ཝང་ཏུང་མིང་གིས་གཟི་ཚ་སྡེ་དགུའི་གནོད་སེལ་མྱུར་སྐྱོབ་ལས་ཀར་མཛུབ་སྟོན་གནང་བ།

        2017-08-09

  གངས་ལྗོངས་ཉི་གཞོན་དྲ་བའི་འཕྲིན། སྤྱི་ཟླ8པའི་ཚེས8ཉིན་གྱི་ཆུ་ཚོད21དང་སྐར་མ19སྟེང་སི་ཁྲིན་ཞིང་ཆེན་རྔ་བ་ཁུལ་གཟི་ཚ་སྡེ་དགུ་རྫོང(བྱང་འཕྲེད་ཚད་ཏུའུ33.20དང་ཤར་གཞུང་ཚད་ཏུའུ103.82)ལ་ཚད་རིམ7.0ཅན་གྱི་ས་འགུལ་བྱུང་ཞིང་འགུལ་ཁུངས་ཀྱི་ཟབ་ཚད་ལ་སྤྱི་ལེ20ཡོད་པ་རེད། ས་འགུལ་བྱུང་རྗེས་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཝང་ཏུང་མིང་གིས་དུས་ཐོག་ཏུ་མཛུབ་སྟོན་གནང་དོན། མགྱོགས་མྱུར་སྒོས་མཁོ་བསྟུན་མྱུར་སྐྱོབ་བྱེད་པ་དང་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་མི་དམངས་སྲིད་གཞུང་གིས་ལས་ཀའི་ཚན་ཆུང་ཡུལ་དངོས་སུ་མངགས་ནས་གནོད་སེལ་ལས་ཀར་མཛུབ་སྟོན་བྱེད་པ་དང་། ཐོག་མར་ཤུགས་ཆེན་པོས་མྱུར་སྐྱོབ་རོགས་འདེགས་བྱས་ཏེ་ཐབས་བརྒྱ་ཇུས་སྟོང་གིས་མི་སྣའི་ཤི་རྨས་ཇེ་ཉུང་དུ་གཏང་དགོས་པར་མ་ཟད། མགྱོགས་མྱུར་སྒོས་མང་ཚོགས་དང་ཡུལ་སྐོར་བ་བདེ་འགོད་བྱེད་པ་དང་། མགྱོགས་མྱུར་སྒོས་གནས་ཚུལ་ལ་རྒྱུས་ལོན་བྱས་ཏེ་གནོད་འཚེ་ཡང་བསྐྱར་འབྱུང་བར་སྔོན་འགོག་བྱ་དགོས་ཞེས་བསྟན།། 


  • ལེ་ཚན་སྔོན་མ།:​སི་ཁྲོན་རྔ་བ་ཁུལ་གཟི་ཚ་སྡེ་དགུ་རྫོང་ལ་ཚད་རིམ7.0གྱི་ས་འགུལ་བྱུང་བ།
  • ལེ་ཚན་རྗེས་མ།:གཟི་ཚ་སྡེ་དགུར་ས་ཡོམ་རིམ་པ7.0བྱུང་བའི་སྐོར་ལ་ཞི་ཅིན་ཕིང་གིས་སློབ་སྟོན་གལ་ཆེན་གནང་བ་དང་ལི་ཁེ་ཆང་གིས་ཡོམ་འགོག་མྱུར་སྐྱོབ་ལས་དོན་བསྒྲུབ་པར་མཆན་འགོད་སློབ་སྟོན་གནང་བ
  • དོ་སྣང་ཆེ་བའི་རྩོམ།