མཐོ་རྒྱུགས་ཀྱི་དུས་ཚོད་འདི་འདྲ་གཏན་ཁེལ་བྱས་འདུག

        2020-04-01

མཐོ་རྒྱུགས་ཀྱི་དུས་ཚོད་འདི་འདྲ་གཏན་ཁེལ་བྱས་འདུག

    ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཆོག་མཆན་གནང་བ་བརྒྱུད། སྤྱི་ལོ2020ལོར་རྒྱལ་ཡོངས་ཀྱི་མཐོ་རིམ་སློབ་གྲྭ་དཀྱུས་མའི་སློབ་བསྡུའི་གཅིག་གྱུར་རྒྱུགས་ལེན(གཤམ་དུ“མཐོ་རྒྱུག”ཅེས་བསྡུས་ཡོད) དུས་ཡུན་ཟླ་གཅིག་ཕྱི་འགྱངས་བྱས་ནས་གཉེར་རྒྱུ་དང་ཡིག་རྒྱུགས་ཀྱི་དུས་ཚོད་ནི་སྤྱི་ཟླ7ཚེས7ནས་ཚེས8ཉིན་བར་ཡིན་པ་རེད།
བྱེ་བྲག་གི་སྦྱང་ཚན་གྱི་རྒྱུགས་ལེན་དུས་ཚོད་ནི། སྤྱི་ཟླ7པའི་ཚེས7ཉིན་གྱི་ཆུ་ཚོད9:00ནས11:30བར་རྒྱ་ཡིག་རྒྱུགས་ལེན་རྒྱུ་དང་། ཆུ་ཚོད15:00ནས17:00བར་གྲངས་རིག་རྒྱུགས་ལེན་རྒྱུ། སྤྱི་ཟླ7པའི་ཚེས8ཉིན་གྱི་ཆུ་ཚོད9:00ནས11:30བར་རིག་ཚན་ཕྱོགས་བསྡུས་དང་རྩིས་ཚན་ཕྱོགས་བསྡུས་རྒྱུགས་ལེན་རྒྱུ། ཆུ་ཚོད15:00ནས17:00བར་དབྱིན་ཡིག་རྒྱུགས་ལེན་རྒྱུ་བཅས་རེད།
ཧུའུ་པེ་ཞིང་ཆེན་དང་པེ་ཅིང་གྲོང་ཁྱེར་གྱིས་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་གནས་ཚུལ་ལ་གཞིགས་ཏེ་ས་ཁུལ་དེ་གའི་མཐོ་རྒྱུགས་དུས་ཚོད་བཀོད་སྒྲིག་གི་བསམ་འཆར་ལ་ཞིབ་འཇུག་བྱས་ནས་སློབ་གསོ་པུའུ་ཡི་ཆོག་མཆན་ཐོབ་རྗེས་དུས་ཐོག་ཏུ་སྤྱི་ཚོགས་སུ་ཡོངས་བསྒྲགས་བྱ་རྒྱུ་རེད།

    སློབ་གསོ་པུའུ་ནས་

སྤྱི་ལོ2020ལོའི་ཟླ3ཚེས31ཉིན།

མཐོ་རྒྱུགས་ཀྱི་དུས་ཚོད་འདི་འདྲ་གཏན་ཁེལ་བྱས་འདུག

  • ལེ་ཚན་སྔོན་མ།:མི་སྤྱི་པུའུ་ཡིས་རིམས་ནད་སྔོན་འགོག་ཚོད་འཛིན་བྱེད་རིང་ལས་རིགས་ལག་རྩལ་སློབ་གྲྭའི་སློབ་མར་རོགས་སྐྱོར་ལས་དོན་བསྒྲུབ་དགོས་པའི་བླང་བྱ་བཏོན།
  • ལེ་ཚན་རྗེས་མ།:ཞི་ཅིན་ཕིང་གིས་ཀྲེ་ཅང་ཞིང་ཆེན་ཨན་ཅི་རྫོང་དུ་རྟོག་ཞིབ་གནང་བ།
  • དོ་སྣང་ཆེ་བའི་རྩོམ།