རང་རྒྱལ་གྱི་ཆེས་ཐོག་མིའི་རང་འགུལ་ངང་བོད་ཇ་ཐོན་སྐྱེས་བྱེད་པའི་ལག་རྩལ་སྤྱོད་འགོ་ཚུགས།

        2017-03-30

རང་རྒྱལ་གྱི་ཆེས་ཐོག་མིའི་རང་འགུལ་ངང་བོད་ཇ་ཐོན་སྐྱེས་བྱེད་པའི་ལག་རྩལ་སྤྱོད་འགོ་ཚུགས།

        སྤྱི་ཟླ3པའི་ཚེས28ཉིན། རང་རྒྱལ་གྱི་ཆེས་ཐོག་མིའི་རང་འགུལ་ངང་བོད་ཇ་ཐོན་སྐྱེས་བྱེད་པའི་ལག་རྩལ་གཡག་རྔ་གྲོང་ཁྱེར་ཏུ་དངོས་སུ་སྤྱོད་འགོ་ཚུགས། འདི་ནི་གཡག་རྔའི་བོད་ཇའི་ལས་རིགས་གཞི་ཁྱོན་ཇེ་ཆེ་དང་ཚད་ལྡན་ཅན་དུ་འགྱུར་པའི་རྟགས་ཤིག་ཡིན་པར་མ་ཟད། ད་དུང་གཡག་རྔའི་བོད་ཇ་ཁྱབ་བསྒྲགས་གཏང་ཆེད་དང་རྒྱུ་སྤུས་ཇེ་ལེགས་སུ་འགྱུར་པར་རོགས་རམ་གྱི་ཕན་ནུས་ལྡན་པ་རེད། 

རང་རྒྱལ་གྱི་ཆེས་ཐོག་མིའི་རང་འགུལ་ངང་བོད་ཇ་ཐོན་སྐྱེས་བྱེད་པའི་ལག་རྩལ་སྤྱོད་འགོ་ཚུགས།

        བོད་ཇའི་རིག་གནས་ཕུན་སུམ་ཚོགས་པ་ལྡན་པའི་གཡག་རྔར་མིག་སྔར་བོད་ཇ་ཐོན་སྐྱེད་ཁེ་ལས8ཡོད་ལ། ལོ་རེར་རྒྱལ་ཁབ་ཀྱི་འཐབ་ཇུས་གསོག་འཇོག་ཁྲོད་ལེགས་འགྲུབ་བྱུང་བའི་ཇ་ཏུའུ1800དང་ཇའི་རྒྱུ་ཆ་ཏུའུ12700གསོག་འཇོག་བྱས་ཡོད་པ་རེད།  ཐོན་སྐྱེད་ཇུས་འགོད་པས་ངོ་སྤྲོད་བྱས་པར་ལྟར་ན།  ཐོན་སྐྱེད་ཁང་འདི་ལ་རྒྱ་ཁྱོན་གྲུ་བཞི་སྨི5000དང་མ་དངུལ་ཁྱོན་བསྡོམས་ཁྲི2000ལྷག་ཡོད་པ་རེད། ཐོན་སྐྱེད་ཁང་འདི་དང་ལག་ཤེས་པ10ཡིས་ལོ་གཅིག་ནང་བོད་ཇ་ཏུའུ500ཐོན་སྐྱེད་བྱེད་ཐུབ་ལ་སྔོན་དང་བསྡུར་ན་ལས་ཆོད་ལྡབ3ལྷག་མཐོར་འདེགས་བྱུང་ཡོད་པ་རེད།། 

རང་རྒྱལ་གྱི་ཆེས་ཐོག་མིའི་རང་འགུལ་ངང་བོད་ཇ་ཐོན་སྐྱེས་བྱེད་པའི་ལག་རྩལ་སྤྱོད་འགོ་ཚུགས།

 

  • ལེ་ཚན་སྔོན་མ།:རྒྱལ་ཡོངས་ཀྱི་དགེ་རྒན་དོ་དམ་ཆ་འཕྲིན་མ་ལག་ཁྱོན་ཡོངས་ནས་སྤྱོད་འགོ་ཚུགས་པ།
  • ལེ་ཚན་རྗེས་མ།:ཞི་ཅིན་ཕིང་གིས་སྨི་ཁེ་རོ་ན་ཞི་ཡའི་རྒྱལ་ཕྲན་མཉམ་འབྲེལ་གྱི་ཙུང་ཐུང་ཁེ་ལི་སི་ཆིང་དང་གླེང་མོལ་གནང་བ།
  • དོ་སྣང་ཆེ་བའི་རྩོམ།