བོད་ལྗོངས་འཕྲིན་དྲ། 2017-03-10
ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་བའི་ལོ་རིང༌། ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་ཀྱིས་གཞོན་ནུ་ལོ་ཆུང་གི་བདེ་ཐང་འཚར་ལོངས་གནད་དོན་ལ་མཐོང་ཆེན་པོ་བྱས་ཏེ། བྱ་ཐབས་སྣ་ཚོགས་བཟུང་སྟེ་རྒྱ་ཆེའི་གཞོན་ནུ་ལོ་ཆུང་ཚོར་སློབ་སྦྱོང་དང་འཚར་ལོངས་གང་ལེགས་ཐུབ་པའི་སྟེགས་བུ་མང་དག་ཞིག་བསྐྲུན་ཡོད། ཤེས་རྟོགས་བྱས་པར་གཞིགས་ན། དེང་སྐབས་ཁྲེང་ཀོན་ཆུས་སུ་གྲོང་མིའི་སློབ་གྲྭ16དང་གུང་གཞོན་ཚོགས་མིའི་བྱེད་སྒོ་ཁང24སེམས་ཁམས་བློ་འདྲི་ཁང3།གཞོན་ནུ་ལོ་ཆུང་གི་ཁྱིམ་ཚང6། གཞོན་ནུ་ལོ་ཆུང་གི་ཕྱོགས་བསྡུས་ཞབས་ཞུའི་སྟེགས་བུ3 བཅས་བཙུགས་ཡོད་པ་རེད། །
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10