གངས་ལྗོངས་ཉི་གཞོན་དྲ་བ། 2017-01-03
སྤྱི་ལོ2017ལོའི་ལས་ཞུགས་རོགས་སྐྱོར་བྱེད་པའི་ཟླ་བའི་ཆེད་དོན་བྱེད་སྒོ་དེ་ཟླ་དང་པོའི་ཚེས་གཅིག་ཉིན་ནས་བཟུང་སྤེལ་འགོ་བརྩམས།
གསར་འགོད་པས་གནས་ཚུལ་རྒྱུས་ལོན་པ་ལྟར་ན། རང་རེའི་ཞིང་ཆེན་གྱི་སྤྱི་ལོ2017ལོའི་ལས་ཞུགས་རོགས་སྐྱོར་བྱེད་པའི་ཟླ་བའི་ཆེད་དོན་བྱེད་སྒོ་དེ་ཟླ་དང་པོའི་ཚེས་གཅིག་ཉིན་ནས་བཟུང་ཟླ་དང་པོའི་ཚེས་སུམ་བཅུའི་ཉིན་བར་སྤེལ་རྒྱུ་རེད། བྱེད་སྒོའི་ཁྲོད་དུ་རིགས་སོ་སོའི་ལས་ཞུགས་རོགས་སྐྱོར་བྱེད་པའི་ཁ་གཏད་ལ་ལས་གནས་དང་གསོ་སྦྱོང་། ཞབས་ཞུ། སྲིད་ཇུས་བཅས་ཀྱི་རོགས་སྐྱོར་མཁོ་འདོན་བྱས་ནས། ལས་ཞུགས་དཀའ་ཁག་ཡོད་པའི་མི་སྣ་ཁག་གཅིག་ལས་ཞུགས་ཐུབ་པ་མངོན་འགྱུར་ཡོང་བ་བྱས་ཏེ། ཁྱིམ་ཚང་གཅིག་ལ་ལས་ཞུགས་བྱེད་མཁན་གཅིག་ཀྱང་མེད་པའི་གནས་ཚུལ་མེད་པར་བཟོས།
ལས་ཞུགས་རོགས་སྐྱོར་བྱེད་པའི་ཟླ་བའི་ལས་ཞུགས་རོགས་སྐྱོར་གྱི་ཁ་གཏད་བྱེད་ཡུལ་ཁྲོད་དུ། ལོ་ན་མཐོ་བའི་ལས་ཤོར་མི་སྣ་དང་། ལས་ཞུགས་བྱེད་མཁན་གཅིག་ཀྱང་མེད་པའི་ཁྱིམ་ཚང་གི་ངལ་རྩོལ་ནུས་པ་ཡོད་པའི་མི། དབང་བོ་སྐྱོན་ཅན་གྱི་ལས་ཤོར་མི་སྣ། ཐོན་སྐྱེད་སྒྲིག་ཆས་དང་ཐོན་རྫས་གཞན་སྒྱུར་རིམ་འཕར་ཡོང་བའི་ཁྲོད་ཀྱི་ལས་ཤོར་མི་སྣ་དང་དུས་ཡུན་རིང་པོར་ཐོན་སྐྱེད་ལས་མཚམས་བཞག་པའི་ཁེ་ལས་ཀྱི་ལས་བཟོ་བ། གྲོང་གསེབ་ཀྱི་བྱང་བུ་དང་ཡིག་ཚགས་ཡོད་པའི་དབུལ་ཕོངས་ཁྱིམ་ཚང་གི་ངལ་རྩོལ་བ། མི་རིགས་ས་ཁུལ་དང་དབུལ་ཕོངས་ས་ཁུལ་གྱི་ལས་ཤོར་མི་སྣ་བཅས་འདུས།
