ཀྲུང་གོ་བོད་ཀྱི་རླུང་འཕྲིན་དྲ་བ། 2017-10-26
ཀྲའོ་ལེ་ཅི། སྐྱེས་པ། རྒྱ་རིགས། སྤྱི་ལོ་༡༩༥༧ལོའི་ཟླ་༣པར་ཧྲའན་ཞི་ཞི་ཨན་དུ་འཁྲུངས། སྤྱི་ལོ་༡༩༧༤ལོའི་ཟླ་༩པར་ཕྱག་ལས་ནང་ཞུགས་པ་དང་། སྤྱི་ལོ་༡༩༧༥ལོའི་ཟླ་༧པར་ཀྲུང་གོའི་གུང་ཁྲན་ཏང་ནང་ཞུགས། ཀྲུང་དབྱང་ཏང་གི་སློབ་གྲྭའི་ཞིབ་འཇུག་སློབ་མའི་ཡོན་ཚད་ལྡན་ཡོད།
ད་ལྟ་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ལས་ཨུ་ཡོན་དང་། ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི། ཀྲུང་དབྱང་རྩ་འཛུགས་པུའི་པུའུ་ཀྲང་བཅས་ཀྱི་འགན་བཞེས་བཞིན་ཡོད།
སྤྱི་ལོ་༡༩༧༤ལོ་ནས་སྤྱི་ལོ་༡༩༧༥ལོའི་བར། མཚོ་སྔོན་ཞིང་ཆེན་ཁྲི་ཀ་རྫོང་ཆུ་ཤར་ཤང་དགོན་པ་རུ་ཆེན་གྱི་གཞོན་ནུ་ཤེས་ཡོན་ཅན་གནང་བ།
སྤྱི་ལོ་༡༩༧༥ལོ་ནས་སྤྱི་ལོ་༡༩༧༧ལོའི་བར། མཚོ་སྔོན་ཞིང་ཆེན་ཚོང་ལས་ཐིང་གི་འཕྲིན་གཏོང་བ་གནང་བ།
སྤྱི་ལོ་༡༩༧༧ལོ་ནས་སྤྱི་ལོ་༡༩༨༠ལོའི་བར། པེ་ཅིང་སློབ་ཆེན་མཚན་ཉིད་རིག་པ་ཚན་ཁག་གི་མཚན་ཉིད་རིག་པ་ཆེད་ལས་ལ་སློབ་སྦྱོང་གནང་བ།
སྤྱི་ལོ་༡༩༨༠ལོ་ནས་སྤྱི་ལོ་༡༩༨༢ལོའི་བར། མཚོ་སྔོན་ཞིང་ཆེན་ཚོང་ལས་ཐིང་ཆབ་སྲིད་ཁྲུའུ་ཡི་ལས་བྱ་དང་། མཚོ་སྔོན་ཞིང་ཆེན་ཚོང་ལས་སློབ་གྲྭའི་དགེ་རྒན། སློབ་གྲྭའི་གུང་གཞོན་སྡེ་ཚོགས་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་བཅས་གནང་བ།
སྤྱི་ལོ་༡༩༨༢ལོ་ནས་སྤྱི་ལོ་༡༩༨༣ལོའི་བར། མཚོ་སྔོན་ཞིང་ཆེན་ཚོང་ལས་སློབ་གྲྭའི་སློབ་དོན་ཁོ་ཡི་ཁོ་ཀྲང་གཞོན་པ་གནང་བ།
སྤྱི་ལོ་༡༩༨༣ལོ་ནས་སྤྱི་ལོ་༡༩༨༤ལོའི་བར། མཚོ་སྔོན་ཞིང་ཆེན་ཚོང་ལས་ཐིང་ཆབ་སྲིད་ཁྲུའུ་ཡི་ཀྲུའུ་རེན་གཞོན་པ། ཚོང་ལས་ཐིང་གུང་གཞོན་སྡེ་ཚོགས་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་གནང་བ།
སྤྱི་ལོ་༡༩༨༤ལོ་ནས་སྤྱི་ལོ་༡༩༨༦ལོའི་བར། མཚོ་སྔོན་ཞིང་ཆེན་གྱི་ལྕགས་རིགས་སྣ་ལྔའི་འགྲིམ་འགྲུལ་དང་གློག་ཤུགས། རྫས་འགྱུར་བཟོ་ལས་ཀུང་སིའི་ཏང་ཨུད་ཧྲུའུ་ཅི་དང་སྤྱི་གཉེར་གནང་བ།
སྤྱི་ལོ་༡༩༨༦ལོ་ནས་སྤྱི་ལོ་༡༩༩༡ལོའི་བར། མཚོ་སྔོན་ཞིང་ཆེན་ཚོང་ལས་ཐིང་གི་ཐིང་ཀྲང་གཞོན་པ། ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་གནང་བ།
