ཡོང་ཁུངས། མི་དམངས་དྲ་བ། 2017-10-21
ཟླ་10ཚེས་20ཉིན་ཀྲུང་གོ་གུང་ཁྲན་ཏང་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་ཐེངས་བཅུ་དགུ་པའི་ཀྲུའུ་ཞི་ཚོགས་པས་པེ་ཅིང་མི་དམངས་ཚོགས་ཁང་ཆེ་མོར་ཚོགས་འདུ་ཐེངས་གཉིས་པ་འཚོགས་ཤིང་། འདི་ནི་བློ་མཐུན་ཞི་ཅིན་ཕིང་གིས་ཚོགས་འདུ་གཙོ་སྐྱོང་གནང་བའི་གནས་ཚུལ་ཡིན་པ།
ཟླ་10ཚེས་20ཉིན་ཀྲུང་གོ་གུང་ཁྲན་ཏང་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་ཐེངས་བཅུ་དགུ་པའི་ཀྲུའུ་ཞི་ཚོགས་པས་པེ་ཅིང་མི་དམངས་ཚོགས་ཁང་ཆེ་མོར་ཚོགས་འདུ་ཐེངས་གཉིས་པ་འཚོགས་ཤིང་། འདི་ནི་ཞི་ཅིན་ཕིང་དང་། ལི་ཁེ་ཆང་། ཀྲང་ཏེ་ཅང་། ཡུས་ཀྲེང་ཧྲེང་། ལིའུ་ཡུན་ཧྲན། ཝང་ཆི་ཧྲན། ཀྲང་ཀའོ་ལི་སོགས་ཚོགས་འདུར་ཕེབས་པའི་གནས་ཚུལ་ཡིན་པ།
ཟླ་10ཚེས་20ཉིན་གྱི་ཕྱི་དྲོར། ཀྲུང་གོ་གུང་ཁྲན་ཏང་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་ཐེངས་བཅུ་དགུ་པའི་ཀྲུའུ་ཞི་ཚོགས་པས་མི་དམངས་ཚོགས་ཁང་ཆེ་མོར་ཚོགས་འདུ་ཐེངས་གཉིས་པ་འཚོགས་པ་རེད།
བློ་མཐུན་ཞི་ཅིན་ཕིང་གིས་ཚོགས་འདུ་གཙོ་སྐྱོང་གནང་བ་རེད།
ཚོགས་ཆེན་གྱི་དྲུང་ཆེ་ལིའུ་ཡུན་ཧྲན་གྱིས་སྐབས་བཅུ་དགུ་པའི་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་དང་། རྗེས་སྣོན་ཨུ་ཡོན། ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་གྱི་གདམ་བྱའི་འོས་མི་དང་གྲ་སྒྲིག་འོས་མིའི་གྲོས་འགོའི་མཚན་ཐོར་གསལ་བཤད་གནང་བ་རེད།
ཚོགས་འདུའི་ཐོག་སྐབས་བཅོ་བརྒྱད་པའི་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་སྙན་སྒྲོན་སྐོར་གྱི་གྲོས་ཆོད་(འཆར་ཟིན)དང་། སྐབས་བཅོ་བརྒྱད་པའི་ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ལས་དོན་སྙན་སྒྲོན་སྐོར་གྱི་གྲོས་ཆོད་(འཆར་ཟིན)《ཀྲུང་གོ་གུང་ཁྲན་ཏང་གི་སྒྲིག་ཡིག་(བཟོ་བཅོས་འཆར་ཟིན)》སྐོར་གྱི་གྲོས་ཆོད་(འཆར་ཟིན)བཅས་འཐུས་མི་ཚོགས་པ་ཁག་ལ་གྲོས་བསྡུར་གནང་རྒྱུར་འབུལ་རྒྱུའི་གྲོས་འཆམ་བྱུང་བ་རེད།
ཚོགས་འདུའི་ཐོག་སྐབས་བཅུ་དགུ་པའི་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་དང་། རྗེས་སྣོན་ཨུ་ཡོན། ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་གྱི་གདམ་བྱའི་འོས་མི་དང་གྲ་སྒྲིག་འོས་མིའི་གྲོས་འགོའི་མཚན་ཐོ་འཐུས་མི་ཚོགས་པ་ཁག་ལ་གྲོས་བསྡུར་གནང་རྒྱུར་འབུལ་རྒྱུའི་གྲོས་འཆམ་བྱུང་བ་རེད།
ཚོགས་འདུའི་ཐོག་འཐུས་མི་ཚོགས་པ་ཁག་གིས་གྲོས་བསྡུར་གནང་བ་བརྒྱུད་ཚོགས་ཆེན་གྱི་འདེམས་བསྐོའི་བྱེད་ཐབས་ལ་གྲོས་འཆམ་བྱུང་ཞིང་། ཚོགས་འདུའི་ཐོག་ད་དུང་འདེམས་ཤོག་ལྟ་ཞིབ་པ་དང་སྤྱིའི་འདེམས་ཤོག་ལྟ་ཞིབ་པའི་མཚན་ཐོ་གྲོས་འཆམ་བྱུང་བ་དང་དངོས་སུ་འདེམས་སྐབས་ཚོགས་ཆེན་ཐོག་གྲོས་འཆམ་བྱ་རྒྱུར་འབུལ་རྒྱུ་རེད།
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10