2017-02-16
ཟླ་བ2པའི་ཚེས12ཉིན། ཡུན་ནན་ཞིང་ཆེན་ཁྲུའུ་ཞུང་དབྱིས་རིགས་རང་སྐྱོང་ཁུལ་ཡུང་རིང་རྫོང་གི་ཤང་དང་གྲོང་རྡལ་ཁག་ནས་ཡོང་བའི་བུད་མེད་ཚོས་དབྱིས་རིགས་ཀྱི་གཟབ་འཆོར་སྤྲས་ནས་སྐབས་དགུ་པའི་པད་རྫིང་དབྱིས་རིགས་མེ་ཏོག་འཚེམ་དྲུབ་དུས་ཆེན་ཐོག་སླེབས་པ་རེད། ཉེ་བའི་ལོ་ཤས་རིང་། ཡུང་རིང་རྫོང་གིས་སྲོལ་རྒྱུན་གྱི་དབྱིས་རིགས་འཚེམ་དྲུབ་ཐོན་རྫས་གཞི་ཁྱོན་ཅན་དུ་འཕེལ་རྒྱས་གཏོང་བར་རྒྱབ་སྐྱོར་ཤུགས་ཆེན་བྱས་ཤིང་དབྱིས་རིགས་ཀྱི་འཚེམ་དྲུབ་ཐོན་རྫས་རྒྱལ་ཕྱི་ནང་ལ་བྲིན་འཚོང་བྱུང་བས་ས་གནས་དེ་གའི་དབྱིས་རིགས་མང་ཚོགས་དབུལ་ཐར་ཡོང་འཕར་བྱུང་བ་རེད། པར་ཚན་པ་འདི་ནི་གཟབ་འཆོར་སྤྲས་པའི་དབྱིས་རིགས་བུད་མེད་དང་ཡུང་ཡུང་རིང་རྫོང་དབྱིས་རིགས་མེ་ཏོག་འཚེམ་དྲུབ་དུས་ཆེན་ལ་ཡོང་བའི་འགྲུལ་པ་ཚོས་དབྱིས་རིགས་ཀྱི་འཚེམ་དྲུབ་རྒྱན་ཆས་འདེམས་ཉོ་བྱེད་པའི་ཚུལ་རེད།
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10