སི་ཁྲོན་གྱི་འཐུས་མི་དང་ཨུ་ཡོན་དག་གི་གྲོས་གཞི་དང་ཆོད་སེམས།

        2017-03-17

སྤྱི་ཟླ་3པའི་ཚེས་15ཉིན་གྱི་ཕྱི་དྲོར། སྐབས་བཅུ་གཉིས་པའི་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་གྱི་གྲོས་ཚོགས་ཐེངས་ལྔ་པ་ཞུགས་པའི་སི་ཁྲོན་གྱི་འཐུས་མི་ཚོགས་པའི་འཐུས་མི་རྣམས་གནམ་གྲུར་བསྡད་ནས་ཕྱིར་སི་ཁྲོན་དུ་ལོག  དེ་མིན་སྔོན་ལ་རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཐེངས་ལྔ་པར་ཞུགས་པའི་སི་ཁྲོན་དུ་བཅའ་སྡོད་བྱས་པའི་རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་ཡང་ཕྱིར་སི་ཁྲོན་དུ་ལོག་པ་རེད། 
མཇུག་སྒྲིལ་མ་ཐག་པའི་སྐབས་བཅུ་གཉིས་པའི་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་གྱི་གྲོས་ཚོགས་ཐེངས་ལྔ་པའི་ཐོག   སི་ཁྲོན་གྱི་འཐུས་མི་ཚོགས་པའི་འཐུས་མིས་ནན་ཏན་གྱིས་རྣམ་གྲངས་སོ་སོའི་སྙན་ཞུ་ཁག་ལ་གྲོས་ཞིབ་བྱས་པ་དང་། ཆབ་སྲིད་ཀྱི་འགན་འཁྲི་མཐོན་པོའི་འདུ་ཤེས་བཟུང་ནས་ཁྲིམས་ལྟར་འཐུས་མིའི་འགན་འཁྲི་ལག་བསྟར་བྱས་ནས། ཚོགས་ཆེན་ལ་གྲོས་གཞི་13དང་བསམ་འཆར་351སྤྲད། དེ་མིན་རྒྱལ་ཡོངས་སྲིད་གྲོས་ཀྱི་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཐེངས་ལྔ་པའི་ཐོག་སི་ཁྲོན་དུ་བཅའ་སྡོད་བྱས་པའི་རྒྱལ་ཡོངས་སྲིད་གྲོས་ཨུ་ཡོན་རྣམས་ཀྱིས་ནན་ཏན་གྱིས་འགན་འཁྲི་ཕྲག་དུ་ཁུར་བ་དང་། ཧུར་ཐག་གིས་ཐབས་འདོན་ཇུས་འདོན་བྱས་ཏེ། ཁྱོན་བསྡོམས་གྲོས་གཞི་205ཡར་སྤྲོད་བྱས། གྲོས་གཞི་དང་གྲོས་འགོ་འདི་དག་ཚང་མ་སི་ཁྲོན་འཕེལ་རྒྱས་དང་དམངས་འཚོ་བདེ་འགོད་ལ་འབྲེལ་བ་དམ་ཟབ་ཡོད་པས། གྲོས་གཞི་འགའ་རེ་ལ་གདེང་འཇོག་ཚད་མཐོན་པོ་གནང་།
        འཐུས་མི་དང་ཨུ་ཡོན་རྣམས་ཀྱིས་ལས་གནས་སུ་ཕེབས་རྗེས་དུས་ཐོག་དུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སྐབས་བཅུ་གཉིས་པའི་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་གྱི་གྲོས་ཚོགས་ཐེངས་ལྔ་པར་ཞུགས་པའི་སི་ཁྲོན་གྱི་འཐུས་མི་ཚོགས་པའི་གྲོས་ཞིབ་ནང་བཞུགས་སྐབས་སུ་གནང་བའི་གསུངས་བཤད་གལ་ཆེན་དང་རྒྱལ་ཡོངས་ཚོགས་ཆེན་གཉིས་ཀྱི་དགོངས་དོན་དྲིལ་བསྒྲགས་དང་ལག་བསྟར་བྱ་རྒྱུ་ཡིན་ལ། རང་འགན་ཁུར་ལེན་དང་ཧུར་ཐག་འབད་ཐག་བྱས་ནས་སི་ཁྲོན་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་སུ་འགྲོ་བར་བྱས་རྗེས་གསར་པ་འཇོག་རྒྱུ་ཡིན་པའི་ཆོད་སེམས་བསྟན།། 


  • ལེ་ཚན་སྔོན་མ།:རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གཉིས་པའི་ཚོགས་འདུ་ཐེངས་ལྔ་པ་གྲོལ་བ།
  • ལེ་ཚན་རྗེས་མ།:འབད་འཐབ་ལ་བརྟེན་ནས་འགན་འཁྲི་སྒྲུབ། དངོས་སྒྲུབ་ལ་བརྟེན་ནས་ཕུགས་འདུན་མངོན།
  • དོ་སྣང་ཆེ་བའི་རྩོམ།