སྐལ་ཐུབ་ཀྱིས་བསྒྱུར། 2020-01-16
ཀྲུང་དབྱང་དྲིལ་བསྒྲགས་པུའུ་དང་། ཀྲུང་དབྱང་དཔལ་ཡོན་གཞུང་ལས་ཁང་། རྒྱལ་ཁབ་འཕེལ་རྒྱས་བཅོས་བསྒྱུར་ཨུ་ལྷན། སློབ་གསོ་པུའུ། ཚན་རྩལ་པུའུ། ཁྲིམས་འཛིན་པུའུ། ཞིང་ལས་ཞིང་སྡེ་པུའུ། རིག་གནས་ཡུལ་སྐོར་པུའུ། རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ལྷན། རྒྱལ་ཁབ་རྒྱང་སྒྲོག་སྤྱི་ཁྱབ་ཅུས། རྒྱལ་སྲིད་སྤྱི་ཁྱབ་ཁང་དབུལ་སྐྱོར་གཞུང་ལས་ཁང་། གུང་གཞོན་ཚོགས་པ་ཀྲུང་དབྱང་། རྒྱལ་ཡོངས་བུད་མེད་མཉམ་འབྲེལ་ལྷན་ཚོགས། ཀྲུང་གོ་རིག་རྩལ་ལྷན་ཚོགས། ཀྲུང་གོ་ཚན་རིག་ལག་རྩལ་མཐུན་ཚོགས་བཅས་ཉེ་ཆར་མཉམ་འབྲེལ་བྱས་ནས་བརྡ་ཐོ་བཀྲམས་ཏེ། ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་སྙིང་དོན་སློབ་སྦྱོང་ལག་ལེན་ནན་ཏིག་བྱེད་པ་དང་། རིག་གནས་དང་ཚན་རྩལ། འཕྲོད་བསྟེན་བཅས་གཞི་རིམ་དུ་སྤེལ་བའི་ཟོང་རྟགས་ཕན་འབྲས་དང་དཔེ་སྟོན་བྱེད་ནུས་འདོན་སྤེལ་གང་ལེགས་བྱས་ཏེ། སྤྱི་ཚོགས་ཀྱི་སྟོབས་ཤུགས་ཁག་སྐུལ་སློང་བྱས་ནས་དུས་རབས་གསར་པའི་ཞིང་གསུམ་ལས་དོན་ཁྲོད་དུ་ཧུར་ཐག་གིས་ཞུགས་པ་དང་། རྒྱ་ཆེ་བའི་ཞིང་པ་མང་ཚོགས་ཀྱི་ཧུར་བརྩོན་རང་བཞིན་དང་མ་བསྐུལ་དང་ལེན་གྱི་རང་བཞིན། གསར་སྐྲུན་རང་བཞིན་བཅས་སློང་བ་དང་། དབུལ་ཐར་འགག་སྒྲོལ་སྤུས་ཚད་མཐོན་པོས་བྱེད་ཐུབ་པ་བྱས་ཏེ་འབྱོར་འབྲིང་སྤྱི་ཚོགས་ཁྱོན་ཡོངས་ནས་སྐྲུན་ཐུབ་པ་རྒྱལ་ཁ་ཕུ་ཐག་ཆོད་པ་བླང་བ། གྲོང་སྡེ་དར་རྒྱས་གཏོང་བའི་འཐབ་ཇུས་ཁྱོན་ཡོངས་ནས་ལག་ལེན་བྱས་ཏེ་ཞིང་ལས་དང་ཞིང་སྡེ་དེང་རབས་ཅན་སྐུལ་འདེད་མགྱོགས་སུ་གཏང་དགོས་པའི་བླང་བྱ་བཏོན་པ་རེད།