ས་གནས་སོ་སོའི་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་པུའུ་ཡི་ལས་བྱེད་མི་སྣ་རྣམས་སྲང་ལམ་དང་འདུས་སྡེ། ལྷག་པར་དུ་བཟོ་གཏེར་ཁེ་ལས་བཅས་སུ་ཟབ་འཇུག་བྱས་ནས། ཁྱོན་ཡོངས་ནས་ས་ཁོངས་ནང་ཁུལ་གྱི་རིགས་སོ་སོའི་ལས་ཞུགས་རོགས་སྐྱོར་གྱི་ཁ་གཏད་ལ་རྒྱུས་ལོན་བྱས་ཏེ། ཡང་དག་པའི་སྒོ་ནས་རིགས་སོ་སོའི་ལས་ཞུགས་འོས་འཚམས་ཡིན་པའི་ཆ་འཕྲིན་བསྡུ་རུབ་བྱ་དགོས། དེ་དང་དུས་མཉམ་དུ་ཁ་གཏད་རོགས་སྐྱོར་བྱེད་ཡུལ་ལ་ཁྱད་ཆོས་ལྡན་པའི་ལས་ཞུགས་ཁྲིད་སྟོན་མཁོ་སྤྲོད་བྱས་ཏེ། རྩལ་ནུས་དཔྱད་སྡུར་དང་ལས་རིགས་འཆར་འགོད་བྱས་ཏེ། ལས་འཚོལ་འཆར་འགོད་གཏན་ཁེལ་བྱས་ནས། རང་འགུལ་གྱིས་གཞན་པར་ཉུང་མཐའ་ཡང་ལས་རིགས་ངོ་སྤྲོད་ཐེངས་གསུམ་ལ་བྱ་དགོས།
ལས་ཞུགས་རོགས་སྐྱོར་བྱེད་པའི་ཟླ་བའི་ཆེད་དོན་བྱེད་སྒོའི་གཙོ་གནད་ཁག་གསུམ་འབུར་དུ་ཐོན་པར་བྱ་དགོས་ཏེ། གཅིག་ནི་ལས་ཞུགས་རོགས་སྐྱོར་བྱ་ཡུལ་གྱི་ཕྱོགས་སུ་གཙོ་བོ་ལས་ཞུགས་བྱེད་མཁན་གཅིག་ཀྱང་མེད་པའི་ཁྱིམ་ཚང་གི་མི་དང་ཐོན་སྐྱེད་སྒྲིག་ཆས་དང་ཐོན་རྫས་གཞན་སྒྱུར་རིམ་འཕར་ཡོང་བར་བྱེད་པའི་ལས་བཟོ་བར་ལས་རྐང་བཀོད་སྒྲིག་བྱ་དགོས། གཉིས་ནི་ལས་རོགས་སྐྱོར་གྱི་ཁྱབ་ཁུངས་ཐད་དུ། གཙོ་བོ་ས་ཁུངས་ནང་ཁུལ་གྱི་ནུས་ཁུངས་ཅུང་དཀོན་པའི་གྲོང་ཁྱེར་དང་། རང་ཚུགས་བཟོ་གཏེར་ས་ཁུལ། དེ་མིན་ཐོན་སྐྱེད་སྒྲིག་ཆས་དང་ཐོན་རྫས་གཞན་སྒྱུར་རིམ་སྦར་ཡོང་བའི་འགན་འཁྲི་ལྗིད་པའི་ཐོན་ལས་ཀྱི་སྒྲིག་གཞི་གཅིག་རྐྱང་ས་ཁུལ་བཅས་གནད་ཆེ་ས་བྱས་ནས་དོ་སྣང་བྱ་དགོས། གསུམ་ནི་ལས་ཞུགས་རོགས་སྐྱོར་བྱེད་པའི་ཁེ་ལས་ཀྱི་ཐད་དུ། གཙོ་བོ་ཐོན་སྐྱེད་སྒྲིག་ཆས་དང་ཐོན་རྫས་གཞན་སྒྱུར་རིམ་འཕར་ཡོང་བའི་ལས་བཟོ་བའི་གཞི་རྒྱ་ཆེ་བ་དང་། ཁེ་ལས་ནང་ཁུལ་གྱི་བཀོད་སྒྲིག་དཀའ་ཁག་ཡོད་པའི་ཁེ་ལས་ལ་རོགས་སྐྱོར་བྱ་རྒྱུ་རེད།།
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10