སི་ཁྲོན་བོད་བརྒྱུད་ནང་བསྟན་སློབ་གླིང་གིས་སྐབས་གསུམ་པའི་སློབ་བསྡུའི་རྒྱུགས་ལེན་ལས་དོན་ལེགས་གྲུབ་བྱུང་།

        2017-08-18

སི་ཁྲོན་བོད་བརྒྱུད་ནང་བསྟན་སློབ་གླིང་གིས་སྐབས་གསུམ་པའི་སློབ་བསྡུའི་རྒྱུགས་ལེན་ལས་དོན་ལེགས་གྲུབ་བྱུང་།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་སྔོན།  སི་ཁྲོན་བོད་བརྒྱུད་ནང་བསྟན་སློབ་གླིང་གི་སྐབས་གསུམ་པའི་འབྲིང་རིམ་ཡོན་གནས་འཛིན་གྲྭའི་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་དཔལ་ཡུལ་རྫོང་དང་། རྔ་བ་བོད་རིགས་ཆའང་རིགས་རང་སྐྱོང་ཁུལ་ཁྱུང་མཆུ་རྫོང་གི་སློབ་བསྡུའི་རྒྱུགས་ལེན་ལས་དོན་ལེགས་འགྲུབ་བྱུང་། ཐེངས་འདིར་ཁྱོན་བསྡོམས་མི114རྒྱུགས་ལ་ཞུགས། ཁུལ་གཉིས་ཀྱི་རྙིང་མ་བའི་དགོན་སྡེ་མང་ཆེ་བར་ཁྱབ་ཡོད་པ་རེད།

སི་ཁྲོན་བོད་བརྒྱུད་ནང་བསྟན་སློབ་གླིང་གིས་སི་ཁྲོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་གི་རྒྱུན་ལས་ཨུ་ཡོན། འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་པུའུ་ཀྲང་ལི་ཅིང་གི་“སི་ཁྲོན་བོད་བརྒྱུད་ནང་བསྟན་སློབ་གླིང་གི་སློབ་བསྡུ་གསོ་སྦྱོང་གི་ལས་དོན་ནི་འཐབ་ཇུས་རང་བཞིན་དང་། རྨང་གཞིའི་རང་བཞིན་གྱི་ལས་དོན་དང་འབྲེལ་བ་ཡོད་པ་དང་། བོད་རིགས་ས་ཁུལ་གྱི་ཆབ་སྲིད་བརྟན་པོ་ཡོང་བ་”བཅས་ཀྱི་དགོངས་དོན་ལྟར་སློབ་བསྡུའི་རྒྱུགས་ལེན་ལས་དོན་གཟབ་ནན་གྱིས་བསྒྲུབ།

ཚད་མཐོའི་མཐོང་ཆེན་གྱིས་བཀོད་སྒྲིག་ནུས་ཆོད་བྱས།

སི་ཁྲོན་ཞིང་ཨུད་འཐབ་ཕྱོགས་གཅིག་གྱུར་པུའུ་ཡིས་སི་ཁྲོན་ཞིང་ཨུད་འཐབ་ཕྱོགས་གཅིག་གྱུར་པུའི་པུའུ་ཀྲང་གཞོན་པ། བོད་རིགས་ས་ཁུལ་གཞུང་དོན་ཁང་གི་ཀྲུའུ་རེན་ཀྲང་ཧྥུའུ་ཀའོ་ཚོགས་གཙོ་དང་། དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་དང་རྔ་བ་བོད་རིགས་ཆའང་རིགས་རང་སྐྱོང་ཁུལ་ཨུད་འཐབ་ཕྱོགས་གཅིག་གྱུར་པུའུ་པུའུ་ཀྲང་། ནང་བསྟན་མཐུན་ཚོགས་ཀྱི་ཚོགས་གཙོ། སི་ཁྲོན་བོད་བརྒྱུད་ནང་བསྟན་སློབ་གླིང་ཏང་ཨུད་ཧྲུའུ་ཅི་ནི་ཚོགས་གཙོ་གཞོན་པ་གནང་བའི་སློབ་བསྡུའི་ལས་དོན་གྱི་འགོ་ཁྲིད་ཚོགས་ཆུང་བཙུགས། ཚོགས་ཆུང་གིས་སི་ཁྲོན་ཞིང་ཨུད་འཐབ་ཕྱོགས་གཅིག་གྱུར་པུའུ་དང་ཞིང་ཨུད་བོད་རིགས་ས་ཁུལ་གཞུང་དོན་ཁང་གི་མིང་ཐོག་ནས་ཐེངས་གཉིས་ལ་ཁུལ་གཉིས་སུ་སློབ་བསྡུའི་ལས་དོན་གྱི་བརྡ་ཐོ་བཏང་།  རྔ་བ་བོད་རིགས་ཆའང་རིགས་རང་སྐྱོང་ཁུལ་དང་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་ཨུད། ཁུལ་སྲིད་གཞུང་གིས་མཐོང་ཆེན་གནང་སྟེ་བཀོད་སྒྲིག་སྐུལ་འདེད་དང་དོན་འཁྱོལ་བྱས།

