ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན།

ནམ་མཁའ་ལྷ་མོས་བསྒྱུར།        2017-10-25

ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན།

ཞི་ཅིན་ཕིང་གི་ཏང་གི་ཚོགས་ཆེན་བཅུ་དགུ་པའི་མཇུག་སྒྲིལ་ཚོགས་འདུ་ཐོག་གི་གསུང་བཤད་ཆ་ཚང་།

习近平在十九大闭幕会上讲话藏文版(全文)

       སྤྱི་ཟླ་10པའི་ཚེས་24ཉིན་གྱི་སྔ་དྲོའི་ཆུ་ཚོད་9པའི་ཐོག་ཀྲུང་གོ་གུང་ཁྲན་ཏང་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་ཐེངས་བཅུ་དགུ་པ་མཇུག་སྒྲིལ་བའི་ཚོགས་འདུ་དེ་མི་དམངས་ཚོགས་ཁང་ཆེན་མོར་འཚོགས། ཞི་ཅིན་ཕིང་གིས་ཚོགས་ཆེན་བཅུ་དགུ་པ་མཇུག་སྒྲིལ་བའི་ཚོགས་འདུ་གཙོ་སྐྱོང་གནང་།  འཐུས་མི་དང་གདན་ཞུའི་འཐུས་མི་2336ཚོགས་འདུར་ཞུགས།

ཞི་ཅིན་ཕིང་གིས་ཚོགས་ཆེན་ཐོག་གསུང་བཤད་གནང་སྟེ་ཏང་ཡོན་བློ་མཐུན་རྣམས་ལ་སྙིང་སྟོབས་དང་ངར་ཤུགས་ཕུད་དེ་དུས་རབས་འདིར་ངོ་གནོང་མི་དགོས་པའི་གྲུབ་འབྲས་གཏོད་དགོས་པའི་འབོད་སྐུལ་གནང་།

        ཞི་ཅིན་ཕིང་གིས་གསུང་རྒྱུར། དེ་རིང་དུང་ཕྱུར་བཅུ་གསུམ་ལྷག་གི་ཀྲུང་གོའི་མི་དམངས་རྣམས་སྤོབས་པ་དང་དཔའ་སྟོབས་ཀྱིས་ཁེངས་ཡོད།  ང་ཚོའི་སྤྱི་ལེ་གྲུ་བཞི་མ་ཁྲི་དགུ་བརྒྱ་དྲུག་ཅུ་ལྷག་གི་མེས་རྒྱལ་གྱི་ས་གཞི་རུ་སྐྱེས་སྟོབས་ཀྱི་དཔལ་འབར་ཞིང་དཔྱིད་ཀྱི་དགའ་དཔལ་འཛོམས་ཡོད། ང་ཚོའི་ལོ་ངོ་ལྔ་སྟོང་ལྷག་གི་ཀྲུང་ཧྭའི་དཔལ་ཡོན་བཀྲ་མདངས་འཚེར་ཤིང་རྟག་བརྟན་ཡིད་དབང་འཕྲོག ང་ཚོའི་ཏང་གི་དབུ་ཁྲིད་དང་རང་རྒྱལ་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་སྲ་ཞིང་བརྟན་ལ་གསོན་ཤུགས་རབ་ཏུ་རྒྱས་ཡོད། ཀྲུང་གོའི་མི་དམངས་དང་ཀྲུང་ཧྭ་མི་རིགས་ཀྱི་མདུན་ལམ་རླབས་ཆེ་ཞིང་འོད་སྟོང་འབར། འདི་འདྲ་རླབས་ཆེ་བའི་དུས་རབས་ཞིག་ཏུ་ང་ཚོ་སྔར་ལས་ཡིད་ཆེས་ཟབ་མོ་དང་སྤོབས་པ་ཆེན་མོས་ཁེངས་ཡོད། དེ་མཚུངས་སུ་འོས་འགན་བརྗིད་པོ་ཞིག་ཡོད་པ་ཡང་སེམས་ནས་ཚོར་ཡོད། ང་ཚོས་སྤོབས་པ་དང་སྙིང་རུས་བསྐྱེད་དེ་མི་རབས་རེ་རེའི་གུང་ཁྲན་ཏང་མིས་མཐུན་སྒྲིལ་གྱིས་མི་དམངས་ཀྱི་སྣེ་ཁྲིད་དེ་ལོ་རྒྱུས་ཀྱི་བྱ་བཞག་རླབས་ཆེན་སྒྲུབ་པའི་རྨང་གཞིའི་ཐོག དུས་རབས་འདིར་ངོ་གནོང་མི་དགོས་པའི་གྲུབ་འབྲས་གཏོད་བཞིན་རེ་བས་ཁེངས་པའི་འབྱུང་འགྱུར་གྱི་ལམ་དུ་བསྐྱོད་དགོས།

