དུས་རབས་གསར་པའི་ཞི་ཅིན་ཕིང་གི་དགོངས་དོན་གསར་པ།(གསུམ།)

རྣམ་དཀར་ལྷ་མོ་དང་ཚེ་འཛིན་སྒྲོལ་དཀར་གྱིས་བསྒྱུར།        2017-10-25

དུས་རབས་གསར་པའི་ཞི་ཅིན་ཕིང་གི་དགོངས་དོན་གསར་པ།(གསུམ།)
དུས་རབས་གསར་པའི་ནང་ཁྱེད་ཀྱིས་ངེས་པར་དུ་ཤེས་པའི་ཞི་ཅིན་ཕིང་གི་དགོངས་དོན་གསར་པ་བཅུ་དགུ།

进入新时代!习近平的这19个新提法你一定要知道

དུས་རབས་གསར་པའི་ཞི་ཅིན་ཕིང་གི་དགོངས་དོན་གསར་པ།(གསུམ།)
11

ཁྱོན་ཡོངས་ནས་སྲིད་སྐྱོང་གི་འཇོན་ཐང་ཆེ་རུ་གཏང་དགོས།

全面增强执政本领

        ཁྱོན་ཡོངས་ནས་སྲིད་སྐྱོང་ཀྱི་འཇོན་ཐང་ཆེ་རུ་གཏང་དགོས་པ་སྟེ། མི་འབོར་དུང་ཕྱུར་བཅུ་གསུམ་ལྷག་ལ་འགོ་ཁྲིད་བྱེད་པའི་སྤྱི་ཚོགས་རིང་ལུགས་ཀྱི་རྒྱལ་ཁབ་ཆེན་པོར་འགྱུར་བར་ང་ཚོའི་ཏང་གི་ཆབ་སྲིད་བརྟན་པོ་ཡིན་དགོས་པར་མ་ཟད་འཇོན་ནུས་ལྡན་དགོས། 

        全面增强执政本领。领导十三亿多人的社会主义大国,我们党既要政治过硬,也要本领高强。

དོན་འཁྱོལ་དམ་འཛིན་བྱེད་པའི་འཇོན་ཐང་ཆེ་རུ་གཏོང་བ།

增强狠抓落实本领

མང་ཚོགས་ལས་དོན་གྱི་འཇོན་ཐང་ཆེ་རུ་གཏོང་བ། 

增强群众工作本领

ཉེན་ཁ་ཁ་ལོ་བསྒྱུར་པའི་འཇོན་ཐང་ཆེ་རུ་གཏོང་བ། 

增强驾驶风险本领

ཆབ་སྲིད་འགོ་ཁྲིད་ཀྱི་འཇོན་ཐང་ཆེ་རུ་གཏོང་བ།

增强政治领导本领

སློབ་སྦྱོང་ཀྱི་འཇོན་ཐང་ཆེ་རུ་གཏོང་བ།

增强学习本领

ཁྲིམས་ལྟར་སྲིད་སྐྱོང་པའི་འཇོན་ཐང་ཆེ་རུ་གཏོང་བ། 

增强依法执政本领

བཅོས་སྒྱུར་གསར་གཏོད་ཀྱི་འཇོན་ཐང་ཆེ་རུ་གཏོང་བ།

增强改革创新本领

ཚན་རིག་འཕེལ་རྒྱས་ཀྱི་འཇོན་ཐང་ཆེ་རུ་གཏོང་བ། 

增强科学发展本领

12

ལྕགས་བརྡུང་པར་ངེས་པར་དུ་རང་ཉིད་ལ་སྟོབས་ཡོད་དགོས།

打铁必须自身硬

        ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་དུས་རབས་གསར་པ་ཞིག་ཏུ་སླེབས་པ་དང་ང་ཚོའི་ཏང་ལ་ངེས་པར་དུ་ཁོར་ཡུག་གསར་པ་དང་བྱས་རྗེས་གསར་པ་ཡོད་དགོས་ལ། ལྕགས་བརྡུང་པར་ངེས་པར་དུ་རང་ཉིད་སྟོབས་ལྡན་དགོས།

        中国特色社会主义进入新时代,我们党一定要有新气象新作为。打铁必须自身硬。

13

ཀྲུང་དབྱང་གི་ཁྱོན་ཡོངས་ནས་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་པའི་འགོ་ཁྲིད་ཚན་ཆུང་།

