ཀྲུང་དབྱང་ཁེ་ལས་ཀྱིས་མ་དངུལ་སྒོར་དུང་ཕྱུར1000ཡི་ལས་གཞི་སྐྲུན་རོགས་བྱས་ཏེ་བོད་ལྗོངས་འཕེལ་རྒྱས་ལ་སྐུལ་འདེད་བཏང་།

གངས་སྐྱིད་ཀྱིས་བསྒྱུར།        2017-06-22

     ཞིན་ཧྭ་གསར་འགྱུར་ཁང་ལྷ་ས་ནས་ཟླ་བ6པའི་ཚེས13ཉིན་འབྱོར་བའི་གཏམ་གསར།   ཀྲུང་དབྱང་གིས་བོད་ལྗོངས་ལ་རྒྱབ་སྐྱོར་བྱས་པའི་གཙོ་གནད་འཛུགས་སྐྲུན་ལས་གཞི་ཚན་པ་གཅིག་བདེ་བླང་ངང་ལག་ལེན་བསྟར་བའི་ལྷན་དུ།   གངས་ལྗོངས་མཐོ་སྒང་གོང་འཕེལ་བྱུང་བའི་དུས་རིམ་གསར་པར་འཕྲད་པ་རེད།   མིག་སྔའི་བར་ཀྲུང་དབྱང་གི་ཁེ་ལས16གིས་རིམ་རྩིས་བྱས་ན་བོད་ལྗོངས་ལ་ལས་གཞི1500ལྷག་བསྐྲུན་རོགས་བྱས་ནས་དོན་འཁྱོལ་བྱས་པའི་མ་དངུལ་སྒོར་དུང་ཕྱུར1000ལས་བརྒལ་ཡོད།   སྔོན་རྗེས་སུ་ཀྲུང་དབྱང་གི་ཁེ་ལས་མང་པོ་ཞིག་བོད་ལྗོངས་སུ་གཞིས་ཆགས་ཏེ་དམངས་ཕྱུག་བོད་དར་བྱེད་མཁན་གྱི་རྒྱབ་རྟེན་གསར་པར་གྱུར་ཡོད།      མིག་སྔར།  བོད་ལྗོངས་ཀྱི་གློག་ཤུགས་དང་།   སྣུམ་རླངས།   འཕྲིན་གཏོང་སོགས་ཧ་ལམ་ཀྲུང་དབྱང་ཁེ་ལས་ཀྱིས་འདོན་སྤྲོད་བྱས་པ་རེད།  འབྲེལ་ཡོད་ཀྲུང་དབྱང་ཁེ་ལས་ཀྱིས་རྒྱུད་ཆད་མེད་པར་མ་དངུལ་དང་ལག་རྩལ་ཐད་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་བཏང་ནས་ཁྲོན་བོད་དང་མཚོ་བོད་ཀྱི་གློག་ཤུགས་དྲྭ་སྦྲེལ་དང་།    ལྷ་ས་ནས་གཞིས་ཀ་རྩེ་བར་གྱི་ལྕགས་ལམ།   ཡ་ཀླུང་གཙང་པོའི་ཆུ་གློག་ས་ཚུགས་སོགས་གལ་ཆེའི་རྨང་གཞི་སྒྲིག་ཆས་འབོར་ཆེན་ཞིག་ལེགས་འགྲུབ་བྱུང་ནས་ས་དེ་གའི་ཐོན་སྐྱེད་དང་འཚོ་བའི་ཆ་རྐྱེན་ལེགས་བཅོས་ཆེན་པོ་བྱུང་ཡོད།   དེ་མིན་ད་དུང་ལོ་ལྔའི་འཆར་གཞི་བཅུ་གཉིས་པ་ནས་བཟུང་ཀྲུང་དབྱང་ཁེ་ལས་ཀྱིས་རིམ་རྩིས་བྱས་ན་བོད་ལྗོངས་ལ་རོགས་སྐྱོར་མ་དངུལ་སྒོར་དུང་ཕྱུར26བཏང་སྟེ་མཐའ་འཁོལ་ས་ཁུལ་གྱི་རྨང་གཞིའི་སྒྲིག་ཆས་དང་དམངས་འཚོ་ལེགས་བཅོས་བྱེད་པར་སྐུལ་འདེད་ནུས་ལྡན་བཏང་ཡོད་པ་རེད།

     ཀྲུང་དབྱང་ཁེ་ལས་བོད་ལྗོངས་འཛུགས་སྐྲུན་བྱེད་པར་ཞུགས་ནས་ཕན་ནུས་ལྡན་པའི་སྒོས་ས་གནས་དེ་གའི་དཔལ་འབྱོར་འཕེལ་རྒྱས་དང་ལས་ཞུགས་བྱེད་ཁྱོན་རྒྱ་སྐྱེད་གཏོང་བར་སྐུལ་ཁྲིད་བྱས་པ་རེད།    ཤེས་རྟོགས་བྱུང་བར་གཞིགས་ན།   ལོ་ལྔའི་འཆར་གཞི་བཅུ་གཉིས་པ་ནས་བཟུང་ཀྲུང་དབྱང་ཁེ་ལས་ཀྱིས་བོད་ལྗོངས་དང་འཐབ་ཇུས་མཉམ་ལས་ཀྱི་ལས་གཞིའི་གྲོས་མོལ་རབ་དང་རིམ་པ་བཀོད་ཡོད་ཅིང་།  རིམ་རྩིས་བྱས་ན་བོད་ལྗོངས་ལ་རིགས་སྣ་ཚོགས་གཏོང་འཇོག་བྱས་པའི་མ་དངུལ་སྒོར་དུང་ཕྱུར821ལ་ཟིན་པ་རེད།    ཕྱིན་ཆད་ཀྲུང་དབྱང་ཁེ་ལས་ཀྱིས་་བོད་ལྗོངས་ལ་གཏོང་འཇོག་བྱེད་ཤུགས་ཆེ་རུ་གཏང་རྒྱུ་དང་ཁྱོན་ཡོངས་ནས་བོད་ལྗོངས་ཀྱི་རིགས་སྣ་ཚོགས་ཀྱི་ཁེ་ལས་བར་མ་རྩ་མཉམ་བཞག་དང་མཉམ་ལས་བྱས་ནས་བོད་ལྗོངས་ཀྱི་ཁེ་ལས་དང་།   ཐོན་རྫས།   ཁྱད་རྟགས་སོགས་ཕྱི་ཕྱོགས་སུ་སྐྱོད་པར་སྐུལ་ཁྲིད་བྱ་རྒྱུ་རེད།


  • ལེ་ཚན་སྔོན་མ།:བོད་ལྗོངས་ཀྱི་རེ་བའི་སློབ་ཆུང་ཨང་243པ་དབུ་བརྙེས་པ།
  • ལེ་ཚན་རྗེས་མ།:རྒྱལ་སྤྱིའི་མངོན་མིན་རིག་གནས་ཤུལ་བཞག་དུས་ཆེན་སྐབས་དྲུག་པ་མཇུག་འགྲིལ་བ།
  • དོ་སྣང་ཆེ་བའི་རྩོམ།