སི་ཁྲོན་བོད་བརྒྱུད་ནང་བསྟན་སློབ་གླིང་གིས་སྐབས་གསུམ་པའི་སློབ་བསྡུའི་རྒྱུགས་ལེན་ལས་དོན་ལེགས་གྲུབ་བྱུང་།

སྔོན་ནས་ཇུས་འགོད་དང་སྟོབས་ཤུགས་བསྡུ་སྒྲིལ་གནང་།

ཟླ7པའི་ཟླ་སྟོད་དང་ཟླ་དཀྱིལ་དུ། སི་ཁྲོན་བོད་བརྒྱུད་ནང་བསྟན་སློབ་གླིང་གིས་ཐེངས་གཉིས་ལ་ལས་དོན་ཚོགས་ཆུང་མངགས་ནས་སྡེ་དགེ་དང་དཔལ་ཡུལ།  གསེར་རྟ། ཁྱུང་མཆུ། འཛམ་ཐང་། འབར་ཁམས་སོགས་གཙོ་གནད་རྫོང་དུ་སློབ་བསྡུའི་དྲིལ་བསྒྲགས་ལས་དོན་སྤེལ། དགོན་སྡེའི་བླ་སྤྲུལ་དང་མཁན་པོ། དམངས་བདག་ཨུ་ལྷན་འགོ་ཁྲིད་ཚན་པའི་ཁོངས་མི་དང་གྲོས་མོལ་གནང་ནས་དགོན་སྡེ་སྐུལ་སློང་བྱས་ཏེ་སློབ་བསྡུའི་ལས་དོན་ལ་གཞོགས་འདེགས་ཧུར་ཐག་བྱས། ཁུལ་གཉིས་ཀྱི་འཐབ་ཕྱོགས་གཅིག་གྱུར་དང་མི་རིགས་ཆོས་ལུགས།  ནང་བསྟན་མཐུན་ཚོགས་ཀྱི་སྟོབས་ཤུགས་ལ་བརྟེན་ནས། ནང་བསྟན་ལས་རིགས་ཀྱི་བླ་མ་སྐྱེས་ཆེན་དང་བོད་བརྒྱུད་ནང་བསྟན་ལས་རིགས་ཀྱི་འཐུས་མིས་དྲིལ་བསྒྲགས་ལ་ཧུར་ཐག་གནང་རྒྱུར་གདན་ཞུས་ཏེ། དྲིལ་བསྒྲགས་ཀྱི་ཁོར་ཡུག་ཡག་པོ་ཞིག་བཙུགས་ཏེ་སྟོབས་ཤུགས་གཅིག་སྒྲིལ་གྱི་ནུས་པ་ཐོན། སི་ཁྲོན་བོད་བརྒྱུད་ནང་བསྟན་སློབ་གླིང་གིས་སྲོལ་རྒྱུན་གྱི་ཡིག་ཆ་དང་པར་འདེབས་དྲིལ་བསྒྲགས་ཡིག་ཆ་བཀྲམས་ནས་དྲིལ་བསྒྲགས་བྱེད་པའི་དུས་མཚུངས་སུ།  དེང་རབས་ཆ་འཕྲིན་དྲིལ་བསྒྲགས་བྱེད་ཐབས་བེད་སྤྱོད་གང་ལེགས་བྱས། 《སྐབས་གསུམ་པའི་སི་ཁྲོན་བོད་བརྒྱུད་ནང་བསྟན་སློབ་གླིང་གི་འབྲིང་རིམ་ཡོན་གནས་འཛིན་གྲྭའི་སློབ་བསྡུའི་སྒྲིག་ཡིག་མདོར་བསྡུས་》(བོད་རྒྱ་སྐད་ཡིག་གི་པར་གཞི།)སི་ཁྲོན་ཞིང་ཨུད་འཐབ་ཕྱོགས་གཅིག་གྱུར་པུའི་“སེམས་མཐུན་སི་ཁྲོན་”དང་། སི་ཁྲོན་བོད་བརྒྱུད་ནང་བསྟན་སློབ་གླིང་གི་པོད་འཕྲིན། སྐད་འཕྲིན་སྤྱི་སྟེགས་སུ་ཁྱབ་བསྒྲགས་བྱས། ལྟ་ཀློག་མི་ཐེངས13000བརྒལ་བས། ཕན་ནུས་མངོན་གསལ་ཐོབ།

