མི་དམངས་དྲ་བ། མི་དམངས་དྲ་བ། 2017-07-12
མི་བསླུས་ནས་ཉོ་མཁན་རྫུན་འཁྲབ་བྱེད་པ་དང་། མཐོ་རྒྱུགས་སློབ་བསྡུ་བྱེད་པ། སློབ་རོགས་དངུལ་སྤྲོད་པ། སློབ་གྲྭའི་ནང་དངུལ་བུན་གཡར་བ། དྲ་བའི་ཐོག་ནས་ཅ་དངོས་ཉོས་པའི་དངུལ་ཕྱིར་སློག་པ་སོགས་ཀྱི་ཁ་བསླུས་གྱོད་གཞི་རིགས་ལྔ་ཐོན་མང་བ།
2017ལོའི་དབྱར་གསེང་སླེབས་ལ་ཉེ་བའི་སྐབས་སུ་སློབ་མ་དང་དེ་བཞིན་ཁྱིམ་བདག་ཚོའི་དོགས་ཟོན་གྱི་འདུ་ཤེས་ཟབ་ཏུ་དང་ཁ་བསླུས་འགོག་པ་དང་ཁ་བསླུས་ཤེས་རྟོགས་ཐུབ་ནུས་ཆེ་རུ་གཏོང་ཆེད། སྤྱི་བདེ་པུས་སློབ་མ་དང་དེ་བཞིན་ཁྱིམ་བདག་ལ་ཐོན་སླ་བ་དང་ཐོན་མང་བའི་གློག་འཕྲིན་དྲ་རྒྱའི་ཁ་བསླུས་རིགས་དང་དེ་བཞིན་དེའི་ཁྱད་ཆོས་གསེད་བཀྲོལ་བྱས་པ་དང་ཆབས་ཅིག་རྒྱ་ཆེའི་སློབ་མ་དང་དེ་བཞིན་ཁྱིམ་བདག་ཚོར་མི་བསླས་ནས་ཉོ་མཁན་རྫུན་འཁྲབ་བྱེད་པ་དང་། མཐོ་རྒྱུགས་སློབ་བསྡུ་བྱེད་པ། སློབ་རོགས་དངུལ་སྤྲོད་པ། སློབ་གྲྭའི་ནང་དངུལ་བུན་གཡར་བ། དྲ་བའི་ཐོག་ནས་ཅ་དངོས་ཉོས་པའི་དངུལ་ཕྱིར་སློག་པ་སོགས་ཀྱི་ཐོན་མང་བའི་ཁ་བསླུས་གྱོད་གཞི་རིགས་ལྔ་ལ་དོགས་ཟོན་བྱས་ནས་རང་ངོས་ཀྱི་རྒྱུ་ནོར་བདེ་འཇགས་དང་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོང་ཏན་ཏིག་བྱེད་དགོས་པའི་དྲན་སྐུལ་བྱས་པ་རེད།
གཅིག མི་བསླས་ནས་ཉོ་མཁན་རྫུན་འཁྲབ་བྱེད་པ། དེ་ནི་དྲ་ཐོག་ཚོང་ཁང་གིས་མི་བསླས་ནས་ཉོ་མཁན་རྫུན་འཁྲབ་བྱེད་དུ་བཅུག་སྟེ་རྫུས་མ་ངོ་མར་རྫུ་བའི་ཉོ་སྒྲུབ་བྱ་སྤྱོད་སྤེལ་ནས་དྲ་ཐོག་ཚོང་ཁང་གི་ཕྱིར་ཚོང་བྱེད་ཚད་དང་། ཡིད་ཆེས་ཐོབ་ཚད། གདེང་འཇོག་བཟང་པོ་ཐོབ་ཚད་བཅས་མཐོ་རུ་བཏང་སྟེ་ཉོ་མཁན་དེ་བས་མང་བའི་ཡིད་དབང་འགུག་པ་སོགས་བྱེད་ཀྱི་ཡོད། མི་བསླས་ནས་ཉོ་མཁན་རྫུན་འཁྲབ་བྱེད་པའི་ཁྲོད་ཁ་བསླུས་རྒྱག་མཁན་གྱིས་ཉོ་མཁན་ལ་ཞབས་འདེགས་ཞུ་མཁན་ཡིན་བཟོ་བྱས་ཏེ་ཁ་བསླུས་རྒྱག་ཡུལ་ལ་དྲ་ཐོག་སྦྲེལ་མཐུད་བསྐུར་ནས་དེའི་སྦྲེལ་མཐུད་མནན་ནས་ཚོང་ཟོག་ཉོ་སྒྲུབ་ཟིན་རྗེས་དབུལ་བུན་ཕྱིར་སློག་པ་མ་ཟད་ད་དུང་སྐྱེད་ཀ་ཕྱིར་སློག་དང་ཆ་བགོས་བྱེད་ཀྱི་ཡོད་པ་སོགས་བརྗོད་པ་ཕུད་ཁ་བསླུས་རྒྱག་ཡུལ་ལ་ལས་ཞུགས་དཔྱད་གཞི་འགོད་དུ་བཅུག་ནས་ཁ་བསླུས་རྒྱག་ཡུལ་གྱིས་རང་ཉིད་ལུགས་མཐུན་ཀུང་སིས་གདན་ཞུ་བྱས་ཏེ་དངུལ་གསོག་ཏུ་བཅུག་པ་རེད་སྙམ་གྱི་ཡོད། ཉོ་སྒྲུབ་ཀྱི་ལས་འགན་ཐོག་མ་ལེགས་གྲུབ་ཟིན་རྗེས་ཁ་བསླུས་རྒྱག་ཡུལ་ལ་ཞབས་འདེགས་ཞུ་མཁན་གྱིས་དང་ཐོག་ཁ་ཆད་བྱས་པའི་སྦྲེལ་མཐུད་ལེགས་གྲུབ་ཟིན་རྗེས་སྐྱེད་ཀ་ཕྱིར་སློག་བྱེད་ཀྱི་ཡོད་ཅེས་བརྗོད་པའི་དངུལ་ཕྱིར་སློག་པ་མ་ཟད་དེ་མགོ་སྐོར་གཏོང་ཡུལ་དུ་བྱས་ནས་ཁ་བསླུས་རྒྱག་ཡུལ་ལ་གོང་ཚད་དེ་བས་མཐོ་བའི་ཚོང་ཟོག་ཉོ་རུ་འཇུག་གི་ཡོད། ཉོ་ཚོང་གི་གྲངས་ཚད་ངེས་ཅན་དུ་སླེབས་རྗེས་ཉོ་མཁན་ལ་ཞབས་འདེགས་ཞུ་མཁན་ཡིན་ཁུལ་བྱེད་མཁན་ཚོས་ཁ་བསླུས་རྒྱག་ཡུལ་ལ་འབྲེལ་བ་བྱེད་མཚམས་བཞག་ནས་གར་སོང་ཆ་མེད་དུ་གྱུར་གྱི་ཡོད། ལས་ཀ་སྟབས་བདེ་ལ་ཁེ་སྤོགས་ངེས་ཅན་ཡོད་པའི་དབང་གིས་ལས་ཀ་དེས་སློབ་ཆེན་སློབ་མ་མང་པོའི་ཡིད་དབང་འགུག་ཐུབ་ཀྱི་ཡོད་སྟབས་ཁ་བསླུས་ཀྱི་རིགས་དེ་དག་ཐོན་ཧ་ཅང་མང་པོ་ཡོད།
གཉིས། མཐོ་རྒྱུགས་སློབ་བསྡུའི་ཁ་བསླུས། མཐོ་རྒྱུགས་རྗེས“སྐར་གྲངས་མི་འདང་བ་དེ་དངུལ་གིས་ཉོ་བའི”སློབ་བསྡུའི་གཡོ་ཐབས་རྫུས་མ་དེ་རིགས་ལ་ཡིད་གཟབ་བྱེད་དགོས། ཁ་བསླུས་རྒྱག་མཁན་གྱིས་རྟག་ཏུ་ཡིག་ཆ་རྫུན་བཟོ་བྱས་ཏེ་དམིགས་བསལ་ཁྱད་ཆོས་ལྡན་པར་སྐར་མ་སྣོན་པ་དང་། སྒྱུ་རྩལ་རིགས་ལ་སློབ་མ་བསྡུ་བ། དམག་སློབ་ལ་སློབ་མ་བསྡུ་བ་སོགས་དང་དེ་བཞིན་རང་བརྟེན་སློབ་བསྡུའི་སྲིད་ཇུས་ལ་ཁྱིམ་བདག་གིས་རྒྱུས་མངའ་མེད་པར་དམིགས་ནས་མཐོ་སློབ་ཀྱི“ནང་ངོས་དམིགས་ཚད”དམ་ཡང་ན“འཆར་གཞི་ཕུད