དབུལ་ཁྱིམ་སློབ་མར་རོགས་སྐྱོར་སྲིད་ཇུས་གསལ་འགྲེལ།

ཚེ་བརྟན་སྒྲོལ་མས་སྒྲིག་བསྒྱུར་བྱས།    གངས་ལྗོངས་ཉི་གཞོན།    2017-09-01

     སི་ཁྲོན་ཞིང་ཆེན་གྱི་ཡིག་ཚགས་དང་བྱང་བུ་བཟོ་བའི་དབུལ་ཁྱིམ་སློབ་མར་རོགས་སྐྱོར་སྲིད་ཇུས་གསལ་འགྲེལ།

 

  སྤྱི་ཟླ7པའི་ཚེས18ཉིན། སི་ཁྲོན་ཞིང་ཆེན་སློབ་གསོ་ཐིང་གིས་བསྒྲགས་པའི་ཆེས་གསར་པའིསི་ཁྲོན་ཞིང་ཆེན་སློབ་གསོ་ཐིང། སི་ཁྲོན་ཞིང་ཆེན་མི་ཤུགས་ཐོན་ནུས་དང་སྤྱི་ཚོགས་འགན་ལེན་ཐིང་། སི་ཁྲོན་ཞིང་ཆེན་ནོར་སྲིད་ཐིང་། སི་ཁྲོན་ཞིང་ཆེན་དབུལ་སྐྱོར་དང་དམངས་སྤོར་ལས་དོན་ཅུས་བཅས་ཀྱིས་གོམ་གང་མདུན་སྤོས་ཀྱིས་སློབ་ཡོན་རོགས་སྐྱོར་སྲིད་ཇུས་གསལ་འདོན་དང་འཐུས་ཚང་གི་བརྡ་སྦྱོར།དེ་ཡི་ནང་དོན་ཧྲིལ་པོར་གཤམ་གསལ་ལྟར་ཏེ། སི་ཁྲོན་ཞིང་ཆེན་དབུལ་སྒྲོལ་འགག་སྒྲོལ་མགོ་འཛིན་ཚོགས་ཆུང་གཞུང་ལས་ཁང་གིས་གོམ་གང་མདུན་སྤོས་ཀྱིས་དབུལ་སྒྲོལ་འགག་སྒྲོལ་གྱི་འབྲེལ་ཡོད་སྲིད་ཇུས་གསལ་འདོན་དང་འཐུས་ཚང་བཏང་བའི་བརྡ་སྦྱོར།》(སི་ཁྲོན་ཞིང་ཆེན་དབུལ་སྒྲོལ་འགག་སྒྲོལ་གཞུང་ལས་ཁང་གིས་བསྒྲགས། 〔2017〕ལོའི་ཨང་རྟགས་40བ།ལག་ལེན་མཐར་ཕྱིན་གནང་ཆེད། སི་ཁྲོན་ཞིང་ཆེན་སློབ་གསོ་ཐིང་།

  སི་ཁྲོན་ཞིང་ཆེན་མི་ཤུགས་ཐོན་ནུས་དང་སྤྱི་ཚོགས་འགན་ལེན་ཐིང་། སི་ཁྲོན་ཞིང་ཆེན་ནོར་སྲིད་ཐིང་། སི་ཁྲོན་ཞིང་ཆེན་རོགས་སྐྱོར་དང་དམངས་སྤོར་ལས་དོན་ཅུས་བཅས་ཀྱིས་གོམ་གང་མདུན་སྤོས་ཀྱིས་སློབ་གསོ་རོགས་སྐྱོར་སྲིད་ཇུས་གསལ་འདོན་དང་འཐུས་ཚང་གཏོང་བར་བརྡ་སྦྱོར་བཏང་ཞིང་། འབྲེལ་ཡོད་ནང་དོན་ནི་གཤམ་གསལ་ལྟར་ཏེ།

