2017-10-17
ཏང་གི་ཚོགས་ཆེན་བཅུ་དགུ་པ་འཚོག་གྲབས་ཡོད་པ་དང་། ཏང་གི་འཐུས་མི2287གྱིས་ཏང་ཡོངས་ཀྱི་བཀའ་མངག་ལྟར་བླ་ན་མེད་པའི་འགན་འཁྲི་འཁྱེར་ཏེ་གཟི་བརྗིད་ལྡན་པའི་ངང་ནས་ཏང་གི་ཚོགས་ཆེན་བཅུ་དགུ་པར་ཞུགས་བཞིན་པ་རེད།
ཚེས16ཉིན་གྱི་ཕྱི་དྲོའི་ཆུ་ཚོད3དང་སྐར་མ40སྟེང་ཀྲུང་གོ་གུང་ཁྲན་ཏང་གི་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་ཐེངས་བཅུ་དགུ་པར་ཞུགས་པའི་རང་རེའི་ཞིང་ཆེན་གྱི་འཐུས་མི་རྣམས་པེ་ཅིན་དུ་འབྱོར་བ་རེད།
སི་ཁྲོན་གྱི་འཐུས་མིས་གནམ་གྲུའི་ནང་སི་ཁྲོན་ཉིན་རེའི་ཚགས་པར་ལྟ་ཀློག་བྱེད་བཞིན་པ།
ཟླ10པའི་ཚེས14ཉིན་བོད་ལྗོངས་ཀྱི་འཐུས་མི་ཚོགས་པ་ལྷ་ས་ནས་ལམ་ལ་བཞུད་འགོ་བརྩམས་ཤིང་། ཁོ་ཚོ་ཐོག་མར་ཁྲེང་ཏུའུ་རུ་གནམ་གྲུར་བསྡད་ནས་སླེབས་པ་དང་། ཡང་ཁྲེང་ཏུའུ་ནས་གནམ་གྲུ་བརྗེས་ཏེ་པེ་ཅིང་དུ་འབྱོར་བ་རེད། བོད་ལྗོངས་ཀྱི་འཐུས་མི་ཚོགས་པ་ནི་ལམ་ཐག་ཆེས་རིང་ཤོས་ཀྱི་འཐུས་མི་ཚོགས་པ་རེད།
ཟླ10པའི་ཚེས15ཉིན་གྱི་སྔ་དྲོའི་ཆུ་ཚོད9པ་ཡོལ་ཙམ་ནང་སོག་རང་སྐྱོང་ལྗོངས་ཏང་གི་ཚོགས་ཆེན་བཅུ་དགུ་པའི་འཐུས་མི་རྣམས་གནམ་གྲུར་བསྡད་ནས་རྒྱལ་སའི་རྒྱལ་སྤྱིའི་གནམ་ཐང་དུ་འབྱོར་བ་རེད། ཁོ་ཚོ་ནི་པེ་ཅིང་ཕུད་པའི་འཐུས་མི་ཚོགས་པ་ལས་པེ་ཅིང་དུ་ཐོག་མར་འབྱོར་བའི་འཐུས་མི་ཚོགས་པ་དེ་རེད།
ཟླ10པའི་ཚེས15ཉིན། བོད་རང་སྐྱོང་ལྗོངས་ཀྱི་ཏང་གི་ཚོགས་ཆེན་བཅུ་དགུ་པའི་འཐུས་མི་རྣམས་ཀྱང་གནམ་གྲུར་བསྡད་ནས་རྒྱལ་སའི་རྒྱལ་སྤྱིའི་གནམ་གྲུ་ཐང་དུ་འབྱོར་བ་རེད།
ཟླ10པའི་ཚེས15ཉིན། ཧྲན་ཤིས་ཞིང་ཆེན་གྱི་ཏང་གི་ཚོགས་ཆེན་བཅུ་དགུ་པའི་འཐུས་མི་རྣམས་པེ་ཅིན་དུ་འབྱོར་བ་རེད།
ཟླ10པའི་ཚེས15ཉིན། ཤིན་ཅང་ཡུ་གུར་རང་སྐྱོང་ལྗོངས་ཀྱི་ཏང་གི་འཐུས་ཚོགས་ཀྱི་འཐུས་མི་རྣམས་གནམ་གྲུར་བསྡད་ནས་རྒྱལ་སྤྱིའི་གནམ་གྲུ་ཐང་དུ་འབྱོར་བ་རེད།