སྤྱི་ལོ་༡༩༩༡ལོ་ནས་སྤྱི་ལོ་༡༩༩༣ལོའི་བར། མཚོ་སྔོན་ཞིང་ཆེན་ཚོང་ལས་ཐིང་གི་ཐིང་ཀྲང་དང་། ཏང་ཨུད་ཧྲུའུ་ཅི་གནང་བ།(སྤྱི་ལོ་༡༩༩༢ལོའི་ཟླ་བ་༤པར་མཚོ་སྔོན་ཞིང་ཆེན་མཁོ་སྤྲོད་མཉམ་འབྲེལ་ལྷན་ཚོགས་ཀྱི་ཀྲུའུ་རེན་གྱི་འགན་གཅིག་ལྕོགས་བཞེས་པ།)
སྤྱི་ལོ་༡༩༩༣ལོ་ནས་སྤྱི་ལོ་༡༩༩༤ལོའི་བར། མཚོ་སྔོན་ཞིང་ཆེན་གྱི་ཞིང་ཆེན་འགོ་འཛིན་གྱི་ལས་རོགས་དང་། ཞིང་ཆེན་ནོར་སྲིད་ཐིང་གི་ཐིང་ཀྲང་། ཏང་ཙུའུ་ཡི་ཧྲུའུ་ཅི་བཅས་གནང་བ།
སྤྱི་ལོ་༡༩༩༤ལོ་ནས་སྤྱི་ལོ་༡༩༩༥ལོའི་བར། མཚོ་སྔོན་ཞིང་ཆེན་གྱི་ཞིང་ཆེན་འགོ་འཛིན་གཞོན་པ་དང་ཞིང་ཆེན་ནོར་སྲིད་ཐིང་གི་ཐིང་ཀྲང་། ཏང་ཙུའུ་ཡི་ཧྲུའུ་ཅི་བཅས་ཀྱི་འགན་གཅིག་ལྕོགས་གནང་བ།
སྤྱི་ལོ་༡༩༩༥ལོ་ནས་སྤྱི་ལོ་༡༩༩༧ལོའི་བར། མཚོ་སྔོན་ཞིང་ཆེན་གྱི་ཞིང་ཆེན་འགོ་འཛིན་གཞོན་པ་གནང་བ།
སྤྱི་ལོ་༡༩༩༧ལོ་ནས་སྤྱི་ལོ་༡༩༩༧ལོའི་བར། མཚོ་སྔོན་ཞིང་ཆེན་གྱི་ཞིང་ཆེན་འགོ་འཛིན་གཞོན་པ་དང་། ཟི་ལིང་གྲོང་ཨུད་ཀྱི་ཧྲུའུ་ཅི་གནང་། སྤྱི་ལོ་༡༩༩༧ལོ་ནས་སྤྱི་ལོ་༡༩༩༩ལོའི་བར། མཚོ་སྔོན་ཞིང་ཆེན་ཞིང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ། ཟི་ལིང་གྲོང་ཨུད་ཀྱི་ཧྲུའུ་ཅི་གནང་བ། (སྤྱི་ལོ་༡༩༩༦ལོ་ནས་སྤྱི་ལོ་༡༩༩༨ལོའི་བར། ཀྲུང་གོ་སྤྱི་ཚོགས་ཚན་རིག་ཁང་ཞིབ་འཇུག་སློབ་མའི་སློབ་གླིང་གི་དངུལ་ལོར་དངུལ་ཁང་ཆེད་ལས་ཀྱི་ཞིབ་འཇུག་སློབ་མའི་འཛིན་གྲྭར་སློབ་སྦྱོང་གནང་བ་དང་། སྤྱི་ལོ་༡༩༩༨ལོའི་ཟླ་༩པ་ནས་༡༩༩༩ལོའི་ཟླ་བ་༡པོ་བར། ཀྲུང་དབྱང་ཏང་གི་སློབ་གྲྭའི་ཞིང་ཆེན་དང་པུའུ་རིམ་པའི་ལས་བྱེད་པའི་ཟབ་སྦྱོང་འཛིན་གྲྭར་སློབ་སྦྱོང་གནང་བ།)
སྤྱི་ལོ་༡༩༩༩ལོ་ནས་སྤྱི་ལོ་༢༠༠༠ལོའི་བར། མཚོ་སྔོན་ཞིང་ཆེན་ཞིང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་ཞིང་ཆེན་འགོ་འཛིན་གྱི་ལས་ཚབ་གནང་བ་།
སྤྱི་ལོ་༢༠༠༠ལོ་ནས་སྤྱི་ལོ་༢༠༠༣ལོའི་བར། མཚོ་སྔོན་ཞིང་ཆེན་ཞིང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་ཞིང་ཆེན་གྱི་འགོ་འཛིན་གནང་བ།
སྤྱི་ལོ་༢༠༠༣ལོ་ནས་སྤྱི་ལོ་༢༠༠༣ལོའི་བར། མཚོ་སྔོན་ཞིང་ཆེན་གྱི་ཞིང་ཨུད་ཧྲུའུ་ཅི་དང་ཞིང་ཆེན་འགོ་འཛིན་གནང་བ།
སྤྱི་ལོ་༢༠༠༣ལོ་ནས་སྤྱི་ལོ་༢༠༠༤ལོའི་བར། མཚོ་སྔོན་ཞིང་ཆེན་གྱི་ཞིང་ཨུད་ཧྲུའུ་ཅི་གནང་བ།
སྤྱི་ལོ་༢༠༠༤ལོ་ནས་སྤྱི་ལོ་༢༠༠༧ལོའི་བར། མཚོ་སྔོན་ཞིང་ཆེན་གྱི་ཞིང་ཨུད་ཧྲུའུ་ཅི། ཞིང་ཆེན་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གནང་བ།(སྤྱི་ལོ་༢༠༠༢ལོ་ནས་སྤྱི་ལོ་༢༠༠༥ལོའི་བར་ཀྲུང་དབྱང་ཏང་གི་སློབ་གྲྭའི་ལས་ཐོག་ཞིབ་འཇུག་སློབ་མའི་འཛིན་གྲྭའི་ཆབ་སྲིད་རིག་པའི་ཆེད་ལས་ཀྱི་སློབ་སྦྱོང་གནང་བ།
སྤྱི་ལོ་༢༠༠༧ལོ་ནས་སྤྱི་ལོ་༢༠༠༨ལོའི་བར། ཧྲའན་ཞི་ཞིང་ཆེན་གྱི་ཞིང་ཨུད་ཧྲུའུ་ཅི་གནང་བ།
སྤྱི་ལོ་༢༠༠༨ལོ་ནས་སྤྱི་ལོ་༢༠༡༢ལོའི་བར། ཧྲའན་ཞི་ཞིང་ཆེན་གྱི་ཞིང་ཨུད་ཧྲུའུ་ཅི་དང་ཞིང་ཆེན་མི་དམངས་འཐུས་མི་ཚོགས་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གནང་བ།
སྤྱི་ལོ་༢༠༡༢ལོ་ནས་སྤྱི་ལོ་༢༠༡༧ལོའི་བར། ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན་དང་། ཀྲུང་དབྱང་ཧྲུའུ་ཅི་ཁྲུའི་ཧྲུའུ་ཅི། ཀྲུང་དབྱང་རྩ་འཛུགས་པུའུ་པུའུ་ཀྲང་བཅས་གནང་བ།
སྤྱི་ལོ་༢༠༡༧ལོ་ནས། ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ལས་ཨུ་ཡོན་དང་། ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི། ཀྲུང་དབྱང་རྩ་འཛུགས་པུའི་པུའུ་ཀྲང་བཅས་གནང་བ།
སྐབས་བཅུ་དྲུག་དང་སྐབས་བཅུ་བདུན། སྐབས་བཅོ་བརྒྱད། སྐབས་བཅུ་དགུ་བཅས་ཀྱི་ཀྲུང་དབྱང་ཨུ་ཡོན་དང་། སྐབས་བཅོ་བརྒྱད་པའི་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན། ཀྲུང་དབྱང་ཧྲུའུ་ཅི་ཁྲུའི་ཧྲུའུ་ཅི། སྐབས་བཅུ་དགུ་པའི་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན་དང་རྒྱུན་ལས་ཨུ་ཡོན། སྐབས་བཅུ་དགུ་པའི་ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་དང་རྒྱུན་ལས་ཨུ་ཡོན། ཧྲུའུ་ཅི་བཅས་གནང་བ།།
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10