2020ལོའི་རིག་གནས་དང་ཚན་རྩལ། འཕྲོད་བསྟེན་བཅས་གཞི་རིམ་དུ་སྤེལ་བའི་བྱེད་སྒོ་སྤེལ་བར། ཞིང་ལས་དང་ཞིང་སྡེ་དམིགས་སུ་བཀར་ནས་འཕེལ་རྒྱས་གཏང་དགོས་པའི་སྤྱི་ཁྱབ་བྱེད་ཕྱོགས་རྒྱུན་འཁྱོངས་བྱེད་ཅིང་། འབྱོར་འབྲིང་སྤྱི་ཚོགས་ཁྱོན་ཡོངས་ནས་སྐྲུན་ཐུབ་པར་ཞིང་གསུམ་ལས་དོན་ཐད་ངེས་པར་དུ་སྒྲུབ་ཐུབ་དགོས་པའི་ལས་འགན་ལྡོག་མེད་ཀྱི་དམིགས་ཚད་དང་བསྡུར་ནས། གྲོང་སྡེ་དར་རྒྱས་གཏོང་བའི་འཐབ་ཇུས་ཁྱོན་ཡོངས་ནས་ལག་ལེན་བྱ་རྒྱུ་དེས་གཞི་འཛིན་སར་བྱེད་ཅིང་། དུས་རབས་གསར་པའི་དཔལ་ཡོན་ལག་ལེན་ལྟེ་གནས་འཛུགས་སྐྱོང་བྱེད་པའི་ལས་དོན་ཟབ་སྤེལ་རྒྱ་སྐྱེད་གཏོང་བས་གཞི་སྟེགས་བྱས་ཏེ། ཞིང་སྡེ་དང་དར་རྒྱས་ཅུང་ཞན་པའི་ས་ཁུལ་ལ་རོགས་སྐྱོར་བྱེད་ཤུགས་ཆེ་རུ་ཧུར་ཐག་གཏོང་བ་དང་། རྩ་བ་བརྟན་པོར་ཚུགས་པ་དང་མཐུན་རྐྱེན་གང་ལེགས་འདོན་པ། གཙོ་གནད་དམ་འཛིན་བྱེད་པ། ཞན་ཆ་ཁ་གསབ་བྱེད་པ། མི་འདང་སར་ཤུགས་རྒྱག་པ་བྱས་ཏེ། མི་སྣ་དཔུང་སྡེ་དང་ལས་གཞི་སྟེགས་བུ། མ་རྩ་ལས་གཞི་བཅས་སྡེབ་བསྒྲིལ་ལུགས་མཐུན་བྱེད་ཅིང་། གཅིག་སྡུད་རང་བཞིན་དང་དཔེ་སྟོན་རང་བཞིན་གྱི་བྱེད་སྒོ་དང་རྒྱུན་རྣམ་ཅན་དང་ལམ་ལུགས་ཅན་གྱི་འགན་སྲུང་ཟུང་དུ་སྦྲེལ་ཏེ། དབུལ་ཐར་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་སྐྱེད་གཏོང་བ་དང་། ལྟོས་བཅས་དབུལ་ཕོངས་ཀྱི་གནད་དོན་ཐག་གཅོད་བྱེད་པའི་ཡུན་ཕན་ནང་སྲོལ་འཛུགས་པ་དང་། རྒྱ་ཆེ་བའི་ཞིང་པ་མང་ཚོགས་འབྱོར་འབྲིང་སྤྱི་ཚོགས་ཁྱོན་ཡོངས་ནས་སྐྲུན་ཐུབ་པ་རྒྱལ་ཁ་ཕུ་ཐག་ཆོད་པ་བླང་བ་དང་། གྲོང་སྡེ་དར་རྒྱས་ཁྱོན་ཡོངས་ནས་གཏོང་བ། དུས་རབས་གསར་པའི་ཞིང་གསུམ་ལས་དོན་གྱི་གནས་བབ་གསར་པ་གཏོད་པ་བཅས་ཀྱི་ཁྲོད་དུ་ཧུར་ཐག་གིས་ཞུགས་པར་སྐུལ་སློང་དང་བརྩོན་བསྐུལ་བྱ་དགོས།