གཅིག    སྲིད་ཇུས་ཀྱི་བླང་བྱ་གསལ་འདོན།

  ཞིང་ཆེན་ཡོངས་ཀྱི་ཡིག་ཚགས་དང་བྱང་བུ་བཟོ་བའི་དབུལ་པོའི་ཁྱིམ་ཚང་ཁྲི་625་ཡི་མི་གྲངས་སློབ་ཡོན་རོགས་སྐྱོར་སྲིད་ཇུས་ཀྱི་ཁྱབ་ཁོངས་སུ་བསྡུས་ཤིང་། 2020ལོའི་སྔོན་དུ་ཡིག་ཚགས་དང་བྱང་བུ་བཟོ་བའི་དབུལ་ཁྱིམ་གྱི་བུ་ཚས་ཆ་སྙོམས་ངང་སློབ་ཡོན་རོགས་སྐྱོར་སྲིད་ཇུས་སྤྱོད་པ་གཏན་འབེབས་བྱས་ཡོད་ལ། སློབ་གྲྭར་ཞུགས་ནས་སློབ་མཐར་ཕྱིན་པའི་བར་ཏུ་རོགས་སྐྱོར་བྱེད་པ་གཏན་འབེབས་བཟོས་ཡོད།

  1. ཡིག་ཚགས་དང་བྱང་བུ་བཟོ་བའི་དབུལ་ཁྱིམ་སློབ་མས་དམིགས་གསལ་གྱིས་རོགས་སྐྱོར་སྤྱོད་པའི་སྲིད་ཇུས་གསལ་འདོན།

  《སི་ཁྲོན་ཞིང་ཆེན་ནོར་སྲིད་ཐིང། སི་ཁྲོན་ཞིང་ཆེན་སློབ་གསོ་ཐིང། སི་ཁྲོན་ཞིང་ཆེན་མི་ཤུགས་ཐོན་ནུས་དང་སྤྱི་ཚོགས་འགན་ནུས་ཐིང། སི་ཁྲོན་ཞིང་ཆེན་རོགས་སྐྱོར་དང་དམངས་སྤོར་ལས་དོན་ཅུས་བཅས་ཀྱིས་སློབ་ཡོན་རོགས་སྐྱོར་དཀའ་གནད་སྒྲོལ་བའི་སྲིད་ཇུས་ཀྱི་འབྲེལ་ཡོད་དོན་དངོས་ཀྱི་བརྡ་ཐོ།》(སི་ཁྲོན་ཞིང་ཆེན་ནོར་སྲིད་སློབ་གསོ་ཐིང་།〔2015ལོའི། ཨང་རྟགས་230གཞིགས་ནས་2020ལོའི་སྔོན་སློབ་གྲྭར་ཞུགས་ཤིང་ཡིག་ཚགས་དང་བྱང་བུ་བཟོས་བའི་དབུལ་ཁྱིམ་གྱི་བྱིས་པར་དངོས་ཡོད་གནས་ཚུལ་གཞིར་བཟུང་ནས་བྱིས་པའི་སློབ་གསོའི་གྲོན་དངུལ་མི་དགོས་པ་བཟོ་བའོ། །སྒེར་ཚུགས་བྱིས་སློབ་ཁང་གི་རོགས་སྐྱོར་མ་དངུལ་གྱི་ཚད་རིམ་རིགས་མཐུན་གཞུང་ཚུགས་བྱིས་སློབ་ཁང་གི་ཚད་རིམ་དང་གཅིག་མཐུན་ཡིན། སི་ཁྲོན་ཞིང་ཆེན་ནོར་སྲིད་ཐིང་དང་། སི་ཁྲོན་ཞིང་ཆེན་སློབ་གསོ་ཐིང་། སི་ཁྲོན་ཞིང་ཆེན་མི་ཤུགས་ཐིང་ནུས་དང་སྤྱི་ཚོགས་འགན་ནུས་ཐིན། སི་ཁྲོན་ཞིང་ཆེན་རོགས་དང་དམངས་སྤོར་ལས་དོན་ཅུས་བཅས་ཀྱིས་སློབ་གསོ་གནད་ཁེལ་རོགས་སྐྱོར་ལག་བསྟར་བྱ་བའི་འབྲེལ་ཡོད་ལས་དོན་གྱི་བརྡ་ཐོ།དང་སི་ཁྲོན་ཞིང་ཆེན་ནོར་སྲིད་ཐིང་། སི་ཁྲོན་ཞིང་ཆེན་སློབ་གསོ་ཐིང་གྱིས་མི་རིགས་རང་སྐྱོང་ས་ཁུལ་དུ་ལོ་བཅོ་ལྔར་སློབ་ཡོན་མི་དགོས་པའི་སློབ་གསོ་རོགས་སྐྱོར་གྱི་བརྡ་ཐོ།གཞིགས་ཏེ་མི་རིགས་རང་སྐྱོང་རྫོང་དང་གྲོང་ཁྱེར་51ཏུ་ལོ་15ལ་སློབ་ཡོན་མི་དགོས་པའི་སློབ་གསོ་ལག་བསྟར་བྱེད་པ་དང་ཆབས་ཅིག 2016ལོའི་དཔྱིད་དུས་ཀྱི་སློབ་སྐབས་ནས་བཟུང་རྫོང་ཁག་ལྷག་མར་2020ལོའི་སྔོན་སློབ་གྲྭར་ཞུགས་ཤིང་ཡིག་ཚགས་དང་བྱང་བུ་བཟོས་བའི་དབུལ་ཁྱིམ་གྱི་སློབ་མར་མི་རེ་ལ་ལོ་རེར་དམངས་སྒོར་སྟོང་གཅིག་གི་རོགས་སྐྱོར་དང་། 2016ལོ་ནས་2020ལོར་གསར་ཏུ་ཡིག་ཚགས་དང་བྱང་བུ་བཟོས་བའི་ཉིན་ཧྲིལ་བོའི་ལམ་ལུགས་ཀྱི་དངོས་གཞི་དང་ཆེད་སྦྱོང་སློབ་མར་མི་རེ་ལོ་རེར་དམངས་སྒོར་4000ཡི་རོགས་སྐྱོར་ཡོད་ཅིང་། རོགས་སྐྱོར་དེ་སློབ་མཐར་མ་ཕྱིན་བར་དུ་ཡོད།

