ལིས་ཁི་ཆང་གིས་མགོ་འཛིན་བྱས་ཏེ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱུན་ལས་གྲོས་ཚོགས་བསྡུས།

    ཀྲུང་གོ་བོད་ཀྱི་དྲ་བ།    2017-07-07

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་ཟླ་བདུན་པའི་ཚེས་ལྔ་ཉིན་མགོ་འཛིན་བྱས་ཏེ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱུན་ལས་གྲོས་ཚོགས་བསྡུས་ནས། རྩིས་བཤེར་རྩད་གཅོད་བྱས་པའི་སྔོན་རྩིས་ལག་བསྟར་སོགས་ཀྱི་གནས་ཚུལ་དག་ཐེར་ཡོ་བསྲང་བྱེད་པར་བཀོད་སྒྲིག་བྱས་ཏེ། རྒྱལ་ཁབ་ཀྱི་སྲིད་ཇུས་དང་བྱེད་ཐབས་གལ་ཆེན་ལག་བསྟར་བྱེད་པའི་ཐད་ལ་གྲུབ་འབྲས་ཐོབ་པར་སྐུལ་འདེད་གཏོང་དགོས་ཞེས་བསྟན་པ་དང་། དངུལ་གཏོང་དངུལ་བསྡུ་སྒྲིག་གཞི་བཅོས་སྒྱུར་བྱེད་པའི་གནས་ཚུལ་ཡར་ཞུ་ལ་ཉན་ཏེ། སྤྱི་ཚོགས་མ་རྩ་ནུས་པ་འདོན་སྤེལ་བྱས་ནས། ནུས་ལྡན་དངུལ་གཏོང་ལ་སྐུལ་འདེད་གཏོང་དགོས་པའི་རེ་བ་བཏོན། དངོས་སྐྱེལ་མ་རྩ་སྔར་ལས་ཇེ་དམར་གཏོང་བའི་བྱེད་ཐབས་གཏན་འཁེལ་བྱས་ནས། ཁེ་ལས་ཀྱི་ཁུར་བོ་ཇེ་ཡང་དུ་གཏོང་བ་དང་དཔལ་འབྱོར་རིམ་འཕར་བྱེད་པར་མུ་མཐུད་དུ་རོགས་རམ་བྱེད་དགོས་ཞེས་བསྟན།

གྲོས་ཚོགས་སྟེང་ད་རུང་དོན་དག་གཞན་པར་ཞིབ་འཇུག་བྱས། 


  • ལེ་ཚན་སྔོན་མ།:རྗེ་ཙོང་ཁ་པའི་རིག་གཞུང་བགྲོ་གླེང་ཚོགས་འདུ་སྐབས་གསུམ་པ་མཚོ་སྔོན་མི་རིགས་སློབ་ཆེན་དུ་གཟབ་རྒྱས་ངང་ཚོགས་འགོ་བརྩམས་པ།
  • ལེ་ཚན་རྗེས་མ།:སྐུ་འབུམ་བྱམས་པ་གླིང་དུ་རྟེན་རྫས་བཤམས་མཛོད་ཁང་འཛུགས་སྐྲུན་བྱ་རྒྱུ།
  • དོ་སྣང་ཆེ་བའི་རྩོམ།