མའོ་རྫོང་དུ་རི་ཉིལ་གནོད་འཚེ་བྱུང་བས་ཛ་དྲག་མྱུར་སྐྱོབ་བྱེད་པ།

མི་དམངས་དྲ་བ།    མི་དམངས་དྲ་བ།    2017-06-28

མའོ་རྫོང་དུ་རི་ཉིལ་གནོད་འཚེ་བྱུང་བས་ཛ་དྲག་མྱུར་སྐྱོབ་བྱེད་པ།

  ད་ལྟ་སི་ཁྲོན་ཞིང་ཆེན་རྔ་བ་བོད་རིགས་ཆའང་རིགས་རང་སྐྱོང་ཁུལ་མའོ་རྫོང་གི"6•24"རི་ཉིལ་གནོད་འཚེ་ཚབས་ཆེན་འཕྲལ་བསྟུན་མྱུར་སྐྱོབ་དང་འཇུག་སྐྱོང་ལས་དོན་སྔར་བཞིན་སྒྲུབ་བཞིན་ཡོད་པ་རེད། གནོད་འཚེ་བྱུང་རྗེས་མི་93གར་སོང་ཆ་མེད་དུ་གྱུར་ཡོད་ལ། མི་3རྨས་སྐྱོན་བྱུང་ནས་སྨན་ཁང་དུ་བསྐྱལ་ཡོད་པ་རེད། རྨས་མར་སྨན་བཅོས་དང་ཁྱིམ་མིར་སེམས་གསོ། འཇུག་སྐྱོང་གི་ལས་དོན་བསྒྲུབ་པ། འབྱུང་རྐྱེན་རྩད་ཞིབ་སོགས་ཀྱི་ལས་དོན་ཡང་གོ་རིམ་ལྡན་པའི་ངང་སྤེལ་བཞིན་ཡོད་པ་རེད།

  མྱུར་སྐྱོབ་གནོད་སེལ་བཀོད་འདོམས་པུའུ་ཡིས་སྤེལ་བའི་གསར་འགྱུར་བརྡ་གཏོང་ཚོགས་འདུ་ནས་གསར་འགོད་པར་ཤེས་རྟོགས་བྱུང་གསལ་དུ། སྔ་དུས་ཡོངས་བསྒྲགས་བྱས་པའི་གར་སོང་ཆ་མེད་དུ་གྱུར་པའི་མི་གྲངས་118ཀྱི་ཁྲོད་ནས་མི་15བདེ་འཇགས་ཡིན་པ་གཏན་འཁེལ་བྱུང་བ་རེད།


  • ལེ་ཚན་སྔོན་མ།:མའོ་རྫོང་གི་ཉེན་སེལ་རྒུད་སྐྱོབ་ལས་དོན་ལ་མཛུབ་སྟོན་གལ་ཆེན་གནང་བ།
  • ལེ་ཚན་རྗེས་མ།:ཟི་ལིང་དུ"ཕ་རི་སིའི་དར་བཟོ་ཆེ་བའི་གོས་རྒྱན་གཟའ་འཁོར"སྤེལ་བ།
  • དོ་སྣང་ཆེ་བའི་རྩོམ།