གཟའ་འཁོར་གཅིག་རིང་གི་རྒྱལ་སྤྱིའི་གསར་འགྱུར།

    མི་དམངས་དྲ་བ།    2019-12-17

ཡོ་རོབ་མནའ་འབྲེལ་གྱི་དགུན་དུས་དབུ་ཚོགས།
     འདི་ནི་ཟླ་12ཚེས་13ཉིན་པེར་ཀྲེམ་པུ་རུ་སེར་དུ་གནས་པའི་ཡོ་རོབ་མནའ་འབྲེལ་སྤྱི་ཁྱབ་པུའུ་རུ་པར་བླངས་པའི་ཡོ་རོབ་མནའ་འབྲེལ་གྱི་དགུན་དུས་དབུ་ཚོགས་ཀྱི་ཉིན་གཉིས་པའི་ཚོགས་རའི་ཡུལ་དངོས་ཡིན་པ་རེད།

     མི་དམངས་དྲ་བའི་འཕྲིན། ཡོ་རོབ་མནའ་འབྲེལ་གྱི་དགུན་དུས་དབུ་ཚོགས་ཟླ་12ཚེས་12ནས་13ཉིན་བར་པེར་ཀྲེམ་པུ་རུ་སེར་དུ་འཚོགས་པ་རེད།

ཨེ་ཅིབ་ཀྱི་སྲིད་འཛིན་རྒྱལ་ས་གསར་པའི་འཛུགས་སྐྲུན་རྣམ་གྲངས། 
     འདི་ནི་ཟླ་12ཚེས་10ཉིན་ཨེ་ཅིབ་ཀྱི་སྲིད་འཛིན་རྒྱལ་ས་གསར་པའི་ཀྲུང་དབྱང་ཚོང་དོན་ཁུལ་གྱི་རྣམ་གྲངས་ལས་ཡུལ་དུ་པར་བླངས་པའི་འཛུགས་སྐྲུན་ཁྲོད་ཀྱི་མཚོན་རྟགས་མཆོད་རྟེན་ཡིན་པ།
     ཀྲུང་གོ་ཨར་སྐྲུན་མ་རྐང་ཚད་ཡོད་ཀུང་སིའི་ཨེ་ཅིབ་ཡན་ལག་ཀུང་སིས་ཚེས་10ཉིན་དེས་སྐྲུན་འགན་འཁུར་བའི་ཨེ་ཅིབ་ཀྱི་སྲིད་འཛིན་རྒྱལ་ས་གསར་པའི་ཀྲུང་དབྱང་ཚོང་དོན་ཁུལ་གྱི་རྣམ་གྲངས་ལས་ཡུལ་དུ་སྒོ་དབྱེའི་ཉིན་མོའི་བྱེད་སྒོ་སྤེལ་བ་རེད།

“ནུའོ་མན་ཏིའི་རྣམ་པའི”དབུ་ཚོགས།
     ཟླ་12ཚེས་9ཉིན། ཧྥ་རན་སེའི་ཕ་རི་སི་རུ(གཡོན་ནས་གཡས་སུ)ཨུ་རུ་སུའི་ཙུང་ཐུང་ཕུའུ་ཅིང་དང་། ཧྥ་རན་སེའི་ཙུང་ཐུང་མ་ཁེ་ལུང་། འཇར་མན་གྱི་ཙུང་ལི་མོ་ཁེར་དང་ཝུའུ་ཁོ་ལན་གྱི་ཙུང་ཐུང་ཙེ་ལན་སི་ཅི་བཅས་རྒྱལ་ཁབ་བཞིའི་དབུ་ཚོགས་ལ་ཞུགས་པ་རེད།