བཀོད་སྒྲིག་ཞིབ་ཚགས་དང་བྱེད་ཐབས་ནུས་ཆོད་ལྡན།

“ཚད་གཞི་མཐོན་པོ་དང་བླང་བྱ་ནན་མོའི་”སློབ་བསྡུ་རྩ་དོན་ལྟར། ཚོགས་ཆུང་གིས་རྒྱུགས་ལེན་ལས་དོན་གྱི་ཇུས་གཞི་གཏན་འབེབས་ཞིབ་ཕྲ་གསལ་བོ་གནང་སྟེ། རྒྱུགས་ལེན་ལས་དོན་དང་མཁོ་སྒྲུབ། དྲིལ་བསྒྲགས། བདེ་འཇགས། སྨན་བཅོས་སོགས་ལས་ཀའི་ཆེད་སྒྲུབ་ཚོགས་ཆུང་10རུ་ཁག་བགོས་གསལ་བོ་གནང་། སྔ་རྗེས་སུ་སློབ་བསྡུའི་རྒྱུགས་ལེན་ལས་དོན་སྐུལ་འདེད་ཚོགས་འདུ་ཐེངས་བཅུ་ལྷག་བསྡུས། ཞིབ་ཕྲའི་ལས་དོན་བཀོད་སྒྲིག་དང་ཞིབ་ཕྲའི་ལས་ཀ་ལ་བརྟག་དཔྱད་ཡང་ཡང་གནང་བ་དང་། བྱ་རིམ་ཞིབ་ཕྲ་གསལ་པོ་བཟོས། རྒྱབ་ཕྱོགས་ཀྱི་མཁོ་སྒྲུབ་ལས་དོན་ཐད་ཞབས་འདེགས་ཡག་པོ་བྱས་ཏེ་ཐུགས་ཁུར་ཞིབ་ཚགས་ཐོན་ཡོད། དྲིལ་བསྒྲགས་གླེང་ཕྱོགས་ཀྱི་ལས་དོན་ཐད་མགྱོགས་མྱུར་ཡང་དག་པས་དངོས་ཕན་རང་བཞིན་མངོན་གསལ་ཐོན། གཅིག་གྱུར་གྱིས་བཀོད་འདོམས་དང་རོགས་ལས་དམ་ཟབ་གནང་སྟེ། སློབ་བསྡུའི་རྒྱུགས་ལེན་ལས་དོན་བདེ་འཇགས་དང་བརྟན་གནས། གོ་རིམ་ལྡན་པ། ཕུན་སུམ་ཚོགས་པའི་སྒོ་ནས་ལེགས་འགྲུབ་བྱུང་།

སི་ཁྲོན་བོད་བརྒྱུད་ནང་བསྟན་སློབ་གླིང་གིས་སྐབས་གསུམ་པའི་སློབ་བསྡུའི་རྒྱུགས་ལེན་ལས་དོན་ལེགས་གྲུབ་བྱུང་།

