སྨན་བཅོས་འགན་སྲུང་གི་དཀར་ཆག་ནང་བྱིས་པའི་སྨན་སྣ91བསྣན་པ།

    མཚོ་སྔོན་སྲིད་གཞུང་དྲ་བ།    2017-03-01

མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་པུའུ་ཡིས་2017ལོའི་རྒྱལ་ཁབ་ཀྱི་གཞི་རྩའི་སྨན་བཅོས་ཉེན་འགོག་འགན་ལེན་དང་། ལས་བཟོ་བའི་རྨས་སྐྱོན་ཉེན་འགོག་འགན་ལེན། སྦྲུམ་སྐྱེས་ཉེན་འགོག་འགན་ལེན་བཅས་ལ་བཀོལ་བའི་སྨན་རྫས་ཀྱི་དཀར་ཆག་དེ་ཉེ་ལམ་ཁྱབ་བསྒྲགས་བྱས་འདུག དེའི་ནང་ནུབ་ལུགས་སྨན་རྫས་དང་། ཀྲུང་ལུགས་སྨན་རྫས་ཀྱི་སྨན་སྣ2535འདུས་ལ། 2009ལོའི་དཀར་ཆག་དང་བསྡུར་ན་སྨན་སྣ་གསར་བ339བསྣན་ཡོད་པ་དང་། འཕར་ཚད15.4%རེད། ཐེངས་འདིའི་སྙོམ་སྒྲིག་ནང་ལས་བཟོ་བའི་རྨས་སྐྱོན་ཉེན་འགོག་ཐད་ཀྱི་སྨན་དང་། བྱིས་པའི་སྨན། གསར་བྱུང་གི་སྨན། ནད་ལྕི་མོའི་རིགས་ཀྱི་སྨན། མི་རིགས་ཀྱི་སྨན་བཅས་ལ་དང་དོད་དང་རྒྱབ་སྐྱོར་བྱས་འདུག
ཤེས་གསལ་ལྟར་ན། གཞི་རྩའི་སྨན་བཅོས་ཉེན་འགོག་འགན་ལེན་གྱི་ལམ་ལུགས་བཙུགས་པའི་ཚུན་ལ། སྨན་རྫས་དཀར་ཆག་ཐེངས་གསུམ་ལ་བཀྲམས་མྱོང་བ་ནི2000ལོ་དང་། 2004ལོ། 2009ལོ་བཅས་རེད། ད་སྔ་ལག་བསྟར་བྱེད་པ་ནི་2009ལོའི་རྒྱལ་ཁབ་ཀྱི་སྨན་བཅོས་འགན་ལེན་གྱི་སྨན་རྫས་དཀར་ཆག་ཡིན་ཞིང་། དེའི་ནང་སྨན་སྣ2196འདུས་པ་ལས་ནུབ་ལུགས་སྨན་སྣ1164དང་། ཀྲུང་ལུགས་སྨན་སྣ1032བཅས་ནད་ཐོག་སྨན་བཅོས་ཐད་བཀོལ་བྱའི་སྨན་རྫས་ཅུང་མང་བ་དང་། འགན་ལེན་ནང་ཞུགས་མཁན་གྱི་སྨན་གྱི་དགོས་མཁོ་མང་ཤོས་བསྐངས་ཐུབ་ཡོད། ཡིན་ན་ཡང་སྨན་རྫས་ཀྱི་དཀར་ཆག་ཡུན་རིང་ཞིག་ལ་སྙོམ་སྒྲིག་མ་བྱས་རྐྱེན་དཀར་ཆག་ནང་མེད་པའི་སྨན་རྫས་ཀྱི་གྲོན་དངུལ་ཁུར་བོ་ཅུང་ལྕི་བ་དང་། ནད་ཐོག་སྨན་བཅོས་ཀྱི་དགོས་མཁོ་དང་མི་འཚམ་པ། སྨན་རྫས་གསར་བ་དཀར་ཆག་ནང་བཅུག་ཐུབ་མེད་པ་ལ་སོགས་ཀྱི་གནད་དོན་རིམ་བཞིན་མངོན་གསལ་དུ་གྱུར་བར་བརྟེན་སྨན་རྫས་དཀར་ཆག་གསར་བ་འདི་བཟོ་དགོས་བྱུང་བ་རེད།
 ཐེངས་འདིའི་དཀར་ཆག་བཟོ་བའི་གོ་རིམ་ཁྲོད་ཆེད་མཁས་པས་དཔྱད་ཞིབ་དང་སྦྲགས་ནས་སྨན་སྣ45གྲོས་བསྡུར་བྱེད་རིན་ཡོད་པའི་སྨན་རྫས་སུ་གཏན་འཁེལ་བྱས། སྨན་རྫས་དེ་དག་ལས་མང་ཤོས་འབྲས་སྐྲན་ལ་དམིགས་གཏད་པའི་སྨན་རྫས་ཏེ། གློ་སྐྲན། ཕོ་བའི་འབྲས་སྐྲན། མདུད་གཞང་དཀར་ནག་གི་འབྲས་སྐྲན་སོགས་རྒྱུན་མཐོང་གི་འབྲས་སྐྲན་འཇོམས་བྱེད་ཀྱི་སྨན་རེད། གཞན་དག་ཀླད་སྙིང་ཁྲག་རྩའི་ནད་དང་། ནད་རིགས་ཡ་མཚན་ཅན། གཅིན་པ་མངར་འགྱུར་ནད་སོགས་ནད་ལྕི་མོའི་ཕྱོགས་ཀྱི་སྨན་རྫས་རེད།


  • ལེ་ཚན་སྔོན་མ།:ཀྲུང་གུང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས«གནས་བབ་གསར་བའི་འོག་ཏུ་མཐོ་རིམ་སློབ་གྲྭའི་བསམ་བློ་ཆབ་སྲིད་བྱ་བར་ཤུགས་སྣོན་དང་ལེགས་སྒྱུར་བྱེད་པའི་སྐོར་གྱི་བསམ་འཆར
  • ལེ་ཚན་རྗེས་མ།:རྒྱལ་ཡོངས་ཚོགས་ཆེན་གཉིས་སྤྱི་ཟླ3ཚེས3ཉིན་དང་ཚེས5ཉིན་ལ་འཚོག་འགོ་ཚུགས་རྒྱུ་ཡིན་པ།
  • དོ་སྣང་ཆེ་བའི་རྩོམ།