     “ནོ་མན་ཏི་རྣམ་པའི”རྒྱལ་ཁབ་བཞིའི་དབུ་ཚོགས་ཚེས་9ཉིན་ཧྥ་རན་སེའི་ཕ་རི་སི་རུ་འཚོགས་པ་དང་། ཧྥ་རན་སེ་དང་། ཨུ་རུ་སུ། འཇར་མན། ཝུའུ་ཁོ་ལན་བཅས་རྒྱལ་ཁབ་བཞིའི་འགོ་ཁྲིད་ཚོགས་འདུར་ཞུགས་ཡོད་ལ། དེའི་དམིགས་ཡུལ་ནི་ཝུའུ་ཁོ་ལན་ཤར་རྒྱུད་ཀྱི་གདོང་ཐུག་ཐག་གཅོད་བྱེད་ཐབས་གྲོས་མོལ་བྱེད་ཆེད་རེད། དབུ་ཚོགས་ཐོག་ཐུན་མོང་གི་གསལ་བསྒྲགས་སྤེལ་ནས་མིང་སི་ཁོའི་དམག་མཚམས་འཇོག་རྒྱུའི་གྲོས་མཐུན་ཕྱོགས་ཡོངས་ནས་དོན་འཁྱོལ་བྱེད་དགོས་པའི་ནན་བཤད་བྱས་པ་རེད།

“མེང་ཞང”དང་“མེང་ཡོན” 
     འདི་ནི་ཟླ་12ཚེས་9ཉིན་འཇར་མན་པེར་ལིན་སྲོག་ཆགས་གླིང་ག་ནས་པར་བླངས་པའི་དོམ་ཁྲ་མཚེ་མ“མེང་ཞང”(གཡས)དང“མེང་ཡོན”ཡིན།
     འཇར་མན་པེར་ལིན་སྲོག་ཆགས་གླིང་གར་སྐྱེས་ནས་ཉིན་བརྒྱ་ལོན་པའི་དོམ་ཁྲ་མཚེ་མར“མེང་ཞང”དང་“མེང་ཡོན”(ཕུགས་བསམ་དང་བསམ་དོན་འགྲུབ་པའི་དོན་)ཞེས་དངོས་སུ་མིང་བཏགས་པ་རེད།

ཇོང་སིན་གྱིས་དབྱིན་ཇིའི་དབུ་བཞུགས་བློན་ཆེན་གྱི་འགན་བཞེས་པ། 
     ཟླ་12ཚེས་13ཉིན། དབྱིན་ཇིའི་ལུན་ཏུན་དུ་དབྱིན་ཇིའི་དབུ་བཞུགས་བློན་ཆེན། རྙིང་ཞེན་ཏང་གི་གཙོ་འཛིན་པའོ་ལི་སི་ཇོང་སིན་ཐང་ཉིང་ཁྲོམ་གཞུང་གི་ཨང་10པའི་དབུ་བཞུགས་བློན་ཆེན་གྱི་སྡོད་ས་ནས་ཞལ་གྱེས་ཏེ་པའོ་ཁེན་ཧམ་ཕོ་བྲང་དུ་ཕེབས་པ་རེད།

     རྙིང་ཞེན་ཏང་གི་གཙོ་འཛིན་པའོ་ལི་སི་ཇོང་སིན་གྱིས་ཚེས་13ཉིན་རྙིང་ཞེན་ཏང་གི་སྣེ་ཁྲིད་དེ་དབྱིན་ཇིའི་གྲོས་ཁང་འོག་མའི་འདེམས་བསྐོ་ཐོབ་རྗེས་དབྱིན་ཇིའི་དབུ་བཞུགས་བློན་ཆེན་གྱི་ལས་འགན་དངོས་སུ་བཞེས་པ་རེད། ཇོང་སིན་དེ་ཉིན་སྔར་སྲོལ་ལྟར་པའོ་ཁེན་ཧམ་ཕོ་བྲང་དུ་ཕེབས་ནས་དབྱིན་ཇིའི་རྒྱལ་མོ་དབྱི་ལི་ས་པའེ་སྐུ་ཕྲེང་གཉིས་པའི་གདན་ཞུས་ལྟར་སྐབས་གསར་པའི་ནང་བློན་ཁང་བཙུགས་པ་རེད།

འོད་ཤུགས་གློག་ཁང་དངོས་སུ་གཉེར་འགོ་ཚུགས་པ།  
     འདི་ནི་ཟླ་12ཚེས་13ཉིན་པར་བླངས་པའི་ཁེན་ནི་ཡའི་ཅ་ལི་སཱ་ཀྲའོ་ཝ་50ཡི་འོད་ཤུགས་གློག་ཁང་ཡིན། 
     ཀྲུང་གོའི་ཁེ་ལས་ཀྱིས་སྐྲུན་འགན་འཁུར་བའི་ཨ་ཧྥེ་རི་ཁ་ཤར་མའི་འོད་ཤུགས་གློག་ཁང་ཆེ་ཤོས་ཁེན་ནི་ཡའི་ཅ་ལི་ས་ཀྲའོ་ཝ་50ཡི་འོད་ཤུགས་གློག་ཁང་ཚེས་13ཉིན་དངོས་སུ་གཉེར་སྐྱོང་བྱེད་འགོ་ཚུགས་པ་རེད། ཁེན་ནི་ཡའི་ཙུང་ཐུང་ཁེན་ཡ་ཐ་ཡིས་གཉེར་སྐྱོང་བྱེད་འགོ་ཚུགས་པའི་མཛད་སྒོའི་ཐོག་ཤིས་ཚིག་སྒྲོན་སྐབས། གློག་ཁང་དེས་ཅ་ལི་སར་གློག་བརྟན་པོ་མཁོ་འདོན་བྱས་ནས་ས་གནས་དེ་གའི་དཔལ་འབྱོར་འཕེལ་རྒྱས་ལ་རམ་འདེགས་བྱ་རྒྱུ་རེད་ཅེས་བརྗོད་པ་རེད།

མེ་ཤུགས་གློག་འདོན་འཕྲུལ་ཚན། 
     འདི་ནི་ཟླ་12ཚེས་13ཉིན་ཧིན་རྡུ་ཉི་ཞི་ཡའི་དབན་ཏན་ཞིང་ཆེན་ཞིས་ལེང་ས་ཁུལ་དུ་པར་བླངས་པའི་ཀྲ་ཝ་ཨང་7པའི་རྣམ་གྲངས་ཀྱི་རྡོ་སོལ་གཤོ་སའི་གྲུ་ཁ་ཡིན།

     རྒྱལ་ཁབ་ནུས་རྒྱུ་སྡེ་ཚོགས་ཀྱིས་ཚེས་13ཉིན་རྒྱལ་ཁབ་ཀྱི་གོ་ཧྭ་ཧིན་རྡུ་ཉི་ཞི་ཡའི་ཀྲ་ཝ་ཨང་7པའི་གློག་འདོན་ལས་གྲྭའི་འཕྲུལ་ཚན་1པོ་དངོས་སུ་ཐོན་སྐྱེད་བྱེད་འགོ་ཚུགས་པ་ཁྱབ་བསྒྲགས་བྱས་པ་རེད། ཤེས་རྟོགས་བྱུང་བར་གཞིགས་ན། དེ་ནི་ཀྲུང་གོའི་ཁེ་ལས་ཀྱིས་ཕྱི་རྒྱལ་དུ་མ་འཇོག་བྱས་ནས་བསྐྲུན་པའི་འཕྲུལ་འཁོར་རྐྱང་པའི་ཤོང་ཚད་ཆེ་ཤོས་དང་རང་བདག་ཤེས་བྱའི་བདག་དབང་ཡོད་པའི་མེ་ཤུགས་གློག་འདོན་གྱི་འཕྲུལ་ཚན་ཡིན་པ་རེད།

  • ལེ་ཚན་སྔོན་མ།:པདྨ་ཚེ་བརྟན་གྱི་གློག་བརྙན་འདིར་ཡང་བྱ་དགའ་ཆེན་པོ་ཐོབ་འདུག
  • ལེ་ཚན་རྗེས་མ།:ནགས་ཕག་མཚོར་དགུན་དུས་བྱ་ལ་ལྟ་བའི་དུས་ཡག་ཤོས་ཤར་བ།
  • དོ་སྣང་ཆེ་བའི་རྩོམ།