ཧྲང་ཧའེ་གློག་བརྙན་དུས་ཆེན་ཐོག་གྲངས་ཉུང་མི་རིགས་ཀྱི་བུད་མེད་བརྗོད་གཞི་ཡིན་པའི་དངོས་བཤུས་གློག་བརྙན《གངས་ལྷ་མེ་ཏོག》སྟོན་པ།

        2017-06-23

ཧྲང་ཧའེ་གློག་བརྙན་དུས་ཆེན་ཐོག་གྲངས་ཉུང་མི་རིགས་ཀྱི་བུད་མེད་བརྗོད་གཞི་ཡིན་པའི་དངོས་བཤུས་གློག་བརྙན《གངས་ལྷ་མེ་ཏོག》སྟོན་པ།

       མི་དམངས་དྲ་བའི་འཕྲིན། ཟླ6ཚེས21ཉིན། མཚོ་སྔོན་ཞིང་ཆེན་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་ནས་ཡོང་བའི་བུ་མོ་གསུམ་གྱིས་ལུས་ལ་བོད་ཆས་གོན་ནས་ཧྲང་ཧའེ་རྒྱལ་སྤྱིའི་གློག་བརྙན་དུས་ཆེན་སྐབས20པར་ངོ་སྟོན་པ་རེད། གློག་བརྙན་དུས་ཆེན་གཙོ་སྐྱོང་གནང་མཁན་གྱིས་དུས་ཡུན་ལོ་གཅིག་གི་རིང་ལ་བོད་རིགས་བུ་མོ་གསུམ་བརྗོད་བྱའི་མི་སྣ་གཙོ་བོ་ཡིན་པའི་དངོས་བཤུས་གློག་བརྙན《གངས་ལྷ་མེ་ཏོག》སྟོན་པ་ལེགས་འགྲུབ་བྱུང་ཡོད་ཅེས་ཁྱབ་བསྒྲགས་བྱས་པ་རེད། ཤེས་རྟོགས་བྱུང་བར་གཞིགས་ན། ཧྲང་ཧའེ་རྒྱལ་སྤྱིའི་གློག་བརྙན་དུས་ཆེན་གྱི་སྐབས་སུ《གངས་ལྷ་མེ་ཏོག》གློག་བརྙན་ཐེངས་མང་བསྟན་རྒྱུ་ཡིན་པ་དང་། བོད་རིགས་གློག་བརྙན་གཙོ་སྐྲུན་ཚོགས་པ་ད་དུང་སློབ་གྲྭ་རུ་བསྐྱོད་ནས་མཐོ་རིམ་སློབ་གྲྭའི་དགེ་སློབ་ཚོ་དང་བསམ་ཚུལ་མྱོང་ཚོར་སྤེལ་རེས་བྱ་རྒྱུ་ཡིན་པ་རེད།

  • ལེ་ཚན་སྔོན་མ།:རྒྱལ་སྤྱིའི་མངོན་མིན་རིག་གནས་ཤུལ་བཞག་དུས་ཆེན་སྐབས་དྲུག་པ་མཇུག་འགྲིལ་བ།
  • ལེ་ཚན་རྗེས་མ།:མའོ་རྫོང་གི་ཉེན་སེལ་རྒུད་སྐྱོབ་ལས་དོན་ལ་མཛུབ་སྟོན་གལ་ཆེན་གནང་བ།
  • དོ་སྣང་ཆེ་བའི་རྩོམ།