ཀྲུང་གོའི་བོད་སྐད་རླུང་འཕྲིན་དྲ་བ། 2017-10-18
ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་འགན་སེམས་ཆེན་པོའི་ཐོག་ནས། དུས་རབས་ཀྱི་འཕེལ་ཕྱོགས་ཁོང་དུ་ཆུད་པ་དང་མི་དམངས་ཀྱི་རེ་འགུག་དང་བསྟུན་ཐོག ཏང་ཡོངས་དང་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ཀྱི་སྣེ་ཁྲིད་ནས་མདུན་སྐྱོད་འགྲོ་ལམ་ཐོག་གི་དཀའ་ངལ་དང་འགྲན་རྩོད་ལ་ཁ་གཏད་ཧུར་ཐག་བཅག་པ་དང་། བསྒྱུར་བཅོས་དང་གོང་འཕེལ་བརྟན་ལྷིང་། ནང་སྲིད་དང་ཕྱི་འབྲེལ། རྒྱལ་སྲུང་སོགས་ཁྱབ་ཁོངས་ཁག་གི་ནང་གནས་བབ་གསར་པ་ཐོན་རྒྱུར་སྐུལ་འདེད་བཏང་ཡོད། ཀྲུང་དབྱང་མི་དམངས་ཀུན་ཁྱབ་རླུང་འཕྲིན་ལས་ཁུངས་ཀྱིས་ལེའུ་བཅུ་ཡོད་པའི་དམིགས་བསལ་ཆེད་སྒྲིག་ལེ་ཚན་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བཀའ་མོལ་གསན་དང་ཞེས་པ་སྒྲིག་བཟོ་བྱས་ནས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གལ་ཆེའི་གསུང་བཤད་རབ་དང་རིམ་པར་ཕྱིར་དྲན་དང་། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་རྒྱལ་སྐྱོང་སྲིད་འཛིན་གྱི་འདུ་ཤེས་གསར་པ་དང་བསམ་བློ་གསར་པ། འཐབ་ཇུས་གསར་པ་བཅས་ཀྱི་གསོན་ཉམས་ལྡན་པའི་ལག་ལེན་དང་རླབས་ཆེའི་གྲུབ་འབྲས་ལ་ཕྱིར་དྲན་བྱེད་བཞིན་ཡོད། དེ་རིང་རྒྱལ་ཁབ་ཁག་གིས་མཉམ་སྤྱོད་ཐུབ་པའི་མེ་ཏོག་སྣ་འཛོམས་ཀྱི་ལྡུམ་ར་འཛུགས་སྐྲུན་བྱེད་ཅེས་པ་དེ་ཞུ་རྒྱུ་ཡིན།
སྤྱི་ལོ་༢༠༡༣ལོར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཨ་ཤེ་ཡ་དབུས་མ་དང་ཨ་ཤེ་ཡ་ཤར་ལྷོའི་རྒྱལ་ཁབ་ལ་འཚམས་འདྲིར་ཕེབས་སྐབས། རྒྱུད་གཅིག་ལམ་གཅིག་གི་གྲོས་འགོ་བཏོན་གནང་ནས་དར་གོས་ལམ་བུར་དུས་རབས་ཀྱི་ནང་དོན་གསར་པ་སྣོན་ཡོད།