དབང་གྲགས་ནུས་ཆོད་དང་ཤུགས་རྐྱེན་ཁྱབ་རྒྱ་ཆེར་སོང་།

ཐེངས་འདིའི་རྒྱུགས་ལེན་ལ་སི་ཁྲོན་བོད་བརྒྱུད་ནང་བསྟན་སློབ་གླིང་གིས་རྒྱུགས་དཔོན་འདེམས་བསྐོ་ནན་མོ་བྱ་ཆེད། དགོན་སྡེའི་ཤུགས་རྐྱེན་དང་སློབ་ཁྲིད་ཀྱི་སྟོབས་ཤུགས་སོགས་རྒྱུ་རྐྱེན་ཡོངས་ལ་ཕྱོགས་བསྡུས་ཀྱིས་བསམ་གཞིགས་བྱས་ཏེ། དཔལ་ཡུལ་དགོན་པ་དང་ཀཱ་ཐོག་དགོན་པ། རྫོགས་ཆེན་དགོནཔ། ཞེ་ཆེན་དགོན། མཚམས་གནས་དགོན་པ། རྨེ་བ་དགོན་པ། རྫོང་ཐང་དགོན་པ་བཅས་རྙིང་མ་བའི་དགོན་པ་7ལས་བླ་ཆེན་18རྒྱུགས་དཔོན་དང་རྟགས་གསལ་གཏོང་མིར་བསྐོས་ནས། ཆོས་ལུགས་སློབ་ཚན་གྱི་ཡིག་རྒྱུགས་སྐར་གྲངས་དཔྱད་བསྡུར་ལས་དོན་གྱི་འགན་འཁུར།

རྒྱུགས་ལེན་པའི་གོ་རིམ་ཁྲོད་སྒྲིག་ཁྲིམས་ནན་བཤད་དང་ལྟ་སྐུལ་ནན་པོས་རྒྱུགས་ལེན་པའི་འདྲ་མཉམ་དྲང་གཞག་དང་དབང་གྲགས་ནུས་ཆོད་མངོན་པར་བྱས་ཏེ། བོད་རིགས་ས་ཁུལ་དུ་སློབ་གླིང་གི་ཤུགས་རྐྱེན་ཆེ་རུ་སོང་།

སེམས་པ་གེགས་ཁུལ་མི་དམངས་སྦྲེལ་ནས་སྤུན་ཟླ་ལ་སེམས་ཁུར་བྱས།

ཟླ8ཚེས8ཉིན། རྔ་བ་བོད་རིགས་ཆའང་རིགས་རང་སྐྱོང་ཁུལ་གཟི་ཚ་སྡེ་དགུ་རྫོང་དུ་གློ་བུར་དུ་ས་ཡོམ་རིམ་པ7.0བྱུང་། ཟླ8ཚེས9ཉིན་གྱི་ཞོགས་པར། སི་ཁྲོན་བོད་བརྒྱུད་ནང་བསྟན་སློབ་གླིང་གི་རྔ་བ་ཁུལ་ཧུང་ཡོན་རྫོང་རྒྱུགས་ལེན་དཔོན་པོ་དང་རྟགས་གསལ་མི་སྣ།  དེ་བཞིན་རྒྱུགས་གཏོང་མཁན་དགེ་འདུན་པ་ཡོངས་ཀྱིས་ཡིག་ཚད་མ་བཏང་སྔོན་ལ་མཉམ་དུ་གེགས་ཁུལ་ལ་སྨོན་ལམ་བཏབ།



  • ལེ་ཚན་སྔོན་མ།:2017ལོའི་ལྷ་སའི་ཞོ་སྟོན་ཟླ8ཚེས21ཉིན་ནས་འགོ་ཚུགས་རྒྱུ་དང་ཁྱོན་བསྡོམས་ བྱེད་སྒོ་ཆེན་པོ་བཅུ་ཡོད་པ།
  • ལེ་ཚན་རྗེས་མ།:བོད་ལྗོངས་ལྷོ་ཁ་ནས་གནམ་རྡོ་ཞིག་གསར་དུ་རྙེད་པ།
  • དོ་སྣང་ཆེ་བའི་རྩོམ།