བློ་མཐུན་ཝང་དབྱང་གི་ལོ་རྒྱུས་མདོར་བསྡུས།

ཀྲུང་གོ་བོད་ཀྱི་རླུང་འཕྲིན་དྲ་བ།        2017-10-26

       

བློ་མཐུན་ཝང་དབྱང་གི་ལོ་རྒྱུས་མདོར་བསྡུས།

      ཝང་དབྱང་། སྐྱེས་པ། རྒྱ་རིགས། སྤྱི་ལོ་༡༩༥༥ལོའི་ཟླ་བ་༣པར་ཨན་ཧུའེ་སུའུ་ཀྲའུ་རུ་འཁྲུངས། སྤྱི་ལོ་༡༩༧༢ལོའི་ཟླ་བ་༦པར་ཕྱག་ལས་ནང་ཞུགས། སྤྱི་ལོ་༡༩༧༥ལོའི་ཟླ་བ་༨པའི་ནང་ཀྲུང་གོའི་གུང་ཁྲན་ཏང་ནང་ཞུགས། ཀྲུང་དབྱང་ཏང་གི་སློབ་གྲྭའི་སློབ་ཆེན་གྱི་ཡོན་ཚད། བཟོ་རྩལ་རིག་པའི་རབ་འབྱམས་པའི་སློབ་གནས་ཡོད།

