སི་ཁྲོན་གྱི་ཞིང་པའི་གླ་པ་མི་ཁྲི895ལས་གནས་སུ་ལོག་ཡོད།ལས་གནས་སུ་ལོག་ཚད་བརྒྱ་ཆ43.9ལ་ཟིན།

ཡེ་ཤེས་ཀྱིས་བསྒྱུར།        2020-03-10

    ཞིན་ཧྭ་གསར་འགྱུར་ཁང་ཁྲེང་ཏུའུ་ནས་སྤྱི་ཟླ3པའི་ཚེས2ཉིན་འབྱོར་བའི་གཏམ་གསར།  སི་ཁྲོན་ཞིང་ཆེན་མེ་ཧྲན་གྲོང་ཁྱེར་རེན་ཧྲོའུ་རྫོང་ཀྲུང་ཞང་གྲོང་རྡལ་དར་དམར་འདུས་སྡེ་ཁུལ་གྱི་ཞིང་པའི་གླ་པ་དབྱང་པའོ་གྲོང་རྡལ་སྲིད་གཞུང་གིས་འགྲུལ་སྐྱེལ་རླངས་འཁོར་གྱིས་རང་ཁྱིམ་གྱི་སྒོ་ཁ་ནས་བསུ་སར་ཐོན་པ་རེད། མཉམ་དུ་སྐྱོད་མཁན་ད་དུང་ས་གནས་དེ་གའི་ཞིང་པའི་གླ་པ་མི30ཡོད་པ་རེད། ཆུ་ཚོད8དང་སྐར་མ30ཡི་ཐོག་དབྱང་པའོ་མེ་ཧྲན་གྱི་ཤར་ཕྱོགས་རླངས་འཁོར་བབབ་ཚུགས་སུ་འབྱོར་རྗེས་རྫོང་ཡོངས་ཀྱི་ལས་གནས་སུ་ལོག་མཁན་ཞིང་པའི་གླ་པ800ལྷག་དང་མཉམས་དུ་ཞིང་པའི་གླ་པའི་ཆེད་མེ་འཁོར་ཐེངསD4755ལ་བསྡད་དེ་ཀོང་ཏུང་དུ་བསྐྱོད་པ་རེད།  ལོ་ན18ལ་སོན་པའི་དབྱང་པའོ་ཡི་ཁྱིམ་ཚང་ནི་དབུལ་པོའི་ཞྭ་མོ་ཕུད་མ་ཐག་པའི་དབུལ་པོ་དུད་ཚང་ཞིག་ཡིན་པ་རེད།   ཉིན་ཤས་གོང་ལ་འདུས་སྡེ་ཁུལ་གྱི་ལས་བྱེད་པས་དབྱང་པའོ་ལ་ལས་ཀ་ངོ་སྤྲོད་བྱེད་སྐབབས། ཁོའི་ཨ་ཕས་ཁོ་ལོ་ན་ཆུང་དྲགས་པ་དང་རིམས་ནད་ཀྱི་ཉེན་ཁ་ཡོད་པས་ཁོ་གཅིག་པུ་ཀོང་ཏུང་དུ་ལས་ཀར་འགྲོ་རྒྱུར་སེམས་ཁྲལ་བྱས་པ་རེད། འདུས་སྡེ་ཁུལ་གྱི་ལས་བྱེད་པས་གྲོང་རྡལ་སྲིད་གཞུང་གིས་རླངས་འཁོར་བཀོད་སྒྲིག་བྱས་ནས་སྒོ་ཁ་ནས་བསུ་སྟེ་ཐད་ཀར་མེ་འཁོར་ལ་བསྡད་དེ་ལམ་བར་དུ་སྲིད་གཞུང་གི་ལས་དོན་མི་སྣས་སྲུང་སྐྱེལ་བྱ་རྒྱུ་ཡིན་པ་དང་མེ་འཁོར་བབབ་ཚུགས་སུ་འབྱོར་རྗེས་ཁེ་ལས་ཀྱིས་ཆེད་གཏོང་རླངས་འཁོར་བསུ་སར་ཡོང་རྒྱུ་རེད་ཅེས་བཤད་ནས་གཞི་ནས་ཁོའི་ཁྱིམ་མི་ཚོའི་སེམས་པ་ཞི་ལྷོད་བྱེད་པ་རེད།

     གསར་འགོད་པས་སི་ཁྲོན་ཞིང་ཆེན་གྱིས་ཏོག་དབྱིབས་གློ་ཚད་རིམས་ནད་ལ་ཁ་གཏད་འཇལ་བའི་འཚུབ་བསྟུན་བཀོད་འདོམས་པུའུ་ཡི་ཞིང་པའི་གླ་པ་ཕྱི་ཕྱོགས་སུ་ལས་ཀ་སྒྲུབ་ས་འགྲོ་མཁན་ལ་ཞབས་ཞུ་ལས་དོན་གྱི་ཆེད་དོན་ལས་སྒྲུབ་ཚན་ཁག་ནས་ཤེས་རྟོགས་བྱུང་དོན། སྤྱི་ཟླ3པའི་ཚེས1ཉིན་བར་སི་ཁྲོན་གྱིས་ཞིང་པའི་གླ་པ་ཞིང་ཆེན་བར་གྱི་ཆེད་གཏོང་རླངས་འཁོར5854བཏང་བ་དང་།ཆེད་གཏོང་མེ་འཁོར35བཏང་བ།  གནམ་གྲུ13བཏང་ཡོད་པ་རེད། ཞིང་ཆེན་ཕྱི་ནས་ལས་གནས་སུ་ལོག་མཁན་དང་ཞིང་ཆེན་ནང་ཁུལ་ནས་ལས་གནས་སུ་ཕྱིར་ལོག་བྱེད་མཁན་གྱི་ཞིང་པའི་གླ་པ་ཁྱོན་བསྡོམས་ཁྲི895.03ལ་ཟིན་པས་ལས་གནས་སུ་ཕྱིར་ལོག་བྱེད་ཚད་བརྒྱ་ཆ43.9ལ་ཟིན་པ་རེད།



  • ལེ་ཚན་སྔོན་མ།:གཙང་གསུམ་འབྱུང་ཁུངས་གསོ་ཚད་ལོ་རེར་ཆ་སྙོམས་བརྒྱ་ཆ6ལྷག་ཙམ་འཕར།
  • ལེ་ཚན་རྗེས་མ།:ཐུབ་བསྟན་ཕུན་ཚོགས་ཀྱི་ཚིག་མཛོད《བོད་ཡིག་ཚིག་གཏེར་རྒྱ་མཚོ》དཔེ་སྐྲུན་འགྲེམ་སྤེལ་བྱས།
  • དོ་སྣང་ཆེ་བའི་རྩོམ།