བརྡ་ཐོའི་ནང་དུ་བླང་བྱ་བཏོན་དོན། ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་སྙིང་དོན་སློབ་སྦྱོང་ལག་ལེན་བྱེད་པར་དམིགས་ནས་རིགས་གཞུང་གཞི་རིམ་དུ་སྤེལ་བ་དང་། རིགས་གཞུང་སྒྲོག་འགྲེལ་དང་སྲིད་ཇུས་གསེད་བཀྲོལ། ལག་ལེན་བྱེད་སྒོ་བཅས་རྒྱ་ཁྱབ་ཏུ་སྤེལ་ནས། རྒྱ་ཆེ་བའི་ཞིང་སྡེར་སློབ་སྦྱོང་དང་དྲིལ་བསྒྲགས་ཀྱི་ཁོར་ཡུག་བཟང་པོ་ཞིག་བསྐྲུན་དགོས། དུས་རབས་གསར་པའི་དཔལ་ཡོན་ལག་ལེན་ལྟེ་གནས་འཛུགས་སྐྱོང་བྱེད་པའི་ལས་དོན་ཟབ་སྤེལ་རྒྱ་སྐྱེད་གཏོང་བར་དམིགས་ནས་དཔལ་ཡོན་གཞི་རིམ་དུ་སྤེལ་བ་དང་། ཞིང་པ་མང་ཚོགས་ཀྱིས་རང་རྟོགས་སྒོས་མི་སྒེར་གྱི་བདེ་སྐྱིད་དེ་རྒྱལ་ཁབ་ཀྱི་འཕེལ་རྒྱས། མི་རིགས་ཀྱི་ཕུགས་འདུན་དང་འབྲེལ་བ་བྱེད་ཅིང་། ངལ་རྩོལ་བདེན་པ་བདེན་ཐུབ་བྱེད་པ་དང་འབད་འཐབ་ལྷོད་མེད་བྱས་ནས་རང་གི་ལག་ཟུང་ལ་བརྟེན་ནས་བདེ་སྐྱིད་ཀྱི་འཚོ་བ་བསྐྲུན་དགོས་པར་སྣེ་ཁྲིད་བྱ་དགོས། དབུལ་ཐར་འགག་སྒྲོལ་སྤུས་ཚད་མཐོན་པོས་བྱེད་ཐུབ་པར་དམིགས་ནས་ཞབས་ཞུ་གཞི་རིམ་སྤེལ་བ་དང་། ཞིང་པས་ཚན་རྩལ་ལ་བརྟེན་ནས་ཕྱུག་འགྱུར་ཡོང་བའི་ནུས་པ་ཆེ་རུ་གཏོང་བ་དམིགས་འབེན་དུ་བྱེད་ཅིང་། ས་གནས་དབུལ་ཕོངས་དང་རྨང་གཞི་ཞན་པའི་ས་ཁུལ་གཙོ་གནད་དུ་བཟུང་ནས། ཐོན་ཁུངས་དང་ཤེས་ལྡན་མི་སྣ། ཞབས་ཞུ་བཅས་གཞི་རིམ་དུ་ཕྱོགས་པར་སྣེ་ཁྲིད་བྱ་དགོས། ལམ་ལུགས་དང་ནང་སྲོལ་འཛུགས་ཤུགས་ཆེ་རུ་གཏོང་བར་དམིགས་ནས། རིམ་ཁག་རིགས་ཁག་གི་ཤེས་ལྡན་མི་སྣ་ཞིང་སྡེར་སྐྱོད་པའི་རྒྱུན་རྣམ་ཅན་དང་ལམ་ལུགས་ཅན་གྱི་ལས་དོན་ནང་སྲོལ་འཛུགས་གང་ཐུབ་བྱེད་པ་དང་། ཞིང་སྡེར་ལེ་ཧྥེང་ལ་སློབ་སྦྱོང་བྱེད་པའི་དང་བླངས་ཞབས་ཞུ་ལམ་ལུགས་ཅན་དང་རྒྱུན་རྣམ་ཅན་དུ་སྐུལ་འདེད་གཏོང་ཞིང་། ལས་སྟེགས་དང་ལས་ཡུལ་གྱི་ཐོན་ཁུངས་སྡེབ་བསྒྲིལ་བྱེད་ཤུགས་ཆེ་རུ་བཏང་སྟེ། དུས་རྒྱུན་པར་གཞི་རིམ་དུ་སྐྱོད་པ་དང་ནམ་རྒྱུན་གཞི་རིམ་དུ་ཡོད་པ་མངོན་འགྱུར་ཡོང་བར་བྱ་དགོས།།
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10