ཞི་ཅིན་ཕིང་གིས། ཡོ་རོབ་དང་ཨ་ཤེ་ཡའི་རྒྱལ་ཁབ་ཁག་གི་དཔལ་འབྱོར་འབྲེལ་བ་དེ་བས་དམ་ཟབ་ཡོང་བ་དང་། ཕན་ཚུན་མཉམ་ལས་དེ་བས་ཟབ་ཏུ་འགྲོ་རྒྱུ། གོང་འཕེལ་གྱི་བར་ཁམས་དེ་བས་རྒྱ་ཆེ་རུ་འགྲོ་རྒྱུ་བཅས་ཀྱི་ཆེད་དུ། ང་ཚོས་གསར་གཏོད་ཀྱི་མཉམ་ལས་མ་དཔེ་སྤྱད་ནས། ཐུན་མོང་ཐོག་དར་གོས་ལམ་བུའི་དཔལ་འབྱོར་རྒྱུད་འཛུགས་སྐྲུན་བྱས་ཏེ། གནད་གཅིག་གིས་ཁྱོན་ཡོངས་ལ་སྐུལ་འདེད་གཏོང་བ་དང་། ལམ་ཐིག་གཅིག་ནས་ངོས་གཅིག་ལ་སྐུལ་ཁྲིད་ཐུབ་པ་བྱས་ཏེ། རིམ་བཞིན་ས་ཁོངས་ཀྱི་མཉམ་ལས་ཆེན་པོ་ཐུབ་པ་བྱེད་ཆོག ཨ་ཤེ་ཡ་ཤར་ལྷོའི་ས་ཁུལ་ནི་གནའ་སྔ་མོ་ནས་བཟུང་མཚོ་ཐོག་དར་གོས་ལམ་བུའི་འགག་གནས་གལ་ཆེན་ཞིག་ཡིན་པས། ཀྲུང་གོས་ཨ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་གྱི་རྒྱལ་ཁབ་བར་མཚོ་ཐོག་མཉམ་ལས་ལ་ཤུགས་སྣོན་རྒྱབ་ནས། རྒྱ་མཚོའི་མཉམ་ལས་རོགས་པའི་འབྲེལ་བ་གོང་འཕེལ་ཡག་པོ་གཏོང་བ་དང་། ཐུན་མོང་ཐོག་དུས་རབས་ཉེར་གཅིག་པའི་མཚོ་ཐོག་དར་གོས་ལམ་བུ་འཛུགས་སྐྲུན་བྱེད་འདོད་ཡོད་ཅེས་གསུངས་ཡོད་པ་རེད།
གནའ་བོའི་དར་གོས་ལམ་བུས་ལམ་རྒྱུད་མི་དམངས་ལ་ཕན་པ་བསྐྲུན་ཐུབ་པའི་རྒྱུ་རྐྱེན་ནི་ལམ་རྒྱུད་རྒྱལ་ཁབ་ཁག་གི་བར་འབྲེལ་མཐུད་དང་གཉིས་ཕན་མཉམ་རྒྱལ་ཐུབ་པས་ཡིན། ཀྲུང་གོའི་གོང་འཕེལ་ལ་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་ཕན་པ་ཐོབ་ཡོད་པས། ཀྲུང་གོས་ཀྱང་རྒྱལ་སྤྱིའི་སྤྱི་ཚོགས་ལ་སྤྱི་པའི་ཐོན་རྫས་དེ་བས་མང་བ་མཁོ་འདོན་བྱེད་འདོད་ཡོད་པ་རེད།
ཞི་ཅིན་ཕིང་གིས། ངས་རྒྱུད་གཅིག་ལམ་གཅིག་གི་གྲོས་འགོ་བཏོན་པའི་དམིགས་ཡུལ་ནི་ལམ་རྒྱུད་རྒྱལ་ཁབ་ཁག་གིས་ཀྲུང་གོའི་གོང་འཕེལ་གྱི་གོ་སྐབས་མཉམ་སྤྱོད་བྱས་ནས། ཐུན་མོང་དར་རྒྱས་ཡོང་བ་བྱེད་ཆེད་ཡིན། ངས་དམིགས་བསལ་དུ་བསྟན་དགོས་པ་ནི། ཀྲུང་གོས་དར་སྤེལ་བཏང་པའི་སྒྲིག་གཞི་གསར་པ་དང་གྲོས་འགོ་གསར་པ་ནི་བསྐྱར་དུ་སྒྲིག་གཞི་གསར་པ་ཞིག་བཟོ་ཆེད་མ་ཡིན་ལ། དེ་བས་ཀྱང་སུ་ཞིག་ལ་དམིགས་པ་མ་ཡིན་པར། དེ་ནི་ད་ཡོད་ཀྱི་རྒྱལ་སྤྱིའི་སྒྲིག་གཞིར་ཁ་གསབ་དང་དེ་ཉིད་འཐུས་སྒོ་ཚང་དུ་གཏོང་ཆེད་ཡིན་ཞིང་། དམིགས་ཡུལ་ནི་མཉམ་ལས་མཉམ་རྒྱལ་དང་ཐུན་མོང་གོང་འཕེལ་ཡོང་ཆེད་ཡིན། ཀྲུང་གོས་ཕྱི་ཕྱོགས་ལ་སྒོ་མོ་འབྱེད་པ་ནི་རང་རྒྱལ་ཁབ་ཁོ་ནས་ཟློས་གར་ཁེར་འཁྲབ་བྱ་རྒྱུ་མིན་པར། ཕྱོགས་ཁག་ནས་མཉམ་དུ་ཞུགས་རྒྱུར་དགའ་བསུ་ཞུ་རྒྱུ་ཡིན་ཞིང་། སྟོབས་ཤུགས་ཀྱི་ཁྱབ་ཁོངས་ཆེ་རུ་གཏོང་ཆེད་མིན་པར་རྒྱལ་ཁབ་ཁག་གི་ཐུན་མོང་གོང་འཕེལ་ལ་རྒྱབ་སྐྱོར་བྱ་རྒྱུ་ཡིན་པ། རང་ཁོ་ནའི་མེ་ཏོག་ལྡུམ་ར་བསྐྲུན་རྒྱུ་མིན་པར་རྒྱལ་ཁབ་ཁག་གིས་མཉམ་སྤྱོད་ཐུབ་པའི་མེ་ཏོག་སྣ་འཛོམས་ཀྱི་ལྡུམ་ར་བསྐྲུན་རྒྱུ་ཡིན་ཞེས་གསུངས་ཡོད་པ་རེད།
ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། ཕྱི་རྒྱལ་དུ་འཚམས་འདྲིར་ཕེབས་པའམ་ཡང་ན་རྒྱལ་ནང་གི་གྲོས་ཚོགས་ལ་ཞུགས་པ་གང་ཡིན་རུང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཉམ་གྲོས་མཉམ་འཛུགས་མཉམ་སྤྱོད་བཅས་པའི་མཉམ་ཞེས་པའི་མིང་ཚིག་དེ་རྒྱུད་གཅིག་ལམ་གཅིག་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བའི་གཞི་རྩའི་རྩ་དོན་ལ་འཛིན་གནང་གི་ཡོད། རྒྱུད་གཅིག་ལམ་གཅིག་གི་འཛུགས་སྐྲུན་དེ་སྲིད་ཇུས་འབྲེལ་གཏུག་དང་། འགྲོ་ལམ་མཉམ་མཐུད། ཉོ་ཚོང་ཤར་གཏོང་། དངུལ་ལོར་འཁོར་རྒྱུག དམངས་སེམས་གཅིག་མཐུན་བཅས་ཕྱོགས་ལྔའི་ཐད་ནས་འགོ་ཚུགས་ཏེ། གནད་གཅིག་གིས་ཁྱོན་ཡོངས་ལ་སྐུལ་ཁྲིད་དང་། ལམ་ཐིག་གཅིག་ནས་ངོས་ཡོངས་ལ་ཁེབས་པ་བྱས་ཏེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཇུས་འགོད་གནང་བའི་ས་ཁོངས་ཀྱི་མཉམ་ལས་ཆེན་མོ་དེ་རིམ་པས་ཆགས་བཞིན་ཡོད་པ་རེད།
ཞི་ཅིན་ཕིང་གིས། རྒྱུད་གཅིག་ལམ་གཅིག་གི་འཛུགས་སྐྲུན་དེ་རིམ་བཞིན་འདུ་ཤེས་ནས་བྱ་སྤྱོད་ལ་འགྱུར་བ་དང་། འདུན་པ་ནས་དོན་དངོས་ལ་འགྱུར་ཡོད་ཅིང་། འཛུགས་སྐྲུན་ལ་གྲུབ་འབྲས་གཡུར་དུ་ཟ་བ་ཐོབ་ཡོད། གཡུར་ཟའི་གྲུབ་འབྲས་ཐོག་ནས། རྒྱུད་གཅིག་ལམ་གཅིག་གི་གྲོས་འགོ་ནི་དུས་རབས་ཀྱི་འཕེལ་ཕྱོགས་དང་མཐུན་པ་དང་། གོང་འཕེལ་གྱི་ཆོས་ཉིད་དང་འཚམ་པ། རྒྱལ་ཁབ་ཁག་གི་མི་དམངས་ཀྱི་ཁེ་ཕན་དང་འཚམ་པ། རྒྱ་ཆེ་བའི་མདུན་ལྗོངས་ལྡན་པ་བཅས་ཡིན་པ་མངོན་ཡོད། ཀྲུང་གོ་བར། བྱ་བ་ཐམས་ཅད་ཐོག་མའི་དུས་སུ་དཀའ་ཞེས་པའི་བཤད་སྲོལ་ཡོད། རྒྱུད་གཅིག་ལམ་གཅིག་གི་འཛུགས་སྐྲུན་དེས་སྲ་ཞིང་བརྟན་པའི་གོམ་སྟབས་སྤོས་ཟིན། ང་ཚོས་བབ་བསྟུན་འཕྲལ་སྒྲུབ་དང་སྐབས་བསྟུན་ལས་སྒྲུབ་བྱས་ཏེ། རྒྱུད་གཅིག་ལམ་གཅིག་གི་འཛུགས་སྐྲུན་དེ་བརྟན་པོའི་ངང་གོང་འཕེལ་འགྲོ་རྒྱུར་སྐུལ་འདེད་གཏོང་བ་དང་། དེ་བས་མཛེས་སྡུག་ལྡན་པའི་འབྱུང་འགྱུར་ཕྱོགས་སུ་བསྐྱོད་ཐུབ་པ་བྱེད་དགོས་ཞེས་གསུངས་ཡོད་པ་རེད།
འཛམ་གླིང་དེ་ལྟར་ཆེ་ཞིང་། གནད་དོན་དེ་ལྟར་མང་བས། རྒྱལ་སྤྱིའི་སྤྱི་ཚོགས་ནས་ཀྲུང་གོའི་གྲོས་འགོ་ཉན་རྒྱུ་དང་། ཀྲུང་གོའི་ཇུས་གཞི་མཐོང་ཐུབ་པའི་རེ་བ་བྱེད་ཀྱི་ཡོད་ཅིང་། ཀྲུང་གོ་འདི་ཉིད་མེད་ཐབས་མེད་པར་གྱུར་ཡོད། རྒྱུད་གཅིག་ལམ་གཅིག་གི་འཛུགས་སྐྲུན་ནི་ཀྲུང་གོས་གོ་ལ་ཧྲིལ་པོའི་བཅོས་སྐྱོང་ནང་ཐེ་ཞུགས་བྱེད་པའི་ཐབས་ལམ་གལ་ཆེན་ཞིག་ཡིན་པ་དང་། ད་བར་ཀྲུང་གོས་འཛམ་གླིང་ལ་མཁོ་འདོན་བྱས་པའི་གལ་འགངས་ཆེ་ཤོས་ཀྱི་སྤྱི་པའི་ཐོན་རྫས་ཤིག་ཡིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཇུས་འགོད་ཞིབ་ཚགས་གནང་བའི་འོག རྒྱུད་གཅིག་ལམ་གཅིག་དེ་གོང་འཕེལ་ཁྲོད་ཟམ་མི་ཆད་པར་འཐུས་སྒོ་ཚང་དུ་འགྲོ་བཞིན་པ་དང་། མཉམ་ལས་ཁྲོད་ཟམ་མི་ཆད་པར་གོང་འཕེལ་འགྲོ་བཞིན་ཡོད་པ་རེད།
ཞི་ཅིན་ཕིང་གིས། རྒྱུད་གཅིག་ལམ་གཅིག་གི་འཛུགས་སྐྲུན་ནི་རླབས་ཆེ་བའི་བྱ་གཞག་ཅིག་ཡིན་པས། དེར་རླབས་ཆེ་བའི་ལག་ལེན་དགོས། ང་ཚོས་གོམ་པ་རེ་རེ་བཞིན་ལག་བསྟར་བྱ་རྒྱུར་སྐུལ་འདེད་ཏན་ཏིག་གཏོང་བ་དང་། གྲུབ་འབྲས་རེ་རེའི་ཐོག་ནས་འཛམ་གླིང་ལ་ཕན་པ་བསྐྲུན་པ་དང་། མི་དམངས་ལ་ཕན་པ་བསྐྲུན་དགོས་ཞེས་གསུངས་ཡོད་པ་རེད།
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10