ཀྲུང་གོ་གུང་ཁྲན་ཏང་སི་ཁྲོན་ཞིང་ཆེན་སྐབས་བཅུ་གཅིག་པའི་ཚང་འཛོམས་གྲོས་ཚོགས་ཐེངས་དང་པོ་འཚོགས།

        2017-06-01

   ཀྲུང་གོ་གུང་ཁྲན་ཏང་སི་ཁྲོན་ཞིང་ཆེན་སྐབས་བཅུ་གཅིག་པའི་ཚང་འཛོམས་གྲོས་ཚོགས་ཐེངས་དང་པོ་དེ་སྤྱི་ཟླ5པའི་ཚེས27ཉིན་གྱི་ཕྱི་དྲོར་ཁྲེང་ཏུའུ་ལ་ཚོགས་པ་རེད། ཞིང་ཆེན་ཏང་ཨུའི་ཨུ་ཡོན92དང་ཞིང་ཆེན་ཏང་ཨུའི་རྗེས་སྣོན་ཨུ་ཡོན17ཚང་འཛོམས་གྲོས་ཚོགས་ནང་ཞུགས་ཡོད་པ་རེད། ཚོགས་ཆེན་ཐོག་ཝང་ཏུང་མིང་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ལ་བདམས་ཐོན་བྱུང་བ་དང་། དབྱི་ལི་དང་ཏེང་ཞའོ་ཀོང་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པར་བདམས་ཐོན་བྱུང་བ་རེད། ཝང་ཡོན་ཧྥུའེ། ཧྥན་རུའེ་ཕིང་། ཝང་ཉིང་། ཆུས་མོ་ཧྲི་ཧ།  ཀན་ལིན། ཏེང་ཡུང་། ཧོང་ཅན་ཧྥ། ཝང་མིང་ཞིན། ལི་ཅིན་བཅས་ཞིང་ཆེན་ཏང་ཨུའི་རྒྱུན་ཨུ་ལ་བདམས་ཐོན་བྱུང་བ་རེད།།

  • ལེ་ཚན་སྔོན་མ།:ཀྲུང་གོ་གུང་ཁྲན་ཏང་སི་ཁྲོན་ཞིང་ཆེན་འཐུས་མི་ཚོགས་ཆེན་ཐེངས་བཅུ་གཅིག་པ་རྒྱལ་ཁའི་ངང་མཇུག་བསྒྲིལ།
  • ལེ་ཚན་རྗེས་མ།:རང་རྒྱལ་གྱི་བོད་སྐད་ཡིག་ཡིག་སྒྱུར་བྱ་གཞག་དབྱར་མཚོ་རྒྱས་པ་ལྟར་འཕེལ་རྒྱས་བྱུང་བ།
  • དོ་སྣང་ཆེ་བའི་རྩོམ།