སི་ཁྲོན་ཞིང་ཆེན་དམངས་ཁྲོད་རིག་གནས་སྒྱུ་རྩལ་གྱི་ཕ་ས་བཅུ་དྲུག
མཚོ་སྔོན་པོ་དྲ་བ། 2014-11-19
ཉེ་ཆར།སི་ཁྲོན་ཞིང་ཆེན་རིག་གནས་ཐིང་ནས2014ལོ་ནས2016ལོའི“སི་ཁྲོན་ཞིང་ཆེན་གྱི་དམངས་ཁྲོད་རིག་གནས་སྒྱུ་རྩལ་གྱི་ཕ་ས”ཞིབ་དཔྱད་མིང་བཏགས་བྱ་བ་དེ་བདེ་ལེགས་ངང་འགྲུབ་ཅིང་། སི་ཁྲོན་ཞིང་ཆེན་རྔ་བ་ཁུལ་གྱི་ཡུལ་ཚོ་དང་གྲོང་རྡལ16བདམས་ཐོན་བྱུང་ཡོད་པ་རེད།
དེ་དག་ནི་འབར་ཁམས་རྫོང་གི་རྒྱལ་རོང་བོད་རིགས་ཀྱི་དམངས་ཁྲོད་སྒྱུ་རྩལ་དང་ཁྲོ་ཆུ་རྫོང་གི་ཁྲབ་གྱོན་གཡུལ་ཆས་ཀྱི་བྲོ་གར། ཁྱུང་མཆུ་རྫོང་གི་དམངས་ཁྲོད་རྟ་རྒྱུགས། རྔ་བ་རྫོང་གི་ཨ་མདོའི་བོད་རིགས་ཀྱི་གྱོན་ཆས། མའོ་ཝུན་རྫོང་གི་ཆའང་རིགས་ཀྱི་གནའ་བོའི་སྲོལ་རྒྱུན་བུད་མེད་དུས་ཆེན་གྱི་དམངས་སྲོལ་གླུ་གར། མའོ་ཝུན་རྫོང་སན་ལུང་ཡུལ་ཚོའི་ཆའང་རིགས་ཀྱི་གཙགས་དྲུབ། གཟི་རྩ་སྡེ་དགུ་རྫོང་གི་རྣམ་འཕེལ་གཞས་དབྱངས། ཝུན་ཁྲོན་རྫོང་ལུང་ཆི་ཡུལ་ཚོའི་ཆའང་རིགས་ཀྱི་དམངས་སྲོལ་བྱ་འགུལ། ཝུན་ཁྲོན་རྫོང་མེན་སི་གྲོང་རྡལ་གྱི་ཆའང་རིགས་ཀྱི་གཙགས་དྲུབ། བཙན་ལྷ་རྫོང་ཆེ་ལུང་ཡུལ་ཚོའི་མར་ལེའི་སྐོར་བྲོ། བཙན་ལྷ་རྫོང་ཧ་ཉུང་ཡུལ་ཚོའི་དམངས་ཁྲོད་གླུ་གར། ཟུང་ཆུ་རྫོང་ཧྲི་ལི་ཡུལ་ཚོའི་ཧུའེ་རིགས་ཀྱི་ལྒང་བཞུ་ཚོན་ཁྲའི་ཞབས་བྲོ། བཀྲ་ཤིས་གླིང་ཕུའུ་ཆི་ཡུལ་ཚོའི་ཇོ་ནང་བའི་འདོན་རྟ་དབྱངས་དང་ཐང་གའི་སྒྱུ་རྩལ། འཛམ་ཐང་རྫོང་ན་མདའ་ཡུལ་ཚོའི་ན་མདའི་རྣམ་ཐར། ཆུ་ཆེན་རྫོང་མ་ཎི་ཡུལ་ཚོའི་མ་ཎིའི་སྐོར་བྲོ་བཅས་སོ། །