2.ཡིག་ཚགས་དང་བྱང་བུ་བཟོ་བའི་དབུལ་ཞིང་སློབ་བུ་དག་གི་དངོས་ཡོད་སྲིད་ཇུས་མངོན་གསལ་དོད་པོ་བཟོ་དགོས།

  《སི་ཁྲོན་ཞིང་ཆེན་སློབ་གསོ་ཐིང། སི་ཁྲོན་ཞིང་ཆེན་ནོར་སྲིད་ཐིང་གཉིས་ཀྱིས་སློབ་མར་རོགས་སྐྱོར་སྲིད་ཇུས་ཀྱི་བརྡ་ཐོའི་སྐོར།ལ་གཞིགས་ནས་2016ལོའི་སྟོན་ཁའི་སློབ་སྐབས་ནས་འོས་འགན་སློབ་གསོའི་ནང་རིམ་དུ་ཡིག་ཚགས་དང་བྱང་བུ་བཟོ་བའི་དབུལ་ཞིང་ཁྱིམ་ཚང་གི་སློབ་བུ་ཞག་སྡོད་སློབ་མ་ཁ་གསབ་གཅིགགི་རོགས་སྐྱོར་ཁོངས་སུ་འགོད་པ་དང་། སྤྱིར་བཏང་མཐོ་འབྲིང་གི་ཡིག་ཚགས་དང་བྱང་བུ་བཟོ་བའི་དབུལ་ཁྱིམ་སློབ་མར་རྒྱལ་ཁབ་ཀྱིས་ཆེས་མཐོ་རིམ་གྱི་རོགས་སྐྱོར་མ་དངུལ2000ལས་མི་དམའ་ཞིང་སློབ་ཡོན་མི་དགོས། སྒེར་ཚུགས་སློབ་གྲྭར་རིགས་མཐུན་གྱི་གཞུང་ཚུགས་སློབ་གྲྭའི་ཚད་གཞི་ནང་ལྟར་ཡིན། འབྲིང་རིམ་གྱི་ལས་གནས་སློབ་གྲྭ་དང་སྤྱིར་བཏང་མཐོ་རིམ་སློབ་གྲྭའི་ཡིག་ཚགས་དང་བྱང་བུ་བཟོས་བའི་སློབ་བུ་དམིགས་སུ་བཟུང་ནས་རྒྱལ་ཁབ་ཀྱི་རོགས་སྐྱོར་མ་དངུལ་སྤྱོད་པའི་ཁོངས་སུ་བསྡུ་བའོ།