        ཐེངས་འདིའི་ཚོགས་ཆེན་གྱིས་བཏོན་པ་ལྟར། ཐོག་མའི་སེམས་འདུན་མི་བརྗེད་པར་འགན་འཁྲི་ཡིད་ལ་བརྟན་པོར་འཇོག་དགོས་ཤིང་། ཀྲུང་གོ་གུང་ཁྲན་ཏང་མིའི་ཐོག་མའི་སེམས་འདུན་དང་འགན་འཁྲི་ནི་ཀྲུང་གོ་མི་དམངས་ལ་བདེ་སྐྱིད་བསྐྲུན་རྒྱུ་དང་ཀྲུང་ཧྭ་མི་རིགས་བསྐྱར་དར་གཏང་རྒྱུ་དེ་རེད།ཐོ ག་མའི་སེམས་འདུན་དང་འགན་འཁྲི་འདི་ནི་ཀྲུང་གོ་གུང་ཁྲན་ཏང་མི་མུ་མཐུད་དུ་མདུན་སྐྱོད་བྱེད་པའི་གཞི་རྩའི་སྒུལ་ཤུགས་ཡིན། ཏང་ཡོངས་ཀྱི་བློ་མཐུན་ཚོས་ངེས་པར་དུ་དུས་ནམ་ཡང་མི་དམངས་དང་མཉམ་དུ་དབུགས་ལམ་གཅིག་པ་དང་ལས་དབང་གཅིག་པ། སེམས་རྒྱུད་གཅིག་པ་བཅས་བྱས་ཏེ། དུས་ནམ་ཡང་མི་དམངས་ཀྱིས་བདེ་སྐྱིད་འཚོ་བར་བཅངས་པའི་སེམས་འདུན་བཟང་པོ་དེ་འབད་བརྩོན་གྱི་དམིགས་འབེན་དུ་བྱེད་པ། དུས་ནམ་ཡང་ལྷོད་གཡེང་མེད་པར་བསམ་པའི་འཁྱེར་སོ་དང་ཞུམ་མེད་མདུན་སྐྱོད་ཀྱི་འབད་བརྩོན་གྱི་ཉམས་འགྱུར་གྱིས་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་གྱི་རླབས་ཆེ་བའི་དམིགས་ཡུལ་ཕྱོགས་སུ་མུ་མཐུད་དུ་མདུན་སྐྱོད་བྱ་དགོས།

        ཏང་ཡོངས་ཀྱིས་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་མཐུན་སྒྲིལ་དམ་ཟབ་བྱེད་པ་དང་། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེའི་དར་ཆ་མཐོན་པོར་བསྒྲེངས་ཏེ། བསམ་བློ་བཅིངས་འགྲོལ་དང་བཅོས་བསྒྱུར་གསར་གཏོད། བློ་བརྟན་ཡར་བརྩོན་དང་དཀའ་སྤྱད་སྡུག་རུས་བཅས་བྱས་ནས་རྒྱལ་ཡོངས་རིགས་སོ་སོའི་མི་དམངས་ཀྱི་སྣེ་ཁྲིད་དེ་ཏང་གི་ཚོགས་ཆེན་བཅུ་དགུ་པས་གཏན་འབེབས་གནང་བའི་དམིགས་འབེན་དང་འགན་འཁྲི་མངོན་འགྱུར་བྱ་ཆེད་ཧུར་བརྩོན་བྱ་དགོས།།

  • ལེ་ཚན་སྔོན་མ།:ཏང་གི་སྒྲིག་ཡིག་ཏུ་ཅི་ཞིག་ཁ་སྣོན་བྱས་ཡོད།
  • ལེ་ཚན་རྗེས་མ།:སྐབས་གསར་པའི་ཀྲུང་དབྱང་ཨུ་ལྷན་གྱི་མཚན་ཐོ།
  • དོ་སྣང་ཆེ་བའི་རྩོམ།