སྐབས17པའི་རྒྱལ་ཡོངས་བོད་ཡིག་འཕྲིན་སྦྱོར་མཐུན་འབྲེལ་ཚོགས་འདུ་མཇུག་བསྒྲིལ།

        2017-09-08

སྐབས17པའི་རྒྱལ་ཡོངས་བོད་ཡིག་འཕྲིན་སྦྱོར་མཐུན་འབྲེལ་ཚོགས་འདུ་མཇུག་བསྒྲིལ།

སྐབས་བཅུ་བདུན་པའི་རྒྱལ་ཡོངས་བོད་ཡིག་འཕྲིན་སྦྱོར་མཐུན་འབྲེལ་ཚོགས་འདུ་དེ་ཟླ་འདིའི་ཚེས7ཉིན་ལ་སི་ཁྲོན་ཞིང་ཆེན་ཁྲེང་ཏུའུ་གྲོང་ཁྱེར་དུ་མཇུག་བསྒྲིལ་པ་རེད།

      སི་ཁྲོན་ཞིང་ཆེན་ཏང་དེབ་ཚོགས་པའི་སྤྱི་ཁྱབ་རྩོམ་སྒྲིག་པ་ཞུའེ་ཕིང་གིས་ཐེངས་འདིའི་མཇུག་སྒྲིལ་ཚོགས་འདུ་ལ་མདོ་འཛིན་མཛད་ཅིང་། མཚོ་སྔོན་ཉིན་རེའི་ཚགས་པར་ཁང་གི་སྤྱི་ཁྱབ་རྩོམ་སྒྲིག་པ་གཞོན་པ་ཚེ་མགོན་ལགས་ཀྱིས་ཐེངས་འདིའི་བྱ་དགའ་ཐོབ་ཡོད་པའི་ཕུལ་བྱུང་གསར་འགྱུར་བརྩམས་ཆོས་ཀྱི་མིང་ཐོ་ཁྱབ་བསྒྲགས་གནང་བ་དང་། སི་ཁྲོན་ཏང་གི་འཛུགས་སྐྲུན་དུས་དེབ་ཁང་གི་སྤྱི་ཁྱབ་རྩོམ་སྒྲིག་པ་གཞོན་པ་དཀོན་མཆོག་རྡོ་རྗེ་ལགས་ཀྱིས་ཐེངས་འདིའི་ཐ་སྙད་གསར་པ་གཅིག་གྱུར་བྱས་པའི་མཇུག་འབྲས་ཁྱབ་བསྒྲགས་གནང་། བོད་ལྗོངས་ཉིན་རེའི་ཚགས་པར་ཁང་གི་སྤྱི་ཁྱབ་རྩོམ་སྒྲིག་པ་གཞོན་པ་བཀྲ་ཤིས་དཔལ་ལྡན་ལགས་ཀྱིས་ཚོགས་འདུའི་ཟིན་བྲིས་གནད་བསྡུས་ཁྱབ་བསྒྲགས་གནང་བ་དང་མཇུག་བསྡུ་བའི་གསུང་བཤད་གནང་།

སྐབས17པའི་རྒྱལ་ཡོངས་བོད་ཡིག་འཕྲིན་སྦྱོར་མཐུན་འབྲེལ་ཚོགས་འདུ་མཇུག་བསྒྲིལ།
སྐབས17པའི་རྒྱལ་ཡོངས་བོད་ཡིག་འཕྲིན་སྦྱོར་མཐུན་འབྲེལ་ཚོགས་འདུ་མཇུག་བསྒྲིལ།