       ད་ལྟ་ཀྲུང་དབྱང་ཆབ་སྲིད་ཅུད་ཀྱི་རྒྱུན་ལས་ཨུ་ཡོན་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ། ཏང་ཙུའུ་ཡི་ཁོངས་མི་བཅས་གནང་བ།
       སྤྱི་ལོ་༡༩༧༢ནས་སྤྱི་ལོ་༡༩༧༦ལོའི་བར། ཨན་ཧུའེ་ཞིང་ཆེན་སུའུ་རྫོང་ས་ཁུལ་བཟའ་ཆས་བཟོ་གྲྭའི་བཟོ་པ་དང་། འཁོར་ཁང་གི་འགན་འཁུར་བ་གནང་།
       སྤྱི་ལོ་༡༩༧༦ནས་སྤྱི་ལོ་༡༩༧༩ལོའི་བར། ཨན་ཧུའེ་ཞིང་ཆེན་སུའུ་རྫོང་ས་ཁུལ་གྱི་ལྔ་བདུན་ལས་བྱེད་སློབ་གྲྭའི་དགེ་རྒན་དང་། སློབ་དཔྱོད་ཁང་གི་ཀྲུའུ་རེན་གཞོན་པ། སློབ་གྲྭའི་ཏང་ཨུད་ཀྱི་ཨུ་ཡོན་བཅས་གནང་།
       སྤྱི་ལོ་༡༩༧༩ལོ་ནས་སྤྱི་ལོ་༡༩༨༠ལོའི་བར། ཀྲུང་དབྱང་ཏང་གི་སློབ་གྲྭའི་རིགས་པའི་གཞུང་ལུགས་དྲིལ་བསྒྲགས་ལས་བྱེད་འཛིན་གྲྭའི་ཆབ་སྲིད་དཔལ་འབྱོར་རིག་པའི་ཆེད་ལས་སུ་སློབ་སྦྱོང་གནང་།
       སྤྱི་ལོ་༡༩༨༠ལོ་ནས་སྤྱི་ལོ་༡༩༨༡ལོའི་བར། ཨན་ཧུའེ་ཞིང་ཆེན་སུའུ་རྫོང་ས་ཨུད་ཏང་གི་སློབ་གྲྭའི་དགེ་རྒན་གནང་།
       སྤྱི་ལོ་༡༩༨༡ལོ་ནས་སྤྱི་ལོ་༡༩༨༢ལོའི་བར། གུང་གཞོན་སྡེ་ཚོགས་ཨན་ཧུའེ་ཞིང་ཆེན་སུའུ་རྫོང་ས་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་གནང་།
       སྤྱི་ལོ་༡༩༨༢ལོ་ནས་སྤྱི་ལོ་༡༩༨༣ལོའི་བར། གུང་གཞོན་སྡེ་ཚོགས་ཨན་ཧུའེ་ཞིང་ཨུད་དྲིལ་བསྒྲགས་པུའི་པུའུ་ཀྲང་གནང་།
       སྤྱི་ལོ་༡༩༨༣ལོ་ནས་སྤྱི་ལོ་༡༩༨༤ལོའི་བར། གུང་གཞོན་སྡེ་ཚོགས་ཨན་ཧུའེ་ཞིང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་གནང་།
       སྤྱི་ལོ་༡༩༨༤ལོ་ནས་སྤྱི་ལོ་༡༩༨༧ལོའི་བར། ཨན་ཧུའེ་ཞིང་ཆེན་ལུས་རྩལ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པ་དང་། ཏང་ཙུའུ་ཡི་ཧྲུའུ་ཅི་གཞོན་པ་གནང་།
       སྤྱི་ལོ་༡༩༨༧ལོ་ནས་སྤྱི་ལོ་༡༩༨༨ལོའི་བར། ཨན་ཧུའེ་ཞིང་ཆེན་ལུས་རྩལ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་དང་། ཏང་ཙུའུ་ཡི་ཧྲུའུ་ཅི་གནང་།
       སྤྱི་ལོ་༡༩༨༨ལོ་ནས་སྤྱི་ལོ་༡༩༩༢ལོའི་བར། ཨན་ཧུའེ་ཞིང་ཆེན་ཐུང་ལིང་གྲོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་། གྲོང་སྤྱིའི་ལས་ཚབ། གྲོང་སྤྱི་བཅས་གནང་། ༼དེའི་རིང་། སྤྱི་ལོ་༡༩༨༩ལོ་ནས་སྤྱི་ལོ་༡༩༩༢ལོའི་བར་ཀྲུང་དབྱང་ཏང་གི་སློབ་གྲྭའི་ཡིག་ཐོག་སློབ་ཁྲིད་སློབ་གླིང་གི་དངོས་གཞིའི་ཚན་ཁག་འཛིན་གྲྭའི་ཏང་སྲིད་དོ་དམ་ཆེད་ལས་སུ་ལས་ཐོག་སློབ་སྦྱོང་གནང་།༽
       སྤྱི་ལོ་༡༩༩༢ལོ་ནས་སྤྱི་ལོ་༡༩༩༣ལོའི་བར། ཨན་ཧུའེ་ཞིང་ཆེན་འཆར་ལྡན་བུ་བཙའ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་དང་། ཏང་ཙུའུ་ཡི་ཧྲུའུ་ཅི། ཞིང་ཆེན་འགོ་འཛིན་གྱི་ལས་རོགས་བཅས་གནང་།
       སྤྱི་ལོ་༡༩༩༣ལོ་ནས་སྤྱི་ལོ་༡༩༩༣ལོའི་བར། ཨན་ཧུའེ་ཞིང་ཆེན་གྱི་འགོ་འཛིན་གཞོན་པ་གནང་།
       སྤྱི་ལོ་༡༩༩༣ལོ་ནས་སྤྱི་ལོ་༡༩༩༨ལོའི་བར། ཨན་ཧུའེ་ཞིང་ཨུད་ཀྱི་རྒྱུན་ལས་ཨུ་ཡོན་དང་། ཞིང་ཆེན་འགོ་འཛིན་གཞོན་པ་གནང་། དེའི་རིང་། སྤྱི་ལོ་༡༩༩༣ལོ་ནས་སྤྱི་ལོ་༡༩༩༥ལོའི་བར་ཀྲུང་གོ་ཚན་རྩལ་སློབ་ཆེན་དོ་དམ་ཚན་རིག་ཚན་ཁག་ཏུ་དོ་དམ་ཚན་རིག་ཆེད་ལས་ཀྱི་ཞིབ་འཇུག་སློབ་མའི་སློབ་ཚན་འཛིན་གྲྭར་ལས་ཐོག་སློབ་སྦྱོང་གནང་། བཟོ་རྩལ་རིག་པའི་རབ་འབྱམས་པའི་སློབ་གནས་ཐོབ། སྤྱི་ལོ་༡༩༩༧ལོའི་ཟླ་བ་༣ནས་སྤྱི་ལོ་༡༩༩༧ལོའི་ཟླ་བ་༥བར་ཀྲུང་དབྱང་ཏང་གི་སློབ་གྲྭའི་ཞིང་ཆེན་དང་པུའུ་རིམ་པའི་ལས་བྱེད་ཟབ་སྦྱོང་འཛིན་གྲྭར་སློབ་སྦྱོང་གནང་།
       སྤྱི་ལོ་༡༩༩༨ལོ་ནས་སྤྱི་ལོ་༡༩༩༩ལོའི་བར། ཨན་ཧུའེ་ཞིང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་། ཞིང་ཆེན་འགོ་འཛིན་གཞོན་པ་གནང་།
       སྤྱི་ལོ་༡༩༩༩ལོ་ནས་སྤྱི་ལོ་༢༠༠༣ལོའི་བར། རྒྱལ་ཁབ་འཕེལ་སྒྱུར་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པ་དང་། ཏང་ཙུའུ་ཡི་ཁོངས་མི་གནང་།༼དེའི་རིང་། སྤྱི་ལོ་༢༠༠༡ལོའི་ཟླ་བ་༩ནས་སྤྱི་ལོ་༢༠༠༡ལོའི་ཟླ་བ་༡༡པའི་བར་ཀྲུང་དབྱང་ཏང་གི་སློབ་གྲྭའི་ཞིང་ཆེན་དང་པུའུ་རིམ་པའི་ལས་བྱེད་ཟབ་སྦྱོང་འཛིན་གྲྭར་སློབ་སྦྱོང་གནང་།༽
       སྤྱི་ལོ་༢༠༠༣ལོ་ནས་སྤྱི་ལོ་༢༠༠༥ལོའི་བར། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་དྲུང་ཆེ་གཞོན་པ་དང་།༼རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་ལས་ཐིང་གྱི་རྒྱུན་ལས་ལས་དོན་འགན་འཁུར་གནང་བ། པུའུ་རིམ་པ་རྒན་པ།༽ ལས་ཁུངས་ཏང་ཙུའུ་ཡི་ཧྲུའུ་ཅི་གཞོན་པ་གནང་།
       སྤྱི་ལོ་༢༠༠༥ལོ་ནས་སྤྱི་ལོ་༢༠༠༦ལོའི་བར། ཁྲུང་ཆིང་གྲོང་ཨུད་ཀྱི་ཧྲུའུ་ཅི་གནང་།
       སྤྱི་ལོ་༢༠༠༦ལོ་ནས་སྤྱི་ལོ་༢༠༠༧ལོའི་བར། ཁྲུང་ཆིང་གྲོང་ཨུད་ཀྱི་ཧྲུའུ་ཅི་དང་། གྲོང་ཁྱེར་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གནང་།
       སྤྱི་ལོ་༢༠༠༧ལོ་ནས་སྤྱི་ལོ་༢༠༠༧ལོའི་བར། ཀྲུང་དབྱང་ཆབ་སྲིད་ཅུད་ཀྱི་ཨུ་ཡོན་དང་། ཁྲུང་ཆིང་གྲོང་ཨུད་ཀྱི་ཧྲུའུ་ཅི། གྲོང་ཁྱེར་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་བཅས་གནང་།
       སྤྱི་ལོ་༢༠༠༧ལོ་ནས་སྤྱི་ལོ་༢༠༡༢ལོའི་བར། ཀྲུང་དབྱང་ཆབ་སྲིད་ཅུད་ཀྱི་ཨུ་ཡོན་དང་། ཀོང་ཏུང་ཞིང་ཨུད་ཀྱི་ཧྲུའུ་ཅི་གནང་།
       སྤྱི་ལོ་༢༠༡༢ལོ་ནས་སྤྱི་ལོ་༢༠༡༣ལོའི་བར། ཀྲུང་དབྱང་ཆབ་སྲིད་ཅུད་ཀྱི་ཨུ་ཡོན་གནང་།
       སྤྱི་ལོ་༢༠༡༣ལོ་ནས་སྤྱི་ལོ་༢༠༡༧ལོའི་བར། ཀྲུང་དབྱང་ཆབ་སྲིད་ཅུད་ཀྱི་ཨུ་ཡོན་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ། ཏང་ཙུའུ་ཡི་ཁོངས་མི་བཅས་གནང་།
       སྤྱི་ལོ་༢༠༡༧ལོ་ནས་བཟུང་། ཀྲུང་དབྱང་ཆབ་སྲིད་ཅུད་ཀྱི་རྒྱུན་ལས་ཨུ་ཡོན་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ། ཏང་ཙུའུ་ཡི་ཁོངས་མི་བཅས་གནང་།
       སྐབས་བཅུ་དྲུག་པའི་ཀྲུང་དབྱང་རྗེས་སྣོན་ཨུ་ཡོན་དང་། སྐབས་བཅུ་བདུན་པ་དང་། སྐབས་བཅོ་བརྒྱད་པ། སྐབས་བཅུ་དགུ་པའི་ཀྲུང་དབྱང་ཨུ་ཡོན། སྐབས་བཅུ་བདུན་པ་དང་། སྐབས་བཅོ་བརྒྱད་པའི་ཀྲུང་དབྱང་ཆབ་སྲིད་ཅུད་ཀྱི་ཨུ་ཡོན། སྐབས་བཅུ་དགུ་པའི་ཀྲུང་དབྱང་ཆབ་སྲིད་ཅུད་ཀྱི་ཨུ་ཡོན། རྒྱུན་ལས་ཨུ་ཡོན་བཅས་ཡིན།།

 


  • ལེ་ཚན་སྔོན་མ།:བློ་མཐུན་ལི་ཀྲན་ཧྲུའུ་ཡི་ལོ་རྒྱུས་མདོར་བསྡུས།
  • ལེ་ཚན་རྗེས་མ།:བློ་མཐུན་ཝང་ཧུའུ་ཉིང་གི་ལོ་རྒྱུས་མདོར་བསྡུས།
  • དོ་སྣང་ཆེ་བའི་རྩོམ།