མི་དམངས་དྲ་བ། 2017-03-15
ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། རྒྱལ་ཡོངས་ཀྱི་ཤིང་འཛུགས་དུས་ཆེན་ཐེངས39པའི་ཉིན་མོར་ཉིང་ཁྲི་གྲོང་ཁྱེར་གྱིས་ཀྲུང་དབྱང་དང་རང་སྐྱོང་ལྗོངས། གྲོང་ཁྱེར་བཅས་ཀྱི་ཐད་གཏོགས་ལས་ཁུངས་དང་བཅའ་སྡོད་དཔུང་སྡེའི་དཔོན་དམག སློབ་གྲྭ་འབྲིང་ཆུང་གི་སློབ་མ་ཁ་ཅིག་སོགས་སྒྲིག་འཛུགས་བྱས་ནས་བྲག་ཡིབ་ཆུས་གོང་གྲོང་གྲོང་ཚོ་དང་ཡུལ་མཇུག་ཁུལ་དུ་འོས་འགན་ཤིང་འཛུགས་བྱེད་སྒོ་སྤེལ་བ་རེད།
ངོ་སྤྲོད་བྱས་པར་གཞིགས་ན། ད་ལོ་ཉིང་ཁྲིས་ནགས་བཟོ་མུའུ་ཁྲི་ཚོ10ཡན་བྱེད་རྒྱུ་མ་ཟད་མ་དངུལ་སྒོར་དུང་ཕྱུར1.4བཏང་ནས་སྐྱེ་ཁམས་སྡོང་ཕྲུག་སོན་བཟང་རྟེན་གཞི་མུའུ་ཁྲི1ལྷག་སྐྲུན་ཏེ། ལོ་གསུམ་ནས་ལྔའི་བར་ནང་ཚུན་དུ་ཉིང་ཁྲི་དེ་ཉིད་ལྗོངས་ཡོངས་ཀྱི་སྡོང་ཕྲུག་ཚན་རིག་ཞིབ་འཇུག་དང་འདེབས་འཛུགས་དཔེ་སྟོན་རྟེན་གཞི། གྲོང་ཁྱེར་སྔོ་ལྗང་ཅན་གྱི་སྡོང་ཕྲུག་མཁོ་སྤྲོད་རྟེན་གཞིར་གཏོད་ཐུབ་པ་བྱེད་རྒྱུ་རེད།
བསྡོམས་རྩིས་ལ་གཞིགས་ན། ཤིང་འཛུགས་དུས་ཆེན་ཉིན་མོར་ཉིང་ཁྲི་གྲོང་ཁྱེར་གྱིས་མི3000ལྷག་སྒྲིག་འཛུགས་བྱས་ནས་མུའུ432ཀྱི་སར་རྒྱ་ལྕང་དང་ཧྭ་ཧྲན་གསོམ་ཤིང་སོགས་སྡོང་ཕྲུག་རྐང14800ལྷག་བཙུགས་ཡོད་པ་རེད། །
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10