  3.ཡིག་ཚགས་དང་བྱང་བུ་བཟོ་བའི་དབུལ་ཞིང་ཁྱིམ་ཚང་གི་སློབ་མའི་མངའ་སྤྱོད་ཀྱི་ཐེབས་རྩའི་རོགས་སྲིད་ཇུས་མངོན་གསལ་དོད་པོ་བཟོ་དགོས།

  《སི་ཁྲོན་ཞིང་ཆེན་ནོར་སྲིད་ཐིང། སི་ཁྲོན་ཞིང་ཆེན་སློབ་གསོ་ཐིང། སི་ཁྲོན་ཞིང་ཆེན་འཕྲོད་བསྟེན་དང་འཆར་ལྡན་བུ་བཙའ་ཨུ་ཡོན་བཅས་ཀྱིས་རྫོང་རིམ་པའི་སློབ་གསོ་དང་འཕྲོད་བསྟེན་དབུལ་སྐྱོར་ཐེབས་རྩའི་སྤྱི་ཁོག་གི་འཆར་གཞི་སྒྲིག་བཀོད་ཀྱི་བརྡ་ཐོའི་སྐོར་དཔར་བཀྲམ།དང་སི་ཁྲོན་ཞིང་ཆེན་ནོར་སྲིད་ཐིང། སི་ཁྲོན་ཞིང་ཆེན་སློབ་གསོ་ཐིང་གཉིས་ཀྱིས་<སི་ཁྲོན་ཞིང་ཆེན་སློབ་གསོ་དབུལ་སྐྱོར་ཐེབས་རྩའི་མ་དངུལ་བཀོལ་སྤྱོད་མ་དངུལ་དོ་དམ་ཐབས་བཀོད།>གྱི་བརྡ་ཐོ་དཔར་བཀྲམ་སྐོར།གཉིས་ལ་གཞིགས་ནས། 2016ལོའི་སྟོན་ཁའི་སློབ་སྐབས་ནས་བཟུང་རྒྱལ་ཁབ་གྱི་སློབ་གསོ་འགན་ལེན་ལམ་ལུགས་དང་སློབ་ཡོན་རོགས་སྐྱོར་སྲིད་ཇུས་དེར་སློབ་ཡོན་དང་དཔེ་དེབ་སོགས་ཀྱི་རིན་སྤྲོད་མི་དགོས་པ་དང་། རོགས་སྐྱོར་མ་དངུལ། འཚོ་བར་རོགས་སྐྱོར། བུ་ལོན་ལེན་པ་སོགས་འདུ།དེ་མིན་ད་དུང་སློབ་གྲྭར་ཞུགས་པར་དཀའ་ངལ་ཡོད་པའི་ཡིག་ཚགས་དང་བྱང་བུ་བཟོས་པའི་སློབ་མས་ཐེབས་རྩའི་རོགས་སྐྱོར་ཞུ་ཆོག། ཞིབ་ཆའི་སྒྲིག་རིམ་ཐབས་ལམ་ཁྱིམ་ཐོའི་ས་གནས་ཀྱི་རྫོང་རིམ་པའི་སློབ་གསོ་སྡེ་ཁག་ལ་འདྲི་གཏུགས་ཀྱིས། སློབ་སྔོན་སློབ་གསོའི་སྐབས་ལ་བྱིས་པའི་ཁ་ཟས་སྟེང་རོགས་སྐྱོར་དང་། འོས་འགན་སློབ་གསོའི་སྐབས་སློབ་མའི་སློབ་ལྭ་དང་སློབ་སྦྱོང་ཡོ་ཆས། གསབ་སྦྱོང་ཡིག་ཆ། སློབ་རའི་ཁ་ཟས་སོགས་སུ་རོགས་སྐྱོར་དང་། མཐོ་འབྲིང་སློབ་གསོའི་སྐབས་སུ་སློབ་མའི་སློབ་སྦྱོང་ཡོ་ཆས་དང་སྡོད་ཁང་། འཚོ་བའི་སྤྱོད་དངུལ་སོགས་ཀྱི་ཐོག་ནས་རོགས་སྐྱོར་བྱས་ཆོག མཐོ་རིམ་སློབ་གསོའི་སྐབས་སུ་སློབ་མའི་འགྲུལ་སྐྱོད་གླ་ཆ་དང་སློབ་ཡོན། སྡོད་ཤག་གི་ཁང་གླ། འཚོ་བའི་སྤྱོད་དངུལ་སོགས་ཀྱི་ཐོག་ནས་རོགས་རམ་བྱ་ཆོག

