མགོ་ལོག་བོད་རིགས་རང་སྐྱོང་ཁུལ་རྨ་སྟོད་རྫོང་གིས་བྱེད་ཐབས་བཞི་སྤྱད་དེ་དབུལ་ཐར་མཁྲེགས་གཏོར་བྱ་བར་རོགས་འདེགས་བྱས།

        2017-06-02

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན།  ད་ལོར། མགོ་ལོག་བོད་རིགས་རང་སྐྱོང་ཁུལ་རྨ་སྟོད་རྫོང་གིས་ཉིས་སྟོང་བཅུ་དྲུག་ལོའི་དབུར་ཐར་མཁྲེགས་གཏོར་གྲུབ་འབྲས་སྲ་བརྟན་དུ་བཏང་བའི་རྨང་གཞིའི་སྟེང་། ཙུའུ་ཀྲང་གཉིས་ཀྱི་དཀྱིལ་སྙིང་དབུལ་ཐར་མཁྲེགས་གཏོར་རྩ་འཛུགས་ཀྱི་འགན་སྲུང་མ་ལག་དང་དབུལ་ཐར་བྱེད་ཡུལ་གྱི་གནད་ཕིགས་ངོས་འཛིན་དོ་དམ་བྱ་བ། དབུལ་སྐྱོར་ལས་གཞིའི་བསྐྱར་འཛུགས་བྱ་བ། དབུལ་སྐྱོར་རྨང་གཞིའི་སྒྲིག་ཆས་ལ་ཤུགས་སྣོན་པ་བཅས་བྱེད་ཐབས་བཞི་གཏན་ཁེལ་བྱས་པ་དང་། སྔར་ལས་ལྷག་པའི་སྒོ་ནས་ཡུན་ཕན་རོགས་སྐྱོར་བྱེད་ཐབས་རིགས་བགར་ཏེ་ལག་བསྟར་བྱས་ནས་སྟོབས་ཤུགས་ཡོད་རྒུས་དབུལ་ཐར་མཁྲེགས་གཏོར་བྱ་བ་བཟང་བོར་བསྒྲུབས།

རྨ་སྟོད་རྫོང་གིས་དབུལ་ཐར་བྱེད་ཡུལ་གྱི་གནད་ཕིགས་ངོས་འཛིན་དོ་དམ་བྱེད་ཡུལ་གྱི་བྱ་བ་རྒྱུན་མཐུད་དེ་སྤེལ་བའི་རྨང་གཞིའི་སྟེང་། ཁྱོན་ཡོངས་ནས་འགུལ་རྣམ་དོ་དམ་ནང་རྐྱེན་བཙུགས་པ་དང་དབུལ་ཕོངས་སྡེ་བ་གཉིས་བདམས་ནས་ལྟ་ཞིབ་བྱེད་པའི་བྱ་བ་སྤེལ་བ་དང་དབུལ་ཐར་འཕེལ་རིམ་དང་འཕེལ་རྒྱས་འགྱུར་ལྡོག་གི་གོ་རིམ་ཡོད་ཚད་ཟིན་ཐོར་བཀོད་པ་མ་ཟད། ཙུའུ་ཀྲང་གཉིས་དཀྱིལ་སྙིང་ཡིན་པའི་དབུལ་ཐར་མཁྲེགས་གཏོར་རྩ་འཛུགས་ཀྱི་འགན་སྲུང་མ་ལག་བཙུགས་པ་དང་ཧུར་ཐག་གིས་ཕྱིའི་མ་རྩ་དང་དམངས་ཁྲོད་ཀྱི་མ་རྩ་དབུལ་སྐྱོར་གསར་སྤེལ་ཁྲོད་ཞུགས་པར་སྣེ་ཁྲིད་བྱས་ནས་གནད་ཕིགས་དབུལ་སྐྱོར་དང་གནད་ཕིགས་དབུལ་ཐར་བྱ་བར་མ་དངུལ་གྱི་འགན་སྲུང་འདོན་སྤྲོད་བྱས་པ་དང་སྲིད་གཞུང་དང་ཁྲོམ་ར། སྤྱི་ཚོགས་བཅས་ཀྱིས་མཉམ་གཅིག་ཏུ་སྐུལ་འདེད་བྱེད་པའི་དབུལ་སྐྱོར་བྱ་བའི་རྣམ་པ་ཆགས་པར་བྱས།

དེ་ལས་གཞན། རྨ་སྟོད་རྫོང་གིས་དབུལ་ཕོངས་སྡེ་བར་ཆུ་གློག་ལམ་གསུམ་སོགས་ཀྱི་རྨང་གཞིའི་སྒྲིག་ཆས་འཛུགས་སྐྲུན་བྱ་བ་ལག་བསྟར་བྱས་ནས་ཐོན་ལས་དབུལ་སྐྱོར་གཙོར་བཟུང་བ་དང་ཁྱད་འཕགས་དགེ་མཚན་ལྡན་པའི་ཐོན་ལས་འཕེལ་རྒྱས་བཏང་ནས་དབུལ་ཕོངས་སྡེ་བ་རེ་རེར་ཁྱད་ཆོས་ལྡན་པའི་གཙོ་ཁྲིད་ཐོན་ལས་གཅིག་ནས་གཉིས་ཡོད་པར་བྱས། དེ་དང་མཉམ་དུ་། སྐྱེ་ཁམས་ཁ་གསབ་སྟེགས་བུ་དང་བདེ་ཐང་དབུལ་སྐྱོར་སྟེགས་བུ། དངུལ་རྩའི་དབུལ་སྐྱོར་སོགས་སྲིད་ཇུས་འགན་སྲུང་འདེགས་སྐྱོར་དུ་བྱས་པ་དང་རིག་སྟོབས་དབུལ་སྐྱོར་ལ་ཤུགས་བསྣན་ནས་སྟོབས་ཤུགས་ཡོད་རྒུས་ཁྱད་ལྡན་ཕྱུགས་ལས་ཆེད་ལས་མཉམ་ལས་རྩ་འཛུགས་སོགས་དབུལ་སྐྱོར་ཐོན་ལས་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱས།  །


  • ལེ་ཚན་སྔོན་མ།:ལྷ་ས་གྲོང་ཁྱེར་ཧའེ་ཁྲེང་སློབ་ཆུང་གིས་སློབ་མ་རྣམས་ལ་དྲ་རྒྱའི་བདེ་འཇགས་སྐོར་གྱི་སློབ་གསོ་བྱ་འགུལ་སྤེལ་བ།
  • ལེ་ཚན་རྗེས་མ།:སྐབས་བཅུ་གཅིག་པའི་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་དང་པོ་འཚོགས་པ།
  • དོ་སྣང་ཆེ་བའི་རྩོམ།