ཟླ10པའི་ཚེས15ཉིན། མཚོ་སྔོན་ཞིང་ཆེན་གྱི་ཏང་གི་ཚོགས་ཆེན་བཅུ་དགུ་པའི་འཐུས་མི་རྣམས་གནམ་གྲུར་བསྡད་ནས་རྒྱལ་སའི་རྒྱལ་སྤྱིའི་གནམ་གྲུ་ཐང་དུ་འབྱོར་བ་རེད།
ཟླ10པའི་ཚེས15ཉིན། ཧྥུའུ་ཅན་ཞིང་ཆེན་གྱི་ཏང་གི་ཚོགས་ཆེན་བཅུ་དགུ་པའི་འཐུས་མི་རྣམས་གནམ་གྲུར་བསྡད་ནས་རྒྱལ་སའི་རྒྱལ་སྤྱིའི་གནམ་གྲུ་ཐང་དུ་འབྱོར་བ་རེད།
ཟླ10པའི་ཚེས15ཉིན། ཧོ་ནན་ཞིང་ཆེན་གྱི་ཏང་གི་འཐུས་ཚོགས་ཀྱི་འཐུས་མི་རྣམས་རྒྱལ་ས་པེ་ཅིང་དུ་འབྱོར་བ་རེད།
ཟླ10པའི་ཚེས15ཉིན། ཨན་ཧུའེ་ཞིང་ཆེན་གྱི་ཏང་གི་ཚོགས་ཆེན་བཅུ་དགུ་པའི་འཐུས་མི་རྣམས་པེ་ཅིང་དུ་འབྱོར་བ་རེད།
ཟླ10པའི་ཚེས15ཉིན། ཁྲུང་ཆིང་གྲོང་ཁྱེར་ནས་ཡོང་བའི་ཏང་གི་ཚོགས་ཆེན་བཅུ་དགུ་པའི་འཐུས་མི་རྣམས་གནམ་གྲུར་བསྡད་ནས་རྒྱལ་སའི་རྒྱལ་སྤྱིའི་གནམ་གྲུ་ཐང་དུ་འབྱོར་བ་རེད།
ཟླ10པའི་ཚེས15ཉིན། ལེའོ་ཉིང་ཞིང་ཆེན་གྱི་ཏང་གི་འཐུས་ཚོགས་ཀྱི་འཐུས་མི་རྣམས་མེ་འཁོར་ལ་བསྡད་ནས་པེ་ཅིང་དུ་འབྱོར་བ་རེད།
ཟླ10པའི་ཚེས15ཉིན། ཀུའེ་ཀྲོའུ་ཞིང་ཆེན་གྱི་ཏང་གི་ཚོགས་ཆེན་བཅུ་དགུ་པའི་འཐུས་མི་རྣམས་གནམ་གྲུར་བསྡད་ནས་རྒྱལ་སའི་རྒྱལ་སྤྱིའི་གནམ་གྲུ་ཐང་དུ་འབྱོར་བ་རེད།
ཟླ10པའི་ཚེས15ཉིན། ཉིང་ཞ་ཧུའེ་རིགས་རང་སྐྱོང་ལྗོངས་ཀྱི་ཏང་གི་ཚོགས་ཆེན་བཅུ་དགུ་པའི་འཐུས་མི་རྣམས་གནམ་གྲུར་བསྡད་ནས་རྒྱལ་སའི་རྒྱལ་སྤྱིའི་གནམ་གྲུ་ཐང་དུ་འབྱོར་བ་རེད།
ཟླ10པའི་ཚེས15ཉིན། ཅི་ལིན་ཞིང་ཆེན་གྱི་ཏང་གི་འཐུས་ཚོགས་ཀྱི་འཐུས་མི་རྣམས་གནམ་གྲུར་བསྡད་ནས་རྒྱལ་སྤྱིའི་གནམ་གྲུ་ཐང་དུ་འབྱོར་བ་རེད།
ཉིན་འདི་ཤས་རིང་། ཞིང་ཆེན་དང་ས་ཁུལ་གཞན་དག་ནས་ཡོང་བའི་ཚོགས་ཆེན་བཅུ་དགུ་པའི་འཐུས་མི་ཡང་གཅིག་རྗེས་གཉིས་མཐུད་ངང་པེ་ཅིང་དུ་འབྱོར་བཞིན་ཡོད།
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10