གཉིས།  སྲིད་ཇུས་ལག་བསྟར་བྱ་བ་འཛིན་དགོས།

  གནས་རིམ་སོ་སོའི་སློབ་གསོ་དང་མི་ཤུགས་ཐོན་ནུས་སྤྱི་ཚོགས་འགན་ལེན། ནོར་སྲིད། རོགས་སྐྱོར་དང་མི་དམངས་གནས་སྤོར་སོགས་སྡེ་ཁག་གི་དུས་ལྟར་མཉམ་འབྲེལ་གྱི་སྒྲིག་གཞི་འཛུགས་པ་དང་འཐུས་ཚང་གཏང་དགོས་ཤིང་། གནད་ཁེལ་བའི་སྒོ་ནས་ཡིག་ཚགས་དང་བྱང་བུ་བཟོས་བའི་དབུལ་ཞིང་ཁྱིམ་ཚང་གི་སློབ་མ་དངོས་ཟིན་དང་རོགས་སྐྱོར་བྱ་དགོས། ས་ཁུལ་སོ་སོ་ནས་དབུལ་སྐྱོར་སྡེ་ཁག་གིས་ཡིག་ཚགས་དང་བྱང་བུ་བཟོས་པའི་དབུལ་ཁྱིམ་སློབ་མའི་མི་གྲངས་གི་ཆ་འཕྲིན་ལ་གཞི་བཅོལ་ཏེ། ཡིག་ཚགས་དང་བྱང་བུ་བཟོས་པའི་དབུལ་ཞིང་མི་གྲངས་ཁྲི་625ལ་དབུལ་སྒྲོལ་སྲིད་ཇུས་དང་མི་འགལ་བ། དབུལ་སྒྲོལ་རྣམ་གྲངས་ལས་མི་འཁྱལ་བ། དབུལ་སྒྲོལ་རོགས་སྐྱོར་དང་མི་བྲལ་བ་བཅས་ཀྱི་བླངས་བྱ་ལ་ཞུགས་ནས། ཡིག་ཚགས་དང་བྱང་བུ་བཟོ་བའི་དབུལ་ཞིང་ཁྱིམ་པའི་ཁྱིམ་གྱི་གནས་ཚུལ་ལ་བརྟག་དཔྱད་དང་། དུས་ཐོག་ཏུ་མི་མགོའི་རྩིས་ཁྲ་བཟོ་བསྒྲིག། དུས་བཀག་ཏུ་ཆ་འཕྲིན་གསར་བསྒྲིག་བཅའ་བ་སོགས་བགྱིས་ནས། སློབ་གྲྭ་སློབ་གྲྭར་ཡིག་ཚགས་དང་བྱང་བུ་བཟོ་བའི་དབུལ་ཁྱིམ་སློབ་མའི་མིང་ཐོ་ཡོད་པ་དང་། རྫོང་ཁག་རྫོང་ཁག་ཏུ་ཡིག་ཚང་དང་གཱ་བཟོ་བའི་སློབ་མའི་རྩིས་གྲངས་ཀྱི་གཞི་འཛིན་གྲངས་མཛོད་ཡོད་པ་བཟོ་དགོས། ས་ཁུལ་སོ་སོ་དང་སློབ་གྲྭ་སོ་སོས་བ།



  • ལེ་ཚན་སྔོན་མ།:བོད་ལྗོངས་མཁའ་འགྲུལ་ཞི་ཨན་ནས་བལ་ཡུལ་གྱི་མཁའ་ལམ་ཤར་གཏོང་བྱས་པ།
  • ལེ་ཚན་རྗེས་མ།:ཏང་གི་ཚོགས་ཆེན་ཐེངས19པ་ཟླ10ཚེས18ཉིན་པེ་ཅིང་དུ་འཚོག་རྒྱུ་རེད།
  • དོ་སྣང་ཆེ་བའི་རྩོམ།