སྐབས17པའི་རྒྱལ་ཡོངས་བོད་ཡིག་འཕྲིན་སྦྱོར་མཐུན་འབྲེལ་ཚོགས་འདུ་མཇུག་བསྒྲིལ།

ཐེངས་འདིའི་ཚོགས་འདུ་རུ་འདས་པའི་ལོ་གཅིག་རིང་གི་བོད་ཡིག་འཕྲིན་སྦྱོར་ལས་ཁུངས་དག་གི་གསར་འགྱུར་དང་པར་ངོས།  དཔྱད་གཏམ། ཡིག་བསྒྱུར། སྒྲ་གཟུགས་སོགས་བསྡོམས་པས་བརྩམས་ཆོས310ཐེངས་འདིའི་འགྲན་ཞུགས་བརྩམས་ཆོས་སུ་ཚུད་ནས་དེ་ལ་དཔྱད་འདེམས་བྱས་ཤིང་།  དེ་ལས་བརྩམས་ཆོས222ལ་བྱ་དགའ་གནང་བ་དང་། ཐ་སྙད་གསར་པ220ཞིབ་བཤེར་བྱས་ནས་མཇུག་མཐར་ཐ་སྙད་གསར་པ128གཅིག་གྱུར་གཏན་འབེབས་བྱས་པ་རེད།  དེ་ལས་ངེད་དཀར་མཛེས་ཉིན་རེའི་ཚགས་པར་ཁང་གི་བོད་ཡིག་འཕྲིན་སྦྱོར་སྡེ་ཁག་གི་བསྒྱུར་རྩོམ་དང་གསར་འགྱུར་བརྩམས་ཆོས། པར་ངོས་ཡག་པོ་སོགས་འགྲན་ཞུགས་བརྩམས་ཆོས་བཞི་ལ་ཐེངས་འདིའི་ཨང་དང་པོའི་བྱ་དགའ་ཐོབ་པ་དང་། བརྩམས་ཆོས་དྲུག་ལ་ཐེངས་འདི་ཨང་གཉིས་པའི་བྱ་དགའ་ཐོབ། བརྩམས་ཆོས་གསུམ་ལ་ཐེངས་འདིའི་ཨང་གསུམ་པའི་བྱ་དགའ་སོགས་ཐོབ་ཡོད་པ་རེད།

སྐབས17པའི་རྒྱལ་ཡོངས་བོད་ཡིག་འཕྲིན་སྦྱོར་མཐུན་འབྲེལ་ཚོགས་འདུ་མཇུག་བསྒྲིལ།

      ཚོགས་འདུའི་རིང་ལ་སྐབས་དང་པོའི་རྒྱལ་ཡོངས་བོད་ཡིག་འཕྲིན་སྦྱོར་མཉམ་འདྲེས་འཕེལ་རྒྱས་ལ་བགྲོ་གླེང་གནང་བར་མ་ཟད། ཚོགས་ཞུགས་མི་སྣ་ཡོངས་ཀྱིས་ཁྲེང་ཏུའུ་གྲོང་ཁྱེར་ཉེ་འཁོར་གྱི་བོད་ཀྱི་རིག་གནས་ཐོན་ལས་རྟེན་གཞི་སོགས་ལ་ལྟ་སྐོར་དང་བཅར་འདྲི་བྱས་ཡོད་པ་རེད། 


  • ལེ་ཚན་སྔོན་མ།:བློ་མཐུན་ཡའོ་ཡེ་ལིན་སྐུ་འཁྲུངས་ནས་ལོ་འཁོར་བརྒྱ་ལོན་པར་རྗེས་དྲན་ཞུ་བའི་བཞུགས་མོལ་ཚོགས་འདུ་པེ་ཅིན་ནས་ཚོགས་པ་དང་ལིས་ཁི་ཆང་ཚོགས་འདུར་ཞུགས་པར་མ་ཟད་གཏམ་བཤད།
  • ལེ་ཚན་རྗེས་མ།:འབོ་གསེར་རྒྱལ་ཁབ་ཀྱི་འགོ་ཁྲིད་མི་སྣའི་ཞལ་འཛོམས་ཐེངས་དགུ་པ་གནང་བ།
  • དོ་སྣང་ཆེ་བའི་རྩོམ།