚེ་སྲོག》ལ་སོགས་པའི་བརྩམས་སྒྲུང་ཐུང་གྲས་མང་པོར་མི་གཙོ་བོར་བཟུང་སྟེ་མི་གང་འདྲ་ཞིག་བྱེད་མིན་གྱི་ནང་དོན་དང་། གཞན་ད་དུང་སྐྱེ་ཁམས་ཁོར་ཡུག་ཐད་ཀྱི་བརྗོད་བྱ་གཙོ་བོར་བཟུང་བ་ཤས་ཆེ་བས། བརྗོད་བྱ་འདེམས་སྒྲིག་བྱས་པ་ཡག་ཅེས་གདེང་འཇོག་གནང་བ་མ་ཟད། རྩོམ་རིག་ལ་དགའ་ཞེན་ཡོད་པའི་གཞོན་སྐྱེས་རྩོམ་པ་པོ་དང་ཀློག་པ་པོ་རྣམས་ཀྱིས་རྒྱུན་གཏན་ནས་རྒྱལ་ཕྱི་རྒྱལ་ནང་གི་གྲགས་རྩོམ་མང་ཙམ་ཀློག་ནས་ཐོས་པ་མང་ཙམ་གསོག་དགོས་པའི་བཀའ་མངགས་གནང་།

《ལོ་བརྒྱའི་ལུང་བསྟན་》གྱི་དེབ་ཕུད་འགྲེམས་ཚོགས་ལྷ་སར་འཚོགས་པ།

ཚོགས་ཞུགས་པ་ལྷན་འཛོམས་དྲན་རྟེན།

  • ལེ་ཚན་སྔོན་མ།:ཞི་ཅིན་ཕིང་གིས་ཁྲོན་བོད་ལྕགས་ལམ་ཐད་ལ་མཛུབ་སྟོན་གལ་ཆེན་གནང་།
  • ལེ་ཚན་རྗེས་མ།:སྐབས་བཅུ་གསུམ་པའི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཚོགས་འདུ་ཐེངས་ཉེར་གསུམ་པ་པེ་ཅིང་དུ་འཚོགས་མཇུག་སྒྲིལ་བ།
  • དོ་སྣང་ཆེ་བའི་རྩོམ།