་པའི་དམིགས་ཚད”ཡོད་པར་ཁ་གཡར་ནས་དངུལ་སྨར་འཚམ་པོ་སྤྲད་ཚེ་སློབ་གྲྭར་བསྡུ་ཐུབ་པའི་ཁས་ལེན་གྱི་ཡོད། རྒྱུགས་སྤྲོད་སློབ་མ་དང་ཁྱིམ་བདག་ཚོས་དངུལ་བཏང་ནས་སློབ་གྲྭར་སྐྱོད་པའི་གནས་ཚུལ་དེ་རིགས་ལ་དོགས་ཟོན་བྱས་ཏེ་སློབ་བསྡུའི་དོགས་གནད་འཕྲད་ཚེ་ལུགས་མཐུན་གྱི་ཐབས་ལམ་བརྒྱུད་ཡིན་མིན་ཞིབ་བཤེར་བྱེད་པ་ལས་རྒྱུགས་སྤྲོད་སློབ་མའི་ཐོབ་ཐང་ལག་ཁྱེར་དང་ཡིག་ཚད་གཏོང་ཆོག་པའི་ལག་ཁྱེར་སོགས་ཆ་འཕྲིན་མི་གཞན་ལ་སྤྲོད་མི་རུང་།
གསུམ། སློབ་རོགས་དངུལ་དང་བྱ་དགའི་དངུལ་གྱི་ཁ་བསླུས། ཁ་བསླུས་རྒྱག་མཁན་གྱིས་རྒྱལ་ཁབ་ཀྱི་ལས་དོན་པར་བརྫུས་ནས་སློབ་རོགས་དངུལ་དང་བྱ་དགའི་དངུལ་སྤྲོད་རྒྱུར་ཁ་གཡར་ཏེ་སློབ་མར་དངུལ་ཁང་གི་གཱ་དང་གསང་བའི་ཨང་གྲངས་མཁོ་འདོན་བྱ་རྒྱུའི་རེ་བ་བཏོན་ནས་སློབ་མ་ATMའཕྲུལ་ཆས་ཡོད་སར་རྩིས་ཐོ་བསྒྱུར་དུ་འཇུག་གི་ཡོད། གལ་སྲིད་སློབ་རོགས་དངུལ་དང་བྱ་དགའི་དངུལ་སྤྲོད་པ་སོགས་ཀྱི་གནས་ཚུལ་འཕྲད་ཚེ་དང་ཐོག་དགེ་རྒན་དང་ས་གནས་དེ་གའི་སློབ་གསོ་པུའུ་ལ་སྐད་ཆ་འདྲི་བ་ལས་རང་དགར་ཕར་ཕྱོགས་ཀྱི་རེ་བ་ལྟར་རྩིས་ཐོ་བསྒྱུར་མི་རུང་། དེ་ལས་ལྡོག་ཚེ་མགོ་སྐོར་འོག་ཚུད་སྲིད།
བཞི། སློབ་གྲྭའི་ནང་དངུལ་བུན་གཡར་བའི་ཁ་བསླུས། ཁ་བསླུས་རྒྱག་མཁན་གྱིས་སློབ་གྲྭའི་ནང་དངུལ་བུན་གཡར་བར་དངུལ་བུན་རེ་ཞུ་བྱེད་མཁན་སློབ་མས་ཉེན་འགོག་དངུལ་སྒོར་སྟོང་ཕྲག་སྤྲོད་དགོས་པར་ཁ་གཡར་ནས་སློབ་མར་རྩིས་ཐོ་བསྒྱུར་ནས་དངུལ་སྤྲོད་དགོས་པའི་མགོ་སྐོར་ཐེངས་མང་གཏོང་བའམ་ཡང་ན་སློབ་ཆེན་ནང་སློབ་མར་རྔན་པ་སྤྲོད་པར་ཁ་གཡར་ནས་སློབ་ཆེན་སློབ་མར་མི་སྒེར་གྱི་ཆ་འཕྲིན་མཁོ་འདོན་བྱས་ནས་དྲ་བའི་ཐོག་གི་དངུལ་བུན་ལས་སྟེགས་ནས་དངུལ་བུན་གཡར་བའམ་ཡང་ན་ལག་ཐོགས་ཁ་པར་རྩེ་གྲ་ཉོ་བ་སོགས་བྱ་རྒྱུའི་ཁས་ལེན་པ་དང་དངུལ་བུན་ཚང་མ་སློབ་ཆེན་སློབ་མས་སྤྲོད་མི་དགོས་པའི་ཁས་ལེན་པ་མ་ཟད་ད་དུང་སློབ་ཆེན་སློབ་མར་སྒོར་བརྒྱ་ཕྲག་གམ་ཡང་ན་སྒོར་སྟོང་ཕྲག་གི་རྔན་པ་སྟེར་གྱི་ཡོད། དངུལ་བུན་གཡར་རྒྱུ་ལེགས་གྲུབ་བྱུང་རྗེས་ཁ་བསླུས་རྒྱག་མཁན་གར་སོང་ཆ་མེད་དུ་གྱུར་གྱི་ཡོད་སྟབས་མཐོ་སློབ་ཏུ་སླེབས་མ་ཐག་པའི་སློབ་མ་ཚོ་ཁ་བསླུས་རྒྱག་རིགས་དེའི་ཁྲོད་ཚུད་ཉེན་ཡོད།
ལྔ། དྲ་བའི་ཐོག་ནས་ཅ་དངོས་ཉོས་པའི་དངུལ་ཕྱིར་སློག་གི་ཁ་བསླུས། སློབ་མ་ནི་དྲ་ཐོག་གི་ཚོགས་སྤྱི་གལ་ཆེན་ཞིག་ཡིན་པས་ཁ་བསླུས་རྒྱག་མཁན་གྱིས་ཁྲིམས་འགལ་ངང་དྲ་ཐོག་ནས་ཅ་དངོས་ཉོ་བའི་ཆ་འཕྲིན་ཐོབ་རྗེས་ཚོང་ཟོག་ལ་གནས་ཚུལ་ཡོད་པར་ཁ་གཡར་ནས་ཉོ་མཁན་དང་འབྲེལ་བ་བྱས་ཏེ་དངུལ་ཕྱིར་སློག་བྱ་རྒྱུའི་ཁས་ལེན་གྱི་ཡོད། དངུལ་ཕྱིར་སློག་བྱེད་རིང་ཁ་བསླུས་རྒྱག་མཁན་གྱིས་ཁ་བསླུས་རྒྱག་ཡུལ་ལ་དྲ་ཐོག་ནས་དངུལ་གཡར་བར་རྒྱུས་མངའ་མེད་པར་གཞིགས་ནས་ཅ་དངོས་ཉོ་མཁན་དྲ་ཐོག་གི་དངུལ་གཡར་བའི་སྟེགས་བུའི་ནང་འཛུལ་དུ་བཅུག་སྟེ་ཁ་བསླུས་རྒྱག་མཁན་གྱི་བཀོད་གཏོང་འོག་དྲ་ཐོག་ནས་དངུལ་གཡར་བའི་སྟེགས་བུ་ནས་དངུལ་གཡར་བ་མ་ཟད་ཁ་བསླུས་རྒྱག་མཁན་ལ་རྩིས་ཐོ་བསྒྱུར་དུ་འཇུག་གི་ཡོད།
སྤྱི་བདེ་པུའི་འབྲེལ་ཡོད་འགན་འཁུར་བས་སྤྱི་བདེ་ལས་ཁུངས་ཀྱིས་གློག་འཕྲིན་དྲ་བའི་ཁ་བསླུས་ཉེས་གསོག་ལ་མུ་མཐུད་རྡུང་རྡེག་གཏོང་ཤུགས་ཆེ་རུ་བཏང་ནས་འབྲེལ་ཡོད་སྡེ་ཚན་དང་མཉམ་དུ་ཕྱོགས་བསྡུས་སྔོན་འགོག་ཚོད་འཛིན་བྱེད་ཐབས་སྤྱད་དེ་མང་ཚོགས་ཀྱི་དོགས་ཟོན་འདུ་ཤེས་ཟམ་མི་ཆད་པར་ཟབ་ཏུ་བཏང་ནས་གློག་འཕྲིན་དྲ་བའི་ཁ་བསླུས་ཀྱི་ཉེས་གསོག་ཐོན་མང་བའི་རྣམ་པར་ཚོད་འཛིན་མཐའ་གཅིག་ཏུ་བྱས་ཏེ་མི་དམངས་མང་ཚོགས་ཀྱི་རྒྱུ་ནོར་བདེ་འཇགས་ལ་སྲུང་སྐྱོང་མཐའ་གཅིག་ཏུ་བྱ་རྒྱུ་ཡིན་ལུགས་བརྗོད་ཡོད།
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10