བོད་ལྗོངས་སུ་བོད་ལུགས་གསོ་རིག་རིག་གཞུང་རྒྱུན་འཛིན་པ72ཟིན་པ།

        2017-04-12

  མི་དམངས་དྲ་བའི་འཕྲིན། ཟླ4ཚེས10ཉིན། བོད་ལྗོངས་ཀྱི་བོད་ལུགས་གསོ་རིག་དང་བོད་ལུགས་སྨན་བཅོས་ལས་རིགས་ཀྱི་ལས་གཉེར་བ20ལ་ལྷ་ས་ནས《རྒྱུན་འཛིན་པའི་ལག་ཁྱེར་》ཐོབ་ཐང་སྤྲད་པ་དང་། དེ་ནི་རྒྱལ་ཡོངས་ཀྱི་ཀྲུང་ལུགས་གསོ་རིག་རིགས་གཅིག་མཁས་དབང་རྒན་གྲས་ཀྱི་རིག་གཞུང་ཉམས་མྱོང་རྒྱུན་འཛིན་ལས་གཉེར་གྱི་རྒྱུན་འཛིན་པར་གྱུར་པ་རེད། ད་བར་བོད་ལྗོངས་སུ་བོད་ལུགས་གསོ་རིག་གི་ཁྱབ་ཁོངས་སུ་རིགས་གཅིག་མཁས་དབང་གི་ཉམས་མྱོང་རྒྱུན་འཛིན་མཁན72ཟིན་པ་རེད།
    རྒྱུན་འཛིན་པ་ཁག་མི20འདི་རིགས་ཚང་མ་བོད་ལུགས་གསོ་རིག་གི་ནད་ཐོག་ལས་དོན་ཚན་ཁག་ནས་ཡོང་བ་དང་། དེའི་ཁྲོད་དུ་མི2ལ་ཁྲེང་ཏུའུ་ཀྲུང་ལུགས་གསོ་རིག་གི་འབུམ་རམས་པའི་སློབ་གཉེར་བརྒྱུད་རིམ་གྱི་གོ་མིང་ཐོབ་ཡོད་པ་དང་། མི8ལ་རབ་འབྱམས་པའི་སློབ་གཉེར་བརྒྱུད་རིམ་གྱི་གོ་མིང་ཐོབ་ཡོད་པ། མི1ལ་འབུམས་རམ་པའི་རྗེས་ཀྱི་དཔྱད་རྩོམ་རྩོད་ལན་དང་དཔྱད་ཞིབ་ཀྱི་ཚད་ལོན་ཡོད་པ་རེད།
     ངོ་སྤྲོད་བྱས་པར་གཞིགས་ན། 2012ལོར་བོད་ལྗོངས་སུ་ཐོག་མར་བོད་ལུགས་གསོ་རིག་རྒྱུན་འཛིན་པ་ནད་ཐོག་གསོ་རིག་ཆེད་ལས་ཀྱི་རབ་འབྱམས་པ་དང་། འབུམ་རམས་པའི་སློབ་གཉེར་བརྒྱུད་རིམ་གོ་གནས་ཡོད་པའི་རྒྱུད་འཛིན་པ་ཡོད་པ་རེད།
    བོད་ལུགས་གསོ་རིག་ལ་ལོ་ངོ3800ལྷག་གི་ལོ་རྒྱུས་ཡོད་ཅིང་། འདི་དང་ཀྲུང་ལུགས་གསོ་རིག གནའ་བོའི་རྒྱ་གར་གྱི་གསོ་རིག  གནའ་བོའི་ཨ་རབ་ཀྱི་གསོ་རིག་བཅས་བཞི་པོར"འཛམ་གླིང་སྲོལ་རྒྱུན་གྱི་གསོ་རིག་ཆེན་པོ་བཞི"ཞེས་འབོད་པ་དང་། མིག་སྔར། བོད་ལུགས་གསོ་རིག་གི་ནད་རིགས་བཅོས་ཐབས་དང་ལག་རྩལ་ཁག15ཙམ་རྒྱལ་ཁབ་ཀྱི་དངོས་མིན་རིག་གནས་ཤུལ་བཞག་མཚན་ཐོར་བཀོད་ཡོད་པ་རེད།

  • ལེ་ཚན་སྔོན་མ།:བོད་ལྗོངས་ཀྱི་དགེ་འདུན་པ10ལ་བོད་བརྒྱུད་ནང་བསྟན་དགེ་ལུགས་པའི་མིང་བཏགས་མཐོ་ཤོས་ལྷ་རམས་པའི་དགེ་བཤེས་ཐོབ་པ།
  • ལེ་ཚན་རྗེས་མ།:ཁྲོན་བོད་ཟམ་པ་དང་པོ་འཆར་གཞི་བྱས་ན་སང་ལོའི་ཟླ་བརྒྱད་པའི་ནང་བསྐྲུན་ཟིན་ནས་ཤར་གཏོང་ཐུབ་རྒྱུ་ཡིན་པ།
  • དོ་སྣང་ཆེ་བའི་རྩོམ།