 中央全面依法治国领导小组

        ཀྲུང་དབྱང་གི་ཁྱོན་ཡོངས་ནས་ཁྲིམས་ལྟར་རྒྱལ་སྐྱོང་བྱེད་པའི་འགོ་ཁྲིད་ཚན་ཆུང་དབུ་བརྙེས་ནས་ཁྲིམས་སྐྱོང་ཀྲུང་གོ་འཛུགས་སྐྲུན་གྱི་གཅིག་གྱུར་འགོ་ཁྲིད་ཐད་ལ་ཤུགས་སྣོན་བྱ་དགོས།

        成立中央全面依法治国领导小组,加强对法治中国建设的统一领导。

14

སོར་འཇོག་གིས“སྒྲིག་སྲོལ་གཉིས”ཀྱི་ཚབ་བྱ་དགོས།

留置取代“两规”

        རྒྱལ་ཁབ་ཀྱི་ལྟ་ཞིབ་ཞིབ་བཤེར་གྱི་བཅའ་ཁྲིམས་གཏན་འབེབས་བྱེད་པ་དང་ཁྲིམས་ལྟར་ཞིབ་བཤེར་ཨུ་ཡོན་ལྷན་ཁང་ལ་དབང་ཚད་དང་བརྟག་དཔྱད་བྱེད་ཐབས་སྤྲད་དགོས་པར་མ་ཟད། སོར་འཇོག་གིས“སྒྲིག་སྲོལ་གཉིས”ཀྱི་ཚབ་བྱ་དགོས། 

        制定国家监察法,依法赋予监察委员会职责权限和调查手段,用留置取代“两规”措施。

15

“རིང་ལུགས་བརྒྱད”ལ་སྔོན་འགོག་དང་ངོ་རྒོལ་བྱ་དགོས།

 防止和反对“八个主义”

        ཏང་གི་ཆབ་སྲིད་འཛུགས་སྐྲུན་བྱ་རྒྱུར་གཙོ་གནད་དུ་བཟུང་ནས་མཐའ་གཅིག་ཏུ་མི་སྒེར་རིང་ལུགས་དང་ཁ་བྲལ་རིང་ལུགས། རང་དབང་རིང་ལུགས།  རང་གནས་རིང་ལུགས། མི་བཟང་རིང་ལུགས་བཅས་ལ་སྔོན་འགོག་དང་ངོ་རྒོལ་བྱ་དགོས་པར་མ་ཟད། མཐའ་གཅིག་ཏུ་གྲུབ་མཐའ་རིང་ལུགས་དང་ཚོགས་པ་རིག་གནས། གྲུ་ཁ་རིག་གནས་བཅས་ལ་སྔོན་འགོག་དང་ངོ་རྒོལ་བྱ་དགོས། 

        把党的政治建设摆在首位。坚决防止和反对个人主义、分散主义、自由主义、本位主义、好人主义,坚决防止和反对宗派主义、圈子文化、码头文化。

16

རུལ་སུངས་ལ་རྒོལ་བའི་འཐབ་རྩོད་ལ་ཟིལ་གནོན་རང་བཞིན་གྱི་རྒྱལ་ཁ་ཐོབ་དགོས།

夺取反腐败斗争压倒性胜利

        མིག་སྔར། རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཀྱི་དུས་བབ་སྔར་བཞིན་རྙོག་འཛིང་ཆེ་བས་རྒྱལ་ཁ་མཐར་ཕྱིན་ལེན་པར་བརྩོན་ལེན་བྱེད་པའི་ཆོད་སེམས་ངེས་པར་དུ་སྲ་བརྟན་དུ་གཏང་དགོས།

        当前,反腐败斗争形势依然严峻复杂,巩固压倒性态势、夺取压倒性胜利的决心必须坚如磐石。

ལྐོག་རྔན་སྤྲོད་ལེན་མཉམ་དཔྱད་བྱེད་པ་རྒྱུན་འཁྱོངས་བྱ་དགོས།

坚持受贿行贿一起查

གྲོང་ཁྱེར་དང་རྫོང་ཏང་ཨུར་སྐོར་ཞིབ་ལམ་ལུགས་འཛུགས་དགོས།

在市县党委建立巡查制度

སྒྲིག་བཤེར་ལྟ་ཞིབ་མ་ལག་གིས་ཁེངས་པའི་ཉེས་མཚང་ཐེར་འདོན་ཞུ་གཏུག་གི་སྟེགས་བུ་འཛུགས་དགོས། 

建设覆盖纪检监察系统的检举举报平台

17

རྣམ་པ་གསར་པའི་རྒྱལ་སྤྱིའི་འབྲེལ་བ། 

 新型国际关系

        ཕན་ཚུན་ལ་བརྩི་བཀུར་དང་འདྲ་མཉམ། དྲང་བདེན། མཉམ་ལས་མཉམ་རྒྱལ་གྱི་རྣམ་པ་གསར་པའི་རྒྱལ་སྤྱིའི་འབྲེལ་བའི་འཛུགས་སྐྲུན་ལ་སྐུལ་འདེད་གཏང་དགོས། 

        推动建设相互尊重、公平正义、合作共赢的新型国际关系。

18

“གང་རུང་དྲུག”

“六个任何”

        ང་ཚོས་མི་གང་རུང་ཞིག་དང་རྩ་འཛུགས་གང་རུང་ཞིག  སྲིད་ཏང་གང་རུང་ཞིག་གིས་དུས་གང་རུང་ལ་རྣམ་པ་གང་རུང་གི་བྱེད་ཐབས་གང་རུང་སྤྱད་དེ་ཀྲུང་གོའི་ས་ཁོངས་གང་རུང་ཞིག་ཀྲུང་གོ་དང་ཁ་འབྲལ་དུ་བཅུག་མི་སྲིད། 

        我们绝不允许任何人、任何组织、任何政党、在任何时候、以任何形式、把任何一块中国领土从中国分裂出去!

19

དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེན་རྒྱལ་ཁ་ཆེན་པོ། 

新时代中国特色社会主义伟大胜利

        ཏང་ཡོངས་དང་རྒྱལ་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་ཡོངས་ཀྱིས་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་མཐུན་སྒྲིལ་དམ་ཟབ་བྱས་ཏེ། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེན་དར་ཆ་མཐོན་པོར་སྒྲེང་བ་དང་། བློ་བརྟན་འགྱུར་མེད་སྒོས་ཡར་རྒྱས་བརྩོན་ལེན་དང་དཀའ་སྤྱད་སྡུག་རུས་ཀྱིས་ལས་དོན་ལ་འབད་བརྩོན་བྱས་ཏེ། དེང་རབས་ཅན་དུ་འགྱུར་བའི་འཛུགས་སྐྲུན་དང་མེས་རྒྱལ་གོང་བུ་གཅིག་གྱུར།  འཛམ་གླིང་གི་ཞི་བདེར་སྲུང་སྐྱོང་དང་ཐུན་མོང་སྒོས་འཕེལ་རྒྱས་ཕྱིན་པ་བཅས་ལོ་རྒྱུས་ཀྱི་ལས་འགན་ཆེན་པོ་གསུམ་ལ་སྐུལ་སྤེལ་གཏང་དགོས་པར་མ་ཟད།  ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པའི་རྒྱལ་ཁ་དང་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེན་རྒྱལ་ཁ། ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར། མི་དམངས་ཀྱིས་རེ་སྨོན་བཅངས་པའི་བདེ་སྐྱིད་ཀྱི་འཚོ་བ་མངོན་འགྱུར་བྱེད་པར་མུ་མཐུད་འབད་བརྩོན་བྱ་དགོས། ། 

        全党全国各族人民要紧密团结在党中央周围,高举中国特色社会主义伟大旗帜,锐意进取,埋头苦干,为实现推进现代化建设、完成祖国统一、维护世界和平与促进共同发展三大历史任务,为决胜全面建成小康社会、夺取新时代中国特色社会主义伟大胜利、实现中华民族伟大复兴的中国梦、实现人民对美好生活的向往继续奋斗!

(རྫོགས་སོ།།)




  • ལེ་ཚན་སྔོན་མ།:སྐབས་གསར་པའི་ཀྲུང་དབྱང་ཨུ་ལྷན་གྱི་མཚན་ཐོ།
  • ལེ་ཚན་རྗེས་མ།:ཞི་ཅིན་ཕིང་གིས་ཏང་གི་ཚོགས་ཆེན་བཅུ་དགུ་པའི་མཇུག་སྒྲིལ་ཚོགས་འདུ་ཐོག་གནང་བའི་གསུང་བཤད་གལ་ཆེན།
  • དོ་སྣང་ཆེ